ངེད་དྲ་བའི་སྐད་འཕྲིན་སྟེགས་བུ། Wechat


༄༅།། བརྙན་ཞེན་པ་ཁྱེད་ལ་ཡིད་དང་བས་ཞུ་རྒྱུར།

     

     ངེད་དྲ་བའི་སྐད་འཕྲིན་སྟེགས་བུ (微信公众平台)ཕྱིར་བཏང་ནས་ཟླ་དྲུག་ལྷག་འགོར་ཡོད། དེའི་རིང་གློག་བརྙན་དང་འབྲེལ་བའི་རྩོམ་ཉེར་ལྔ་ལྷག་ཕུད་ཅིང་། རྩོམ་རེ་འགའི་བརྒྱུད་སྐུར་གྱི་ཚད ༡༢༠༠ ཡན་སླེབས། ཚོད་དཔག་ལྟར་ན། བོད་ཡིག་གཙོ་བོར་བྱས་པའི་འཕྲིན་སྟེགས་དག་ལས་བརྒྱུད་སྐུར་གྱི་ཟིན་ཐོ་བརྒལ་ཡོད་ཚོད།

     འཕྲིན་སྟེགས་འདི་གས་སྔར་ལྟར་ཡང་། བོད་ཡིག་གི་ལམ་ནས་བྲིས་པའི་གློག་བརྙན་སྐོར་གྱི་རྩོམ་དག་འགོད་མུས་སུ་ཡོད་ཅིང་། (སྐད་རིགས་མང་པོ་ཉ་ཉོག་མཉམ་བསྲེས་བྱ་རྒྱུར་ཁྱོན་ནས་དགའ་བོ་མེད།) འགོད་སྟངས་ཀྱི་ཆ་ནས། རྩོམ་པ་པོ་གང་དེའི་མགོ་བརྙན་གཙོར་བཅས། གཅིག་ཆ་ནས་རྩོམ་ཧྲིལ་བོ་འོས་སྦྱོར་བ་དང་། གཉིས་ཆ་ནས་རྩོམ་པ་པོ་སུ་ཡིན་གྱི་པར་དང་སྦྲགས་པས་མི་ངོ་ལྷ་ངོ་སྤྲོད་པའི་བྱེད་ནུས་འགངས་ཆེན་ཐོན་ཡོད་སྙམ། དེ་མ་ཟད། པར་ངོས་བཀོད་སྒྲིག་གི་སྟེང་ནས། ངོས་གཙང་བ་དང་ལྟ་བདེ་བ། ཆ་འཕྲིན་དག་ཅི་ཐུབ་ཀྱིས་འཛོམས་པའི་རྩ་དོན་གཞིར་བཅས་ཡོད་པས། ཤེས་ཚད་མང་པོས་དགའ་བསུ་རྒྱ་ཆེར་ཐོབ།

     ཟླ་ངོ་འདི་དག་གི་རིང་ལ། བོད་ཕྱི་ནང་གཉིས་ཐད་ནས་རྗེས་འཇུག་པ་སྟོང་ཕྲག་གཅིག་གི་ཡན་བརྒལ་ཅིང་། ཉིན་རེ་ལས་ཉིན་རེར་རྗེས་འཇུག་པ་མང་དུ་འཕེལ་གྱིན་ཡོད། རྗེས་འཇུག་པ་དེ་དག་གི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ངེད་དྲ་བ་དང་འཕྲིན་སྟེགས་འདི་ག་བསྒྲུབ་མཁན་གྱི་ལས་མི་ཡོངས་རྫོགས་ཀྱི་སེམས་ཤུགས་ཡང་བརྟན་པ་རྒྱབ་རི་བྲག་ཡིན། ང་ཚོ་མཉམ་རུབ་སྒོས་བོད་ཡིག་ལམ་ནས་གློག་བརྙན་གྱི་རིག་པ་འདི་ཤུགས་ཆེར་སྤེལ་བའི་ལས་ལ་འཇུག་པར་རབ་ཏུ་སྤྲོ། མ་ཟད། ཁྱེད་ཅག་ནས་སྔར་རྒྱུན་ལྟར་གློག་བརྙན་དང་འབྲེལ་ཚད་ཀྱི་རྩོམ་ཅི་རིགས་བསྐུར་ཡོང་བའི་སྐུལ་མ་ཞུའོ།། འཕྲིན་སྟེགས་ཨང་། tbtfilm007

འཕྲིན་སྟེགས་ཀྱི་ཨང་གྲངས་འཇུག་པའམ། གཤམ་གྱི་རི་མོ་བཤེར་བ་གང་རུང་གིས་པྲ་དྲའི་འཕྲིན་སྟེགས་ལ་འཇུག་ཐུབ།  


qrcode_for_gh_a1eff6af296b_430.jpgBD305773-2325-437E-9A6A-E476A54B49B4_Fotor.jpg    



 

 

 

 

 

 

 

 


༼པྲ་དྲ༽ནི་བོད་ཡིག་ལམ་ནས་གློག་བརྙན་སྐོར་གྱི་ཤེས་བྱ་དང་གཞུང་ལུགས་ངོ་སྤྲོད་སའི་སྡིངས་ཆ་ཞིག་ཡིན།

གློག་བརྙན་སྐོར་གྱི་རྒྱུ་ཆ་གསོག་འཇོག་དང་གཞུང་ལུགས་ཚུར་ལེན། སྣང་ཚུལ་དཔྱད་བརྗོད་ཀུན༼པྲ་དྲ༽ཡིས་གཅིག་ལྕོགས་བྱས་ཡོད།
ཁྱེད་ལ་གློག་བརྙན་སྐོར་གྱི་རྩོམ་གང་ཡོད༼པྲ་དྲ༽རུ་བཏང་ཆོག འདི་ནི་ང་ཚོ་ཐུན་མོང་ལ་དབང་བའི་གར་སྟེགས་ཤིག་ཡིན།

 

དཔྱད་མཆན་ཡོད།