གཅིག ཚོགས་པ་ངོ་སྤྲོད།
གཉིས། སྐབས་དང་པོའི་གྲོས་ཚོགས།
གསུམ། ཚོགས་པའི་ཐོག་མའི་བརྩམས་ཆོས།
བཞི། སྐབས་གཉིས་པའི་གྲོས་ཚོགས།
གཅིག སེང་ཆེན་གློག་བརྙན་མཐུན་ཚོགས།
1 མཐུན་ཚོགས་མིང་། སེང་ཆེན་གློག་བརྙན་མཐུན་ཚོགས།
2 མཐུན་ཚོགས་ཀྱི་མཚོན་རྟགས།
3 མཐུན་ཚོགས་བཙུགས་པའི་དུས་ཚོད། སྤྱི་ལོ2015ལོའི་སྤྱི་ཟླ3པའི་ཚེས་14ཉིན།
4 མཐུན་ཚོགས་ཀྱི་ལས་གཞི། བོད་རང་གི་གསར་དར་རིག་གནས་ཏེ། གློག་བརྙན་ལས་རིགས།
༡ འཁྲབ་གཞུང་འབྲི་རྩོམ།
༢ བརྙན་ལེན།
༣ འཁྲབ་ཁྲིད།
༤འཁྲབ་སྟོན།
༦ སྒྲ་ལེན།
༧ ངོས་སྙོམས་ཇུས་འགོད།
༨ སྒྲ་བརྙན་མཐུད་སྦྱོར།
5 ཚོགས་པའི་སྡེ་ཁག
༡ ཇུས་བཀོད་སྡེ་ཁག
༢ དྲུང་ཡིག་སྡེ་ཁག
༣ ཕྱི་འབྲེལ་སྡེ་ཁག
༤ དྲིལ་བསྒྲགས་སྡེ་ཁག
༥ བརྙན་ལེན་སྒྲིག་སྦྱོར་སྡེ་ཁག
6 ཚོགས་མི་ངོ་སྤྲོད།
༡ རྩེ་གངས་བུ་འམ་སྐར་མ་བདུད་འདུལ།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་གཙོ།
སྒྲ་བརྙན་སྒྲིག་སྦྱོར་བ་དང་བརྙན་ལེན་པ། འཁྲབ་ཁྲིད་པ། པར་རིས་ཇུས་འགོད་པ།
ཕ་ཡུལ། རྨ་ལྷོ་ཁུལ་རྩེ་ཁོག་མགོན་ཤུལ།
༢ བསོད་ནམས་སྐྱབས།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་འཁྲབ་སྟོན་པ།
ཕ་ཡུལ། རྨ་ལྷོ་ཁུལ་རྩེ་ཁོག་ཉིན་ཤུགས།
༣ བྷོ་བྷུའམ་རྣམ་རྒྱལ་ཚེ་རིང་།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དང་འཁྲབ་གཞུང་ཞུ་དག་མཁན། བརྙན་ཡིག་ཞུ་དག་པ།
ཕ་ཡུལ། རྨ་ལྷོ་ཁུལ་རྩེ་ཁོག་སྟོབས་ལྡན།
༤ ཚེ་རིང་དཔལ་ལྷ་མོ།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་བོད་རྒྱ་ཡིག་བསྒྱུར་བའམ་ལོ་ཙཱ་བ་དང་དྲུང་ཡིག
ཕ་ཡུལ། རྨ་ལྷོ་སོག་རྫོང་།
༥ གུ་རུ་རྡོ་རྗེ།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དང་པར་རིས་ཇུས་འགོད་པ།
ཕ་ཡུལ། གསེར་ཆེན་རྫོང་ཅང་ཤེས་ཞང་གཡོན་རུ་སྡེ་བ།
༦གཡང་སྐྱབས་རྒྱལ།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དང་དོ་དམ་པ།
ཕ་ཡུལ། རྨ་ལྷོ་ཁུལ་རྩེ་ཁོག་སྟོབས་ལྡན།
༧ ལྷ་སྐྱིད་མཚོ།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དང་འཕྲིན་གཏོང་བ།
རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྟོབས་ལྡན་ཡུལ་ཚོ་དམེ་ཤུལ་ཡག་གཟའ།
༨ ལྷ་མཚོ།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དང་དབྱིན་བོད་ཡིག་བསྒྱུར་བ།
རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྟོབས་ལྡན་ཡུལ་ཚོ་དམེ་ཤུལ་ཡག་གཟའ།
༡༡ འཇམ་དབྱངས་བསྟན་འཛིན།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དང་འཁྲབ་སར་འབྲི་འགོད་པ།
ཕ་ཡུལ། རྨ་ལྷོ་ཁུལ་རྩེ་ཁོག་ཆ ་ཀོར།
7 མིག་སྔའི་ཚོགས་པའི་ལས་གཞི།
༡ སྤྱི་ལོ་2015ལོའི་སྤྱི་ཟླ་བཞི་བའི་ནང་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནས་༼ཚེ་རིང་།བདེ་མོ་བྱོས།༽ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱས་ལ། དེ་ནི་མཐུན་ཚོགས་འདི་ལ་མཚོན་ནས་བཤད་ན་ཆེས་ཐོག་མའི་བརྩམས་ཆོས་སུ་གྱུར་ཡོད།
༢ངེད་སེང་ཆེན་གློག་བརྙན་མཐུན་ཚོགས་སློབ་རའི་འགྱུར་ཁུགས་སྐབས༼༡༧༡༣༽དང་སྐབས༼༡༧༢༤༽གཉིས་ཀྱི་ལེ་ཚན་ཐད་གཏོང་ཁང་གི་ཡུལ་དངོས་ལ་སོང་ནས་ཚོགས་པ་ངོ་སྤྲོད་དང་ཚོགས་པའི་བྱ་བ་ཡོད་ཚད།རང་གི་རང་གི་དགའ་ཕྱོགས་ཀྱིས་བསྐྱེད་པའི་སྤྲོ་སྣང་གི་ངོས་ནས་ཁ་བརྡ་བྱས་ཡོད་པ་མ་ཟད།སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱིས་ཕབ་བསྐྲུན་བྱས་པའི་༼ཚེ་རིང་།བདེ་མོ་བྱོས།༽ཞེས་པའི་གློག་བརྙན་གྱི་བརྗོད་དོན་དང་དེའི་ཁྲོད་ཀྱི་འཁྲབ་སྟོན་མི་སྣ་ཚོར་ཁ་བརྡ་བྱས་ཡོད་ལ།དེ་ལས་ང་ཚོར་དགའ་ཕྱོགས་ངེས་ཅན་ཞིག་ཡོད་ཚེ་དཀའ་ཁག་དང་བར་ཆད་ཅི་འདྲ་ཞིག་ལ་འཕྲད་ཀྱང་ཐོལ་བརྒལ་བྱེད་པའི་སྙིང་སྟོབས་ཡོད་པ་ཤེས་ཐུབ།
གཤམ་གྱི་དྲ་ཐག་གཉིས་ལ་ནོན་ཏེ་གསན་རོགས།
༡ http://www.qhtb.cn/radio/qchfjx/2015/05-19/21156.html
༢ http://www.qhtb.cn/radio/qchfjx/2015/05-19/21157.html
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་སྐབས་དང་པོའི་གྲོས་ཚོགས།
སྤྱི་ལོ་2015ལོའི་སྤྱི་ཟླ་11ཚེས་14ཉིན་སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་སྐབས་དང་པོའི་གྲོས་ཚོགས་མདོ་སྨད་ཙོང་ཁའི་ཡུལ་ནས་གཟབ་རྒྱས་ངང་ཚོགས་ལ་རྒྱལ་ཁའི་ངང་མཇུག་བསྡུས།
ཚོགས་འདུ་གོ་རིམ་གསུམ་དུ་དབྱེ་ནས་ཚོགས་ལ།
གོ་རིམ་དང་པོ་སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི་དག་དང་སྐུ་མགྲོན་ལྷན་རྒྱས།དེ་མིན་རིག་རྩལ་འཁྲབ་སྟོན་པ་བཅས་ཀྱིས་མཉམ་དུ་ཚོགས་ར་ནས་གྲོས་ཚོགས་ཀྱི་གླེང་གཞི་བརྗོད་པ་ཞེས་པ་མདོ་འཛིན་པ་སྟག་འབྲུག་རྒྱལ་དང་རིན་ཆེན་འཚོ་གཉིས་ཀྱི་མདོ་འཛིན་བྱས་པ་བརྒྱུད་དངོས་སུ་མགོ་བརྩམས།
ཐོག་མར་ཚོགས་གཙོ་རྩེ་གངས་འམ་སྐར་མ་བདུད་འདུལ་གྱིས་ཚོགས་པ་ངོ་སྤྲོད་མདོར་བསྡུས་ཙམ་བྱས་པ་བརྒྱུད་གློག་བརྙན་ལས་རིགས་ལ་འཇུག་མཁན་ཞིག་ཡིན་ཕྱིན་དེའི་ཕྱོགས་ཀྱི་ཤེས་བྱ་སློབ་དགོས་ཚུལ་གྱི་ཐད་ནས་གཏམ་བཤད་གནང་།
གདན་ཞུའི་སྐུ་མགྲོན་བོད་ཀྱི་མི་རབས་གསར་བའི་གློག་བརྙན་སྐད་སྦྱོར་བ་དང་སྙན་ངག་གྱེར་འདོན་པ། གཞས་ཚིག་རྩོམ་པ་པོ་དང་མཚམས་སྦྱོར་སྒྲོག་འདོན་པ་གངས་བུ་དུང་སྐྱེས་ལགས་ཀྱིས་གཏམ་བཤད་གནང་།
གདན་ཞུའི་སྐུ་མགྲོན་བོད་ཀྱི་ན་གཞོན་གློག་བརྙན་སྐད་སྦྱོར་བ་དང་འཁྲབ་ཁྲིད་པ་བརྙན་ལེན་པ་དང་པར་རིས་ཇུས་འགོད་པ་འབྲོང་སྐྱེས་ཀུན་འགྲུབ་ལགས་ཀྱིས་གཏམ་བཤད་གནང་།
གདན་ཞུའི་སྐུ་མགྲོན་བོད་ཀྱི་བརྙན་ལེན་པ་པར་ལེན་པ་སྒྲིག་བཟོ་བ་སྐུ་ཞབས་ཉི་འབུམ་ཡག་༼གཡོན༽གིས་གཏམ་བཤད་གནང་།
གདན་ཞུའི་སྐུ་མགྲོན་ཨ་གློག་བརྙན་རིག་གནས་ཀྱི་སྤྱི་གཉེར་བ་བོད་ཀྱི་བརྙན་ལེན་པ་དང་སྒྲིག་བཟོ་བ། འཁྲབ་ཁྲིད་པ། སྐུ་ཞབས་དཔའ་མགོན་རྒྱལ་༼གཡོན༽གྱིས་གཏམ་བཤད་གནང་།
གདན་ཞུའི་སྐུ་མགྲོན་རི་དཀར་པོ་གློག་བརྙན་ཀུང་ཟིའི་སྤྱི་གཉེར་བ་དང་བརྙན་ལེན་པ། སྐད་བསྒྱུར་བ། ཟུར་ཚང་དབང་གྲགས་ལགས་ཀྱིས་གཏམ་བཤད་གནང་།
མཐོ་སྒང་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་གི་སྤྱི་གཉེར་བ། བོད་ཀྱི་ན་གཞོན་གློག་བརྙན་སྐད་སྦྱོར་བ་དང་སྙན་ངག་གྱེར་འདོན་པ། གཞས་ཚིག་རྩོམ་པ་པོ་འཇང་སྨྱུག་ལོ་ལགས་ཀྱིསཤེས་ཚིག་ཕུལ།
སྒྱུ་རྩལ་རིག་པའི་སྐྱེད་ཚལ་ཡངས་པོ་ལ།།
མཛེས་སྡུག་ཉམས་བརྒྱའི་རོལ་བ་སྣ་ཚོགས་དག།
གློག་གི་འཕྲུལ་ལ་བརྒྱུས་པའི་ཟློས་གར་གྱིས།།
མི་སེམས་བསྒུལ་བའི་ཚུལ་འདི་ཡི་གར་འོང་།།
ཞེས་རིག་གནས་སྒྱུ་རྩལ་གྱི་ལས་ལ་རྣམ་དཔྱོད་ཡངས་བའི་སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱིས་མ་བསྐུལ་དེང་བླངས་སྒོས་བོད་མི་རིགས་ཀྱི་རིག་གནས་སྐྱེད་ཚལ་ཀྱི་འཁོར་ཡུག་ལ་བསུང་ཞིམ་འཐུལ་བའི་མེ་ཏོག་རྐང་གཅིག་གི་ལེགས་སྐྱེས་ཕུལ་བར་ལྷག་བསམ་ཟོལ་མེད་ཀྱིས་གུས་བཀུར་དང་རྗེས་སུ་ཡི་རངས་གྲངས་མེད་ཞུ་ཞུ།།
རིག་གནས་སྒྱུ་རྩལ་གྱི་ལས་རིགས་ལ་དུང་བ་ཟབ་ཀྱང་མི་ཚེ་འདི་ལ་གཞོལ་ཁུལ་དུ་མཆིས་པའི་བདག་ལྟ་བུ་ལ་མཚོན་ན་གོ་སྐབས་འདི་ནི་རྨ་བྱའི་རྣ་ལ་འབྲུག་སྒྲ་ལྟ་བུ་ཡིན་མོད། ལས་ཀྱི་བྲེལ་བ་སྣ་ཚོགས་ཀྱི་དབང་གིས་ཚོགས་འདུ་འདིར་ཉམས་ཞུགས་བྱེད་མ་ཐུབ་པ་ལ་རང་སེམས་ནོངས་འགྱོད་དང་བཅས་ཏེ་ཁྱེད་རྣམས་ལ་དགོངས་དག་ཀྱང་ཞུའོ།། འཇང་སྨྱུག་ལོས།
ཚོགས་གཙོ་རྩེ་གངས་བུའམ་སྐར་བདུད་འདུད་ཀྱིས་ཐེངས་རྗེས་མའི་གློག་བརྙན་ལ་འཆར་གཞི་དང་བཀོད་སྒྲིག་གི་ཐད་གཏམ་བཤད་གནང་།
སེང་ཆེན་གློག་བརྙན་འཐུན་ཚོགས་ཀྱི་སྐབས་དང་པོའི་གྲོས་ཚོགས་ཀྱི་གོ་རིམ་གཉིས་པ་སྟེ་༼སེང་ཆེན་དགྱེས་པའི་གླུ་སྒྲ༽ཅེས་པའི་རིག་རྩལ་འཁྲབ་སྟོན་གྱི་ཚན་པ་དེ་རིག་རྩལ་སྟོན་ཁང་དུ་དངོས་སུ་མགོ་བརྩམས།
འཁྲབ་སྟོན་པ་དག་གིས་གླུ་དང་རྡུང་ལེན་ཁ་ཤགས་དང་ཞབས་བྲོ་སོགས་གང་མང་ཞིག་འཁྲབ་སྟོན་བྱས།
གོ་རིམ་གསུམ་པ། སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་ནང་ཁུལ་གྱི་བྱ་བའི་གྲོས་གཞི་འདོན་པ།
ཚོགས་འདུ་ལས་གོ་རིམ་གསུམ་པ་རང་ཚོགས་པའི་ཚོགས་མི་རྐྱང་རྐྱང་ཕྱོགས་གཅིག་ལ་འདུས་ནས་ཚོགས་པའི་ནང་ཁུལ་ཀྱི་བྱ་བའི་གྲོས་གཞི་འགའ་བགྲོ་གླེང་བྱས།
༡ མིག་སྔར་ཚོགས་པར་གནས་བའི་གནད་དོན་དག་ཚོགས་མི་རེ་རེས་ཁ་སེམས་གཉིས་མེད་ཀྱིས་གསལ་བོར་གླེང་བ།
༢ ཚོགས་པར་སྒྲིག་ལམ་དམ་པོ་བཟོ་བ་དང་དེ་བརྩི་སྲུང་བྱ་དགོས་པའི་ཐད་ནས་གླེང་བ།
༣ ཚོགས་པའི་མི་རེ་རེའི་འོས་འགན་དང་ཚོགས་པའི་ཚན་ཁག་གཏན་འཁེལ་བྱེད་པ།མི་རེའི་འོས་འགན་དང་བླངས་དང་འགན་འཁུར་དགོས་བའི་ཐད་གླེང་བ།
༤ ཚོགས་མི་སོ་སོའི་གློག་བརྙན་ཐད་ཀྱི་ཤེས་བྱ་སློབ་རྒྱུ་དང་མི་རེ་ལ་འཆར་གཞི་གཏན་ཁེལ།
༥ ཚོགསཔའི་མ་འོངས་བའི་སྤྱིའི་ལམ་ཕྱོགས་ལ་རྒྱང་བལྟ་དང་མདུན་སྐྱོད་ཀྱི་སྤོབས་པ་མི་རེ་རེ་ཚང་མར་དགོས་པ་དང་གང་ལྟར་མདུན་སྐྱོད་བྱེད་པའི་ཐད་གླེང་བ།
ཉིན་དེའི་དགོང་མོའི་དུས་ཚོད་གཉིས་ཡས་མས་སུ་སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་སྐབས་དང་པོའི་གྲོས་ཚོགས་ཡོངས་སུ་རྒྱལ་ཁ་དང་དོན་སྙིང་ལྡན་པའི་ངང་མཇུག་བསྡུས།
གསུམ། སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་ཐོག་མའི་གློག་བརྙན་བརྩམས་ཆོས་༼ཚེ་རིང་། བདེ་མོ་བྱོས།༽
བཞི། སེང་ཆེན་ཚང་གི་སྐབས་གཉིས་པའི་གྲོས་ཚོགས།ཚོགས་མི་བསྡུ་བའི་བརྡ་སྦྱོར།
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་གྲོས་ཚོགས་སྤྱི་ལོ་2016ལོའི་ཟླ་4བའི་ཚེས24ཉིན་ཟི་ལིང་ནས་བསྡུས།
ཐེངས་གཉིས་པའི་གྲོས་ཚོགས་ཀྱི་ཚོགས་འདུའི་ནང་དོན་འགའ་ལས་དོན་ཚན་བཞི་བ་སྟེ་ཚོགས་པར་ཚོགས་མི་བསྡུ་བའི་ཐད་ནས་གྲོས་གཞི་བཏོན།
ཁྱོན་ཚོགས་མི་མི་ལྔ་བསྡུ་རྒྱུ་ཡིན་ལ། དེ་དག་སོ་སོ་གཤམ་གསལ་ལྟར།
བརྙན་ལེན་པ་དང་སྒྲིག་སྦྱོར་བ་གཅིག
ཆ་རྐྱེན།
བརྙན་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ།
སྒྲིག་སྦྱོར་གྱི་ལག་རྩལ་མཆིས་པ།
ཚོགས་པའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ།
ས་གནས་རྨ་ལྷོ་ནས་ཡིན་པ།
འཁྲབ་གཞུང་རྩོམ་པ་པོ་གཅིག
ཆ་རྐྱེན།
རྩོམ་འབྲིའི་ནུས་པ་ཕུན་སུམ་ཚོགས་པ།
ཚོགས་པའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ།
ས་གནས་རྨ་ལྷོ་ནས་ཡིན་པ།
འཁྲབ་སྟོན་པ་བུད་མེད་གཉིས།
ཆ་རྐྱེན།
སྨྲ་བརྗོད་དག་ཅིང་བཞིན་རས་མཛེས་པ།
གློག་བརྙན་ལས་རིགས་ལ་སྤྲོ་བ་ཡོད་པ།
ཚོགས་པའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ།
ས་གནས་རྨ་ལྷོ་ནས་ཡིན་པ།
སྐྱེས་པ་འཁྲབ་སྟོན་པ་གཅིག
ཆ་རྐྱེན།
སྨྲ་བརྗོད་དག་ཅིང་བཞིན་རས་མཛེས་པ།
གློག་བརྙན་ལས་རིགས་ལ་སྤྲོ་བ་ཡོད་པ།
ཚོགས་པའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ།
ས་གནས་རྨ་ལྷོ་ནས་ཡིན་པ།
འབྲེལ་གཏུག་བྱེད་ཡུལ། ཚོགས་གཙོ་སྐར་མ་བདུད་འདུལ།
ཁ་པར། 15597568811
ཚོགས་གཙོ་གཞོན་པ་བསོད་ནམས་སྐྱབས།
ཁ་པར། 15509786053
སེང་ཆེན་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐར་མ་བདུད་འདུལ་གྱིས་ཚོགས་འདུའི་འགོ་རྩོམ་པ།
ཚོགས་མི་དག་གིས་རང་རང་གི་བསམ་ཚུལ་བརྗོད་པ།
ཐེངས་གཉིས་པའི་གྲོས་ཚོགས་ཀྱི་ཡུལ་དངོས།
མཐུན་ཚོགས་ཀྱི་མ་འོངས་པའི་ཁ་ཕྱོགས།
སེང་ཆེན་གློག་བརྙན་མཐུན་ཚོགས་ནི་ཆེད་དུ་གློག་བརྙན་ལས་རིགས་ལ་ཁ་ཕྱོགས་པའི་མཐུན་ཚོགས་ཞིག་ཡིན་ལ། མ་འོངས་པ་ན་ཡང་བོད་རང་གི་གློག་བརྙན་རིག་གནས་སྟེང་ལ་རང་གི་ནུས་ཚོད་ཀྱིས་སྲི་ཞུ་རེ་བྱེད་རྒྱུ་དང་རང་ནུས་ཀྱིས་གོང་ནས་གོང་དུ་སྤེལ་རྒྱུ།
དཔྱད་མཆན་ཡོད།