ལེ་ཨོ་སི་ཁཱ་ར་ཁད་སིས་པེ་ཅིན་ནས་ཁོའི་གློག་བརྙན་གསར་པ་བསྟན།

        


       དེ་རིང་གི་ཆུ་ཚོད་བདུན་པའི་ཐོག་ཧྥ་རན་སིའི་འཁྲབ་ཁྲིད་པ་གྲགས་ཅན་ལེ་ཨོ་སི་ཁཱ་ར་ཁད་སིས་ཀྲུང་གོའི་གློག་བརྙན་རྒྱུ་ཆ་ཁང་ནས་ཁོའི་གློག་བརྙན་གསར་པ《ཧོ་ལེ་མོ་ཊ་ཁང》བསྟན་ཅིང་། རྒྱའི་འཁྲབ་ཁྲིད་པ་ལྦང་ཞོ་ཧྲེས(王小帅)མདོ་བཟུང་སྟེ་སྐར་མ་སུམ་ཅུའི་རིང་ལ་ལྟད་མོ་བ་དག་དང་བགྲོ་གླེང་སྤེལ། ཆུ་ཚོད་ལྔའི་ཐོག་ནས་བཟུང་ལྟད་མོ་བ་ བསྟར་ཕྲེང་རིང་བོ་ཞིག་བསྒྲིགས་ཏེ། པ་སེ་ཉོ་བའི་ལས་ལ་བྲེལ་ཞིང་། འཛམ་གླིང་སྒང་གི་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་འདི་ཉིད་བསུ་བའི་སྟ་གོན་ལ་ཞུགས།
       ལེ་ཨོ་སི་ཁཱ་ར་ཁད་སི༼leos carax༽ནི༡༩༦༠ལོར་ཧྥ་རན་སིའི་ལྷོ་ཕྱོགས་སུ་སྐྱེས། ༡༩༨༣ལོ་ནས་གློག་བརྙན་ཕབ་བསྐྲུན་གྱི་ལས་སུ་ཞུགས་ཤིང་། སྔ་རྗེས་སུ།

 
kalakesi.jpg• 1984ལོར། 《བུ་ཚ་བུ་མོ་དང་འཕྲད་པ》 (Boy Meets Girl)

• 1986ལོར། 《ཁྲག་ངན》 (Mauvais sang)

• 1991ལོར། 《ཟམ་ཁའི་བརྩེ་དུངས》 (Les Amants du Pont-Neuf)

• 1999ལོར། 《ཕཱོ་ལ X》 (Pola X)

• 2012ལོར། 《ཧོ་ལེ་མོ་ཊ་ཁང》 (Holy Motors)
 

           སོགས་གློག་བརྙན་བཞི་ལས་ཁྲིད་མེད་ན་ཡང་། དེ་དག་གིས་ཁོའི་མཚན་སྙན་གློག་བརྙན་ལས་རིགས་སུ་ཆེར་རྒྱས་པར་བྱས། ཧྥ་རན་སིའི༼རླབས་རྒྱུན་གསར་བ་ཕྱི་མའི༽འཐུས་ཚབ་རང་བཞིན་གྱི་འཁྲབ་ཁྲིད་པ་དང་། འཇོན་ནུས་ཆེས་ཆེ་བའི་འཁྲབ་ཁྲིད་པ་ཞིག་ཡིན་པར་ཀུན་གྱིས་ཁས་འཆེས། དེ་མ་ཟད་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་སོགས་ཀྱི་ཐོབ་འཁྱེར་མཁན་ཞིག་ཀྱང་ཡིན་འདུག ཁོ་ནི་ཀྲུང་གོའི་མི་རབས་དྲུག་པའི་འཁྲབ་ཁྲིད་པ་དག་གིས་དད་ཞེན་བྱ་སའི་མི་ཡང་ཡིན་འདུག 
            དེ་རིང་བསྟན་པའི《ཧོ་ལེ་མོ་ཊ་ཁང》ཞེས་པའི་གློག་བརྙན་འདིར་འཁྲབ་སྟོན་པ་གང་དེའི་ཆུ་ཚོད་ཉེར་བཞིའི་རིང་གི་འཚོ་བའི་བྱ་རིམ་ཁ་ཤས་སྤྲོས་པ་བརྒྱུད་ནས་དངོས་ཡོད་དང་སྒྱུ་འཕྲུལ་བར་དུ་དཔྱང་ཟམ་ཞིག་འཐེན་འདུག དཔྱང་ཟམ་དེ་སྒྱུ་རྩལ་རང་བཞིན་གྱི་གློག་བརྙན་དང་ཧའོ་ལེ་ལྦུ་རང་བཞིན་གྱི་གློག་བརྙན་ཐབས་རྩལ་གཉིས་སྦྲགས་ཀྱིས་གྲུབ་པར་བྱས་ཏེ། གློག་བརྙན་གྱི་མཚོན་ཐབས་གསར་པ་དང་། སྒྱུ་རྩལ་གློག་བརྙན་གྱི་ལམ་ཁ་ཇེ་ཡངས་སུ་གཏོང་བའི་ཚོད་ལྟ་བྱས་འདུག་པ་མ་ཟད། འདི་ཉིད་འཛམ་གླིང་སྒང་གི་གློག་བརྙན་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ཚན་འབྱེད་རྡོ་རིང་ཞིག་ཡིན་པར་ཐེ་མི་ཚོམ།

 2312312.jpg


 

དཔྱད་མཆན་ཡོད།