ངེད་དྲ་བའི་ཁ་པར་ནང་འཇུག་རྒྱུའི་མཉེན་ཆས། ___ པྲ་དྲ།

 


༄༅།། ལྷན་རྒྱས་ལ་མཚམས་འདྲི་དང་བཅས་ཞུ་རྒྱུར།


       ངེད་ཚང་ནས 2014 ལོའི་ཟླ 5 བའི་ཚེས 9 ཉིན།  གློག་བརྙན་གཙོར་བཅས་གླུ་གར་དང་རྩོམ་རིག  རི་མོ་དང་ཡིག་བྲིས་སོགས་ལེ་ཚན་མང་པོས་ཟུར་བརྒྱན་ཏེ་པྲ་དྲ(喳喳)ཞེས་པའི་ཨེ་ཕེ་ཕེ(APP 应用程序) ཞིག་བཟོས་ཡོད། ཟླ་ངོ་གཉིས་ལྷག་ལ་ཕབ་མཁན1000ལྷག་བྱུང་ཞིང་ཡང་ཡང་ཚོད་ལྟ་བྱས་པ་བརྒྱུད་གནད་དོན་མེད་ཤ་སྟག་གིས་ད་རེས་ཀུན་ལ་བསྒྲགས་པ་ཡིན།


  • འདི་གའི་ངོ་བོ་ཅི་ལྟ་བུ་ཞིག་ཡིན་ཞེ་ན།


     འདི་ག་གློག་བརྙན་སྲོག་ཤིང་དུ་བྱས་ཏེ། ཞོར་དུ། གླུ་གར་དང་རྩོམ་རིག རི་མོ་དང་རོལ་མོ་སོགས་སྒྱུ་རྩལ་གྱི་རྣམ་གྲངས་དག་བརྗོད་པ་གཙོར་བྱས་ནས། ང་ཚོས་དགའ་བ་བསྐྱེད་བྱེད་ཀྱི་ཡི་གེའི་རིགས་དང་འདྲ་པར་རིགས། བརྙན་གྱི་རིགས་སོགས་སྔ་མ་གསུམ་གྱི་སྔོན་མ་བྱས་ནས་མཉེན་ཆས་འདིའི་ནང་འཇོག་སྲིད།  དེ་ག་ང་ཚོའི་ལས་ཀའི་རྩ་དོན་དང་མཉེན་ཆས་འདིའི་བྱེད་ལས་ཡིན།


  • འདི་ལ་ལེ་ཚན་གང་དག་ཡོད་དམ་ཞེ་ན། 

      

       ལེ་ཚན་བགར་སྟངས་ཐད་ནས། ངོས་དང་པོ་བརྙན་རིང་དང་བརྙན་ཐུང་། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། དཔྱད་བརྗོད་དང་པྲ་དྲ་སོགས་གློག་བརྙན་གྱི་ཞིབ་ཕྲའི་གནད་ཀ་འགའ་དང་། ངོས་གཉིས་པ་རྩོམ་རིག་དང་ཞབས་བྲོ། རི་མོ། རོལ་མོ། བརྐོས་རིས། འཛུགས་སྐྲུན། ངོས་གསུམ་པ་ལུས་རྩལ་དང་གྱོན་གོས། གར་ཆུང་། པར་ཚོམས། ཆོབ་ཚ་པོ། ཡིག་བྲིས། ངོས་བཞི་བ་དཔེ་འཕྲིན། ཚོང་འཕྲིན། སྣ་ཚོགས། ཅིན་སྡོད་བོད་མི། (ཆེད་དུ་པེ་ཅིན་དུ་ཡོད་པའི་བོད་མི་དག་ལ་གཟས་པ་སྟེ། འཆད་ཁྲིད་དང་བྱ་འགུལ་སྣ་ཚོགས། ངོ་སྤྲོད་དང་དུས་བསྟུན་གསར་འགྱུར་སོགས་འགོད་འདང་ཡིན། )ང་རང་དགའ་ས། རྩོམ་བསྐུར་ས། ངོས་ལྔ་བ་མགོ་ཤོག་དང་གླེང་སྟེགས། འཕྲིན་སོགས་ལེ་ཚན་མང་པོ་ཞིག་ཏུ་བགོས་ནས་ཡོད་ལ། ང་ཚོས་ཚོང་རའི་གནས་བབ་དང་སྐབས་བབ་ཀྱི་དོན་གནད་གང་རུང་དང་སྦྲགས་ལེ་ཚན་གསར་པའི་རིགས་ཀྱང་དེར་བསྟུན་གྱིས་ཁ་སྣོན་མཛད་དེ་འདི་ཉིད་ཀྱིས་མི་སྒེར་གྱི་འཚོ་བར་ཕན་ཐོགས་པ་དང་ཞབས་ཞུའི་ནུས་པ་ཐོན་པ་ཞིག་ཏུ་ཤ་ཐང་རུས་ཐང་གིས་འབད་པ་བྱེད་ངེས།


  • འདིའི་ནང་རྩོམ་ཅི་ལྟར་འཇོག་དགོས་ཤེ་ན།


     རྩོམ་གང་རུང་གི་རྗེས་སུ་དཔྱད་བརྗོད་སྤེལ་བ་དང་ལེ་ཚན་ག་གེ་མོར་རྩོམ་འཇོག་བསམ་པ་གང་ཡིན་ཡང་ཐོག་མར་ངེས་པར་དུ་ཐོ་འགོད་བྱ་དགོས། (སྐར་མ་གཅིག་ཙམ་ལ་ཐོ་འགོད་ཐུབ་པས་ཤིན་ཏུ་སྟབས་བདེ།) ཐོ་འགོད་ཚར་རྗེས་བརྒྱུད་སྐུར་བྱ་བ་དང་དཔྱད་གཏམ་སྤེལ་བ། རྩོམ་འཇོག་པ་གང་ཡིན་སྟབས་བདེ་རུ་ཕྱིན་ཡོད། ལེ་ཚན་རེ་རེའི་བརྗོད་བྱ་གང་ཡིན་ལྟར་རྩོམ་བཏང་བས་འགྲིག་ལ་ཡི་གེའི་རིགས་ཡིན་ན་ཡི་གེ་ཐད་ཀར་གཏོང་བ་དང་ཞོར་དུ་པར་ཀྱང་སྦྲགས་པས་དགའ་ལ། བརྙན་གྱི་རིགས་ཡིན་ན་བརྙན་གང་དེའི་དྲ་ཚིགས་བསྐུར་བས་ཆོག  ང་ཚོས་ཞིབ་བཤེར་བྱས་རྗེས་གནད་དོན་མེད་པ་ཡིན་ན་དེ་མུར་ནང་དུ་འཇོག་ངེས།   

    གཞན་ཡང་དཔེ་འཕྲིན་དང་ཚོང་འཕྲིན། སྣ་ཚོགས་ཞེས་པའི་ལེ་ཚན་གསུམ་ག་ཀུན་ལ་སྒོ་ཕྱེས་ཡོད་དེ། ཁྱེད་ལ་དེའི་སྐོར་གྱི་གནས་ཚུལ་གང་ཡོད་བཏང་བ་ཙམ་གྱིས་དོ་དམ་པའི་ཞིབ་བཤེར་བརྒྱུད་མི་དགོས་པར་ཐད་ཀར་འཆར་ཐུབ་པ་བཟོས་ཡོད། 

     གླེང་སྟེགས་ལེ་ཚན་ནས་རང་གི་ཟིན་བྲིས་བཟོ་ཆོག་ལ་ཁོངས་མི་གཞན་དག་དང་འབྲེལ་བ་ཡང་ཅི་རིགས་བྱ་ཐུབ་པ་སོགས་ཐུགས་འཇགས་འཚལ།


  • འདིའི་ནང་རྩོམ་བཞག་ན་རང་ལ་ཕན་པ་ཅི་ཡོད་ཅེ་ན།

   image_Fotor.jpg

   ༡  ཁྱེད་ཀྱི་བསམ་བློ་དང་ཚོར་བ་ཅི་རིགས་དུས་ཐོག་ཏུ་འགོད་ཐུབ་པ།

   ༢  ཁྱེད་ཀྱི་གྲུབ་འབྲས་ཅི་རིགས་རིན་མེད་སྒོས་ཀུན་གྱི་མིག་ལམ་དུ་སྐྱེལ་ཐུབ་པ།

   ༣  ལོ་མཇུག་ཏུ་ང་ཚོས་སྤུས་ཚད་དང་གྲངས་ཚད་གཉིས་ཐད་ནས་རྩེ་གྲས་ཡིན་པའི་ཁོངས་མི་རེ་འགའ་བདམས་ཏེ་དེར་མཐུན་གྱི་ལེགས་སྐྱེས་འབུལ་རྒྱུ།

 



གཡོན་ཟུར་གྱི་རི་མོ་འདི་བཤེར་བའམ་ཡང་ན། དྲ་བའི་གཙོ་ངོས་ཀྱི་ཕབ་ལེན་ནང་གི་

པྲ་ཞེས་པའི་རི་མོ་དེ་གནོན་པ་བརྒྱུད་ཐད་ཀར་ཁྱེད་ཀྱི་ཁ་པར་ནང་ཕབ་ཐུབ།

 


 1.jpg2.jpg3.jpg4.jpg42871C43-E311-4772-BAB1-FB6FC3AE1DC5.jpg


 

དཔྱད་མཆན་ཡོད།