ངེད་དྲ་བའི་གསལ་བརྡ་ཞིག

       ལོ་ངོ་མང་པོ་ཞིག་གི་རིང་ལ། ངེད་དྲ་བས་གློག་བརྙན་གྱི་དུས་ཐོག་གསར་འགྱུར་དང་གློག་བརྙན་ཤེས་བྱ། གློག་བརྙན་དཔྱད་བརྗོད། ད་དུང་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། དེའི་མི་ཚད་བརྙན་རིང་བརྙན་ཐུང་སོགས་ཕྱོགས་སོ་སོའི་ངོས་ཐད་ནས་གྲ་མ་ཆག་ཅིང་གྲུ་མ་ཉམས་པར་རྣམ་པ་ཀུན་ཏུ་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་བར་འབད་ཀྱིན་མཆིས།

       ད་རེས་ཡིན་ན། བོད་ཀྱི་གློག་བརྙན་དྲ་བ་ཞིག་ཡིན་པའི་ངོས་ཐད་ནས་བོད་ཀྱི་གློག་བརྙན་རིང་གྲས་དང་ཐུང་གྲས་སྐོར་ནས་དྲ་ཐོག་ཏུ་བཀོད་པ་ཅུང་ཉུང་བས། འདིར་བསམ་བཞིན་ངེད་དྲ་བས༼ གློག་བརྙན་ཁང ༽ཞེས་པའི་ས་མིག་འདིའི་ནང་བོད་ཀྱི་གློག་བརྙན་ཆེ་མ་ཆུང་གསུམ་བཀོད་དེ་རྒྱ་ཆེའི་གཟིགས་མོ་བ་རྣམ་པའི་མིག་དབང་གི་ལོངས་སྤྱོད་དུ་བསྟབས་འདང་ཡོད་པས། ཁྱེད་རྒྱ་ཆེའི་གཟིགས་མཁན་རྣམ་པས་དོ་སྣང་དང་རྒྱབ་སྐྱོར་ཡོད་པ་ཞུ།

445ae61154d2cf1a72ebfe7988a0f606.jpg

62ef8a586fd3ac768ed7973d55229332.jpg

དཔྱད་མཆན་ཡོད།