པྲ་དྲ་ནས་མཐར་ཕྱིན་སློབ་མ་ཚོར་ཕུལ་བའི་ལེགས་སྐྱེས།

     


           དབྱར་ཟླ་དྲུག་པའི་ཚ་རླབས་དང་འགྲོགས་ནས། མཐར་ཕྱིན་སློབ་མ་དག་རང་རང་མོས་པའི་སློབ་གླིང་ནས་ཚ་ཚ་འུར་འུར་གྱིས་མཐར་ཕྱིན་བཞིན་པའི་བར་སྐབས་འདིར། ངེད་པྲ་དྲ་སྤྱི་ཁྱབ་ཁང་ནས། བགྲང་བྱ་དུ་མའི་སློབ་གཉེར་གྱི་འཚོ་བར་ཁ་གྱེས་བཞིན་པའི་སློབ་གྲོགས་ཡོངས་ལ༼ མཐར་ཕྱིན་སློབ་མ ༽ཞེས་པའི་ཨ་རིའི་གློག་བརྙན་ཞིག་ངོ་སྤྲོད་བྱས་ཡོད་པས། སྤྱི་ཚོགས་ཀྱི་ནག་ཕྱོགས་གོ་དང་མ་གོ་གང་རུང་ཡིན་ན་ཡང་། གློག་བརྙན་འདི་ལྟ་བུའི་རྒྱགས་ཕྱེ་ཐོགས་ཡོད་ཚེ། བྱ་བ་གང་ལ་ཐུག་ཀྱང་གདེང་ཞིག་ཡོད་པས། ཀུན་སློང་འདི་ཙམ་གྱིས་ཀྱང་ཁྱེད་ཅག་གི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གཏིང་ནས་ཞུའོ།། 

 

p1076330509.jpgགློག་བརྙན་གྱི་མིང་།  The Graduate  毕业生

ས་གནས། ཨ་རི། 

འཁྲབ་ཁྲིད་པ།  Mike Nichols

སྒྲིག་བཟོ་བ།  Buck Henry

གཙོ་འཁྲབ་པ།  Dustin Hoffman  

          Anne Bancroft    Katharine Ross

རིགས།  དོན་དག བརྩེ་དུང་།

དུས་ཡུན། སྐར་མ། ༡༠༥

ཤར་གཏོང་བྱེད་དུས། ༡༩༦༧ལོའི་ཟླ༡༢ཚེས་༢༡ཉིན།ཨ་རི།

རིམ་པ།  USA:PG

སྐད་ཡིག ཨིན་ཇི།

གློག་བརྙན་འདི་ལ་བལྟ་འདོད་ན་འདིར་མནོན།

http://www.momody.com/play/212003.html?vod-play-id-212003-sid-0-pid-0.html 

【གློག་བརྙན་གྱི་ནང་དོན་མདོར་བསྡུས།】

        གློག་བརྙན་འདི་ནི་ཧོ་ལེ་ཝུའུ་ཡི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་མའེ་ཁུ· ནེ་ཁཱར་ལགས་ཀྱིས་འཁྲབ་ཁྲིད་བྱས་པ་ཞིག་ཡིན་ལ། ནང་དོན་ནི་མཐར་ཕྱིན་སློབ་མ་པིན་གྱི་བརྩེ་དུང་གི་གཏམ་རྒྱུད་བརྗོད་པ་བརྒྱུད། གཞོན་སྐྱེས་དག་འཚར་ལོངས་བྱུང་བ་དང་། ཁོང་ཚོ་དང་དར་མའི་སྤྱི་ཚོགས་ཀྱི་འགལ་ཟླའི་རྣམ་པ་ཞིག་མཚོན་པར་བྱས་ཡོད། གློག་བརྙན་འདིའི་མཚོན་སྟངས་ཀྱི་རྣམ་པ་ཁྱད་དུ་འཕགས་པས། ཧོ་ལེ་ཝུའུ་ཡི” གློག་བརྙན་གསར་བའི” ནང་གཞན་དྲིང་མི་འཇོག་པའི་གོ་གནས་ཟིན་ཡོད།      

       པིན་གྱི་ཕ་མ་གཉིས་ནས་པིན་སློབ་མཐར་ཕྱིན་པར་རང་ཁྱིམ་ནས་དགའ་སྟོན་གྱི་དགོང་ཚོགས་ཤིག་ཚོགས་པར་གྲ་སྒྲིག་གི་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་མཐར་ཕྱིན་སློབ་མ་པིན་ནི་རང་གི་མ་འོངས་འཚོ་བར་གདེངས་ཚོད་མེད་ཁར་ཡིད་མུག་དང་སེམས་ཁུར་གྱིས་ནོན་ནས་ཡོད། དགའ་སྟོན་དུ་ཕེབས་པའི་མགྲོན་པོ་དག་གི་ནང་ནས། ལྕམ་ལུའུ་པིན་སུན་གྱི་སྣང་བ་ཆེས་འགྲོ་སའི་མི་དེ་ནི་པིན་ཆགས་ཤིང་། མོས་པིན་གྱི་བརྩེ་དུང་བསླངས་ནས། གཞོན་སྐྱེས་མཐར་ཕྱིན་སློབ་མ་འདི་རང་ལ་ཐོབ་ཐབས་བྱས་ཀྱང་། པིན་གྱིས་དོགས་འཚེར་ཆེན་པོས་མོ་རང་དང་ལེན་མ་བྱས་པ་རེད། འོན་ཀྱང་། སློབ་མཐར་ཕྱིན་མ་ཐག་པའི་པིན་གྱི་འཚོ་བ་ནི་ཇི་འདྲའི་སྤྲོ་སྣང་མེད་པ་དང་ཇི་བྱ་གཏོལ་བྲལ་ཞིག་རེད་ཨང་། དུས་ཡུན་རིང་བོ་ཞིག་མ་འགོར་བར། པིན་གྱིས་ལྕམ་ལུའུ་པིན་སུན་དང་དུས་ཆད་བཏབས་ཤིང་མོ་དང་ལྐོག་ནས་འབྲེལ་བ་བྱས། རྗེས་སུ་པིན་རིམ་བཞིན་དུ་ལྕམ་ལུའུ་པིན་སུན་གྱི་བུ་མོ་དབྱི་ལེ་ཨིན་ལ་དགའ་བར་གྱུར། དེ་ལ་ལྕམ་ལུའུ་པིན་སུན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཀྱི་ཡོད་ནའང་། པིན་གྱིས་དབྱི་ལེ་ཨིན་ལ་ཐུག་ནས་ཁོ་རང་དབྱི་ལེ་ཨིན་ལ་དགའ་ཞེས་བཤད། ད་དུང་པིན་ཁོ་རང་ལ་སྔོན་ཆད་བུད་མེད་ཅིག་དགའ་རོགས་ཡོད་ཚུལ་ཀྱང་ལབ་ནས་རང་གི་ངན་རུལ་གྱི་སྐྱོན་ཆ་ཁས་ལེན་བྱས་ཡོད།(བུད་མེད་དེའི་མིང་བཤད་མེད། )གནས་ཚུལ་དེ་ལ་བུ་མོ་དབྱི་ལེ་ཨིན་གྱིས་གུ་ཡངས་བྱས་ཡོད། རང་གི་ཨ་མ་ལུའུ་པིན་སུན་གྱི་ཁོང་ཁྲོའི་བྱེད་སྟངས་ཤིག་གིས་དོན་དག་ཡོད་ཚད་རྟོགས་སད་ཐུབ་པར་བྱས། དེ་ནས་སྐུ་ཞབས་ལུའུ་པིན་སུན་གྱིས་ཀྱང་དོན་དག་དེ་ཚོ་ཧ་གོ་ནས། བུ་མོ་དབྱི་ལེ་ཨིན་དང་པིན་གྱི་འབྲེལ་བར་ངོ་རྒོལ་ནན་མོ་བྱས་པ་མ་ཟད། བཙན་དབང་གིས་བུ་མོ་དབྱི་ལེ་ཨིན་མི་གཞན་པ་ཞིག་ལ་གཉེན་སྒྲིག་བྱ་རྒྱུར་གཏན་ཁེལ་བྱས། པིན་གྱིས་དོན་དག་དེ་གོ་རྗེས་སྲོག་བསྡོས་ཀྱིས་གཉེན་སྒྲིག་བྱ་སའི་ཆོས་ཁང་དུ་རྒྱུགས་ཤིང་རང་གི་སྙིང་ནས་དགའ་བའི་བུ་མོ་དེ་རང་ལ་རག་ཐབས་བྱས་སོ།།

དཔྱད་མཆན་ཡོད།