པད་མ་ཚེ་བརྟན་གྱི་གློག་བརྙན་གསར་པ་ཞིག

     


     རྒྱུས་ལོན་པ་ལྟར་ན། ཉེ་ལམ། པདྨ་ཚེ་བརྟན་འཁོར་དང་བཅས་པས་མགོ་ལོག་གཉན་པོ་གཡུ་རྩེ་རུ་དངོས་བྲིས་གློག་བརྙན《འབྲེལ་ཡོད་གད་སྙིགས》ཞེས་པ་ཕབ་སྐྲུན་བྱེད་ཀྱི་ཡོད་ཅིང་། 37-173500-a12ffda5gw1e8qehb477mj21kw16oavq.jpgཕབ་སྐྲུན་གྱི་ནང་དོན་ནི་ས་གནས་མང་ཚོགས་ཀྱིས་གད་སྙིགས་འཐུ་བའི་བྱ་འགུལ་སོགས་ཡིན་ལ། འདི་ནི་གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་བཟང་པོས་བློ་བཏོན་ཏེ་ས་གནས་ཀྱི་མང་ཚོགས100ལྷག་རང་འགུལ་གྱིས་ཞུགས་པའི་བྱ་འགུལ་ཞིག་ཡིན།

       “ཁོར་ཡུག་སྲུང་སྐྱོབ་ནི་ངའི་སྒྲུབ་སྦྱོང་བྱ་ཐབས་ཤིག་ཡིན”ཞེས་དངོས་བྲིས་གློག་བརྙན《འབྲེལ་ཡོད་གད་སྙིགས》ཕབ་སྐྲུན་བྱེད་དུས་བཀྲ་ཤིས་བཟང་པོས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་བཤད་པའི་སྐད་ཆ་ཞིག་ཡིན། ཁོ་ནི་ཤེས་ཡོན་གྱི་ཁྱབ་རྒྱ་ཡངས་པའི་མཁན་པོ་དང་ཕུལ་དུ་བྱུང་བའི་བྱ་བྱེའུ་རིགས་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཕ་ཡུལ་དུ་རྒྱབ་སྐྱོར་བྱེད་པའི་མང་ཚོགས་རྣམས་དང་ལྷན་དུ་དག་གཙང་གི་ཁྱིམ་གཞིས་སྲུང་བར་མི་མང་ཆེ་ཤོས་ཤིག་གིས་ཡི་རང་དང་གོང་བཀུར་ཆེན་པོ་བྱེད་པ་ཡིན།       
           གཉན་པོ་གཡུ་རྩེའི་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་དང་མང་ཚོགས་རྣམས་ཀྱིས་སྤྱིར་བཏང་དུ་གད་སྙིགས་གཙང་སེལ་བྱེད་ཐབས་ནི་གད་སྙིགས་དབྱེ་སྟེ་མེ་ལ་སྲེག་པ་དང་། ས་འོག་དང་ཡང་ན་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་གད་སྙིགས་ས་ཚིགས་ལ་སྐྱེལ་བ་ཡིན། དེ་ལྟ་ནའང་དཀའ་ཁག་མི་ཉུང་བ་ཞིག་ལ་འཕྲད་ཀྱི་ཡོད་དེ། དཔེར་ན། གད་སྙིགས་མེ་ལ་བསྲེགས་རྗེས་མང་ཚོགས་ལ་ལས་མེ་ལ་སྲེག་དུས་སུ་བྱུང་བའི་སྣ་ལ་འཐུལ་བའི་དྲི་ངན་གྱིས་ས་གནས་ཀྱི་སྲུང་མ་དང་གཞི་བདག་སོགས་ལ་གནོད་པའི་མཇུག་འབྲས་འབྱུང་སྲིད་པར་སྙམ་ཏེ་རྟག་ཏུ་དེའི་ཐད་ཀྱི་རྩོད་པ་བྱུང་དང་འབྱུང་ངེས་པའི་གནད་དོན་བྱུང་།


 

དཔྱད་མཆན་ཡོད།