ཚེ་རིང་དོན་གྲུབ་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་བྱས།

 


      སྤྱི་ལོ༢༠༡༣ལོའི་ཟླ༡༢པའི་ཚེས༤ཉིན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་གློག་བརྙན་འཁྲབ་གཞུང་སོགས་ཀྱི་སྐོར་ནས་ལོ་མང་རིང་ཕྱག་ལས་མཉམ་དུ་བསྐྱངས་མྱོང་བའི་རྩོམ་པ་པོ་དང་ལོ་ཙཱ་བ་ཚེ་རིང་དོན་གྲུབ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གློག་བརྙན་རྩོམ་རིག་ཅེས་པའི་སློབ་ཁྲིད་སྟེང་གདན་དྲངས་སྟེ། འཁྲབ་གཞུང་དང་བོད་སྐད་གློག་བརྙན་གྱི་སྐོར་ནས་སློབ་གྲོགས་རྣམས་དང་བགྲོ་གླེང་བ་རེད།

       འཆད་ཁྲིད་ཀྱི་གོ་རིམ་ལ་ཐོག་མར་རྒན་བན་དེ་མཁར་ནས་ཚེ་རིང་དོན་འགྲུབ་ལགས་ངོ་སྤྲོད་མདོར་བསྡུས་ཞུས་པ་དང་སྦྲགས་འཆད་ཁྲིད་དངོས་སུ་ཞུགས། ཁོང་གིས་འཆད་ཁྲིད་གནང་ཚར་རྗེས་སློབ་གྲོགས་རྣམས་དང་ལྷན་དུ་བོད་ཀྱི་གློག་བརྙན་སྐོར་ལ་བགྲོ་གླེང་སྣ་ཚོགས་མཛད།
       ཚེ་རིང་དོན་འགྲུབ་ལགས་ཀྱིས་འཆད་ཁྲིད་གནང་པའི་ནང་དོན་ལ། འཁྲབ་ཁྲིད་པའི་ལས་ལ་བསྐྱར་ཟློས་མེད་ཆེད་གློག་བརྙན་མ་ཕབ་པའི་སྔོན་དུ་འཁྲབ་གཞུང་འབྲི་དགོས་ལུགས་དང་གཅིག འཁྲབ་གཞུང་འབྲི་སྟངས་ཐད་ནས་ཞིབ་ཕྲའི་དོན་ཚན་རེ་རེར་ནོར་འཁྲུལ་འབྱུང་མི་རུང་པ་དང་གཉིས། འཁྲབ་གཞུང་གི་སྒྲིག་གཞི་དང་བྱུང་རིམ་འོས་འཚམ་ཡིན་དགོས་ཚུལ་དང་གསུམ། འཁྲབ་གཞུང་གི་ནང་དོན་ལ་འཚོ་བའི་བདེན་པ་མཁོ་ལུགས་དང་བཞི། འཁྲབ་གཞུང་གི་ནང་དོན་གནད་བསྡུས་ལ་ཡིད་འགུག་གི་ནུས་པ་ལྡན་དགོས་ཚུལ་དང་ལྔ། འཁྲབ་གཞུང་ལ་བསྐྱར་ཞིབ་ཞུ་དག་བྱ་དགོས་དོན་དང་དྲུག བརྩམས་སྒྲུང་དང་གློག་བརྙན་འཁྲབ་གཞུང་གི་ཁྱད་པར་གླེང་པ་སོགས་རང་གི་ཉམས་མྱོང་དང་སྦྱར་ཏེ་ཞིབ་ཅིང་ཕྲ་བའི་སྒོ་ནས་བཤད། གཞན་སློབ་གྲོགས་ཚོའི་དྲི་བ་དང་སྦྲགས་ནས་ཁོང་ཉིད་གློག་བརྙན་ལས་རིགས་ལ་ཞུགས་པའི་གོ་རིམ་དང་གློག་བརྙན་འཁྲབ་ཚིག གློག་བརྙན་གྱི་རིགས་དང་རིང་ཐུང་། པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་གཤིས་ལུགས། འཁྲབ་ཁྲིད་པར་འཁྲབ་ཁྲིད་པའི་བློ་སྦྱོང་དགོས་ལུགས། གློག་བརྙན་རྩོམ་རིག་གི་བརྡ་ཆད་གཅིག་གྱུར་བཟོ་བ་སོགས་ཕྱོགས་མང་པོའི་ཐད་ནས་བགྲོ་གླེང་མཛད།



32131.JPG

དཔྱད་མཆན་ཡོད།