པདྨ་ཚེ་བརྟན་ལགས་ཀྱི་དབྱིན་འགྱུར་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཅེས་པ་ཨ་རི་ནས་འགྲེམ་སྤེལ་བྱས།

  བོད་ཀྱི་གྲགས་ཅན་སྒྲུང་གཏམ་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་དབྱིན་འགྱུར་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཅེས་པ་ཨ་རི་ནས་འགྲེམ་སྤེལ་བྱས། སྒྲུང་གཏམ་བསྡུས་དེབ་འདིའི་ནང་དུ་བོད་ཀྱི་ཀློག་པ་པོ་རྣམས་ལ་བག་ཆགས་ཧ་ཅང་ཟབ་བའི་སྒྲུང་ཐུང་ཏེ། སྤྱི་ལོ་༢༠༡༥ལོར་གློག་བརྙན་འཁྲབ་གཞུང་དུ་བཅོས་བསྒྱུར་བྱས་པའི«ཐར་ལོ»ཡང་བཀོད་འདུག

  གཏམ་བརྒྱུད་འདི་དག་ནི་རྩོམ་པ་པོས་དང་ཐོག་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་པ་ཞིག་ཡིན་ལ། དེ་ལ་རྩོམ་ལུས་དང་གཏམ་རྒྱུད་ཀྱི་ཁུངས་རྩ་མི་འདྲ་བ། བོད་ཀྱི་སྲོལ་རྒྱུན་ངག་ཐོག་གཏམ་རྒྱུད་ནས་དངོས་ཡོད་རྒྱུ་འཕྲུལ་རིང་ལུགས། ཚད་བརྒལ་གྱི་དངོས་ཡོད་རིང་ལུགས་དང་ཁུངས་མེད་རིང་ལུགས་སོགས་སྣ་ཚོགས་ཚོགས་སུ་སྣང་། གཏམ་རྒྱུད་ཀྱི་མི་སྣ་དག་ཁྱད་མཚར་དང་ལྷ་སྒྲུང་རང་བཞིན་གྱི་བོད་ཀྱི་ཕྱིའི་རྣམ་པ་ལས་རྣམ་པར་གྲོལ་ནས། འཛམ་གླིང་གི་དུས་རབས་རང་བཞིན་གྱི་བོད་མིས་གདོང་འཕྲད་ཀྱིན་པའི་དངོས་ཡོད་ཀྱི་འགྲན་སློང་དང་དངོས་ཟིན་གྱི་མི་གཤིས་མངོན་པར་སྣང་།

  ལོ་ཙཱ་བ་གཉིས་ཀྱི་མཚམས་སྦྱོར་བསྡུས་བྲིས།

  ཕ་ཐི་ལེ་ཞ་སི་ཆི་ཡཱ་ཧྥེ་ནི་བེ་ད་ནེ་ལགས་ནི་ཧྲིན་མ་ཁི་སི་རུ་ཡོད་པའི་ཏི་ཁི་ཟ་སི་ཁུལ་གཞུང་སློབ་ཆེན་གྱི་རྒྱ་ཡིག་གི་འཆད་ཁྲིད་དགེ་རྒན་དང་། «དེང་རབས་བོད་ཀྱི་རྩོམ་རིག་དང་སྤྱི་ཚོགས་འཕོ་འགྱུར»གྱི་མཉམ་འབྲེལ་རྩོམ་སྒྲིག་པ་ཡིན་འདུག

  མེ་ཁོ་མོང་ཧ་ཁྲི་ལགས་ནི་ཉིག་ཡོག་གྲོང་ཁྱེར་གྱི་རང་དབང་ལོ་ཙཱ་བ་དང་སེམས་ཁམས་དབྱེ་ཞིབ་པ་ཡིན་འདུག

  ཉེ་ལམ་སྒྲུང་གཏམ་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཁོའི་རེབ་འདིའི་དབྱིན་འགྱུར་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཀྱི་ལོ་ཙཱ་བ་མེ་ཁོ་མོང་ཧ་ཁྲི་ལགས་དང་མཉམ་དུ་ཨ་རི་ནས་རྣམ་པ་གསར་བའི་རྩོམ་རིག་བགྲོ་གླེང་བྱས།
     ཐེངས་འདིའི་བྱ་འགུལ་བརྒྱུད་ནས་རྒྱལ་ཁོངས་མི་གཅིག་པའི་ཀློག་པ་པོ་རྣམས་ལ།སྒྲུང་གཏམ་རང་ངོས་ཀྱི་འགུག་ཤུགས་ཀྱིས་ཡིད་འགུལ་ཐེབས་སུ་བཅུག་སྟེ། སོ་སོའི་ལྟ་ཚུལ་དང་། དཔེ་ཀློག་མྱོང་ཚོར་སོགས་ཕན་ཚུན་ལ་སྦ་གསང་མེད་པར་མཉམ་རོལ་བྱས།

  པདྨ་ཚེ་བརྟན་གྱི་དབྱིན་འགྱུར་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཅེས་པ་ཨ་རི་ནས་འགྲེམ་སྤེལ་བྱས་པའི་ཚུན་ལ།ཆེད་མཁས་པ་དང་ཀློག་པ་པོ་མི་ཉུང་བ་ཞིག་གིས་ཤུགས་ཆེན་པོས་འོས་སྦྱོར་བྱས་པ་གཤམ་གསལ་ལྟར་རོ།།
  
 འདི་ནི་དབྱིན་ཡིག་གི་འཇིག་རྟེན་དུ་པར་སྐྲུན་བྱས་པའི་འགྱུར་དེབ་རྩ་ཆེན་པོ་ཞིག་ཡིན་འདུག ཡིད་འགུལ་བའི་གཏམ་རྒྱུད་འདི་དག་ལས་སྐད་ཆ་མ་ཤོད་པའི་སྐབས་ནི་སྐད་ཆ་བརྗོད་པ་ལས་ཀྱང་སྟོབས་ཤུགས་ཀྱིས་ཕྱུག་འདུག ངས་ཀློག་པ་པོ་དག་ལ«བསླུ་བྲིད»འོས་སྦྱོར་བྱས་པ་ཡིན།«མཐོང་ཚོར་དང་ངོས་འཛིན་གཅིག་མཐུན། ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་རྒྱའི་སྐད་ཁོངས»
                                                                                           ——རྩོམ་པ་པོ་ཧྲི་ཧྲོ་མེ་ནས།

  པདྨ་ཚེ་བརྟན་གྱི་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཁྲོད་ཀྱི་གཏམ་རྒྱུད་ལས་དཔལ་འབྱོར་འཕོ་འགྱུར་དང་སྤྱི་ཚོགས་འཕེལ་འགྱུར་གྱི་ཛ་དྲག་ཁྲོད་དུ་འཐུམས་པའི་བོད་མི་རྣམས་ལ་དཔེར་མཚོན་རང་བཞིན་གྱིས་རྟོག་ཞིབ་བྱས་འདུགདེ་མིན་བདེ་ལྷོད་དང་མི་ཆོས་རིང་ལུགས་ཀྱི་རྣམ་འགྱུར་ཞིག་ཀྱང་མངོན་འདུག
                                                                                           ——བོད་ཀྱི་གྲགས་ཅན་ལོ་རྒྱུས་ཆེད་མཁས་པ་ཚེ་རིང་ཤཱཀྱ་ལགས་ནས།
    
པདྨ་ཚེ་བརྟན་ལགས་ཀྱི་རྩོམ་རིག་གི་པར་མིག་ཁྲོད་དུ། རྩྭ་ཐང་དང་། ཁ་བས་བཀླུབ་པའི་ཡངས་པའི་ས་ཆེན། མཐོ་སྒང་གི་རྫོང་མཁར། ཁྱད་མཚར་དང་གྲང་མདོག་གི་བློ་ཡུལ་། དེ་དག་རེ་རེ་བཞིན་ཕྱེད་གསལ་བར་དུ་སྣང་།
                                                                                             —— ཀི་ལོན་བྷེ་ཡ་སློབ་ཆེན་གྱི་ལཱོ་རན་ཧ་ཁྲི་ལེ་ནས།

ནམ་ཡང་བརྗེད་དཀའ་བ་དང་གལ་འགངས་ཆེ་བའི་གཏམ་རྒྱུད་འདི་དག་གི་ཁྲོད། མིག་ལ་བརྩེད་པའི་ཉི་འོད། དྲག་ཆར་རླུང་འཚུབ། རི་སྐྱེས་སྲོག་ཆགས། དེ་མིན་འཆི་བ་སོགས་ནི་ད་ལྟ་ཉིད་དུ་མཐོང་ཡུལ་དུ་ཤར་འོང་བ་ཞིག་རེད།
                                                                                             ——པཱ་ཏིག་སློབ་གླིང་གི་ཏོ་མེས་ནེ་ཁི་ཐང་སིན་ཏིག་ནས།

  སྒྲུང་གཏམ་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་ཀྱིས་ཨ་རི་ནས་ཁོའི་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཀྱི་ལོ་ཙཱ་བ་མེ་ཁོ་མོང་ཁྲི་དང་ལྷན་དུ་རེབ་འདིའི་རིག་གནས་བརྗེ་རེས་ཀྱི་བྱ་འགུལ་ལ་ཞུགས།དེ་ནི་རི་ཆུ་སྟོང་ཕྲག་བརྒལ་བའི་མཇལ་འཛོམས་ཤིག་ཡིན་ལ། དེ་ཡང་ནང་བསམ་བློའི་ཐུག་འཕྲད་ཐེངས་ཤིག་ཀྱང་ཡིན་འདུག
    ལོ་ཙཱ་བ་ཕ་ཐི་ལེ་ཞ་སི་ཆི་ཡ་ཧྥེ་ནི་བེ་ཏཱ་ནེ་དང་མཱེ་ཁོ་མོང་ཧ་ཁྲི་གཉིས་ནས་སྒྲུང་གཏམ་རྩོམ་པ་པོ་དང་ཁོའི་བརྩམས་ཆོས་ཀྱི་སྐོར་ནས་ཁ་བརྡ་བྱས་པ་བརྒྱུད། སོ་སོའི་ཡིད་འགྱུར་དང་མཛེས་དཔྱོད་ལྟ་བ། བསམ་པའི་བཀོད་ཤུགས་བཅས་ཀྱི་ངོས་ནས་དཔྱད་ན་ཕུན་སུམ་ཚོགས་པར་སྣང་བའི་པདྨ་ཚེ་བརྟན་གྱི་དབྱིན་ཡིག་གི་སྒྲུང་གཏམ་དེབ་ཅིག་གསར་འདོན་བྱས། རྩོམ་པ་པོ་ཁོང་གི་བརྩམས་ཆོས་ཀྱི་ཚིག་ཉམས་མ་ཤོར་བའི་ཐོག་ནས། ཁ་མཚར་དང་འདང་རྒྱག་གི་རིན་ཐང་ལྡན་པ། ཀློག་པ་པོས་དང་ལེན་བྱེད་སླ་བའི་སྒྲུང་གཏམ་བསྡུས་དེབ«བསླུ་བྲིད»ཅེས་པ་དབྱིན་ཡིག་གི་འཇིག་རྟེན་དུ་བལྟམས་པ་ལ་ཡུལ་དེའི་ཀློག་པ་པོས་དགའ་བསུ་ཆེན་པོ་བྱས།
     དེ་ལྟར། པདྨ་ཚེ་བརྟན་ལགས་ལོ་ཙཱ་བ་དང་མཉམ་གཅིག་ཏུ་ཐེངས་འདིའི་བྱ་འགུལ་ལ་ཞུགས་ནས་ཡུལ་དངོས་ཀྱི་ཀློག་པ་པོ་དང་རང་མོས་ཀྱིས་བསམ་ཚུལ་བརྗེ་རེས་བྱས། ལྐོག་གྱུར་དང་ས་ཁོངས་བརྒལ་བའི་རིག་གནས་ཀྱི་འཚོལ་ཞིབ་ལ་དོན་སྒྱུ་རྩལ་མཚོན་ཐབས་ཀྱི་རིན་ཐང་ཡོད་པ་ཞིག་རེད་ཨང་།
    ལོ་འདི་དག་ལ། «བསླུ་བྲིད»ཀྱི་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་ནི་གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་རྩོམ་པ་པོའི་ཐོབ་ཐང་ངོས་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཏུ་ཞུགས་ཏེ། ལས་ཀའི་ཁྱབ་ཁོངས་གཅིག་པའི་ཆེད་མཁས་པ་དང་མཉམ་དུ་ཉམས་མྱོང་བརྗེ་རེས་བྱས་པ་རེད། ཡིན་ཡང་། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས། ཐེངས་འདིར་ཨ་རིའི་ཉིག་ཡོག་གྲོང་ཁྱེར་ནས་བསྡུས་པའི་ཁོའི་སྒྲུང་གཏམ་མཉམ་སྤྱོད་ཀྱི་འདུ་འཛོམས་སུ་ཞུགས་པ་ནི། ཕྱིའི་བརྙན་ཞེན་རྣམས་ཀྱིས་ལས་ཀའི་ཁྱབ་ཁོངས་མི་འདྲའི་སྒོ་ནས་ཡང་བསྐྱར་པདྨ་ཚེ་བརྟན་ལགས་ངོ་ཤེས་སུ་བཅུག་པའམ། ཡང་ན། རྩོམ་རིག་དང་གློག་བརྙན་གྱི་བྱང་ཚད་ལས་མངོན་པའི་པདྨ་ཚེ་བརྟན་གྱི་སྣང་བརྙན་གསར་བ་ཞིག་ཡང་བསྐྱར་ཁོ་ཚོའི་དྲན་པའི་ངོས་སུ་བཞག་པ་ཞིག་རེད་འདུག

དཔྱད་མཆན་ཡོད།