རྫོང་སར་གྱི་གློག་བརྙན«ཝ་ར། བྱིན་རླབས་ཤིག»པེ་ཅིན་ནས་སྟོན་གྲབས།

རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ནོར་བུ་མཆོག་ནས་འཁྲབ་ཁྲིད་གནང་བའི་གློག་བརྙན༼ཝ་ར། བྱིན་རླབས་ཤིག༽《VARA: A BLESSING 》ཞེས་པ་དེ་ཟླ་འདིའི་ནང་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྒང་ནས་འགྲེམས་སྟོན་གནང་འཆར་ཡོད་འདུག

 

无标题.jpg             འགྲེམ་སྟོན་རེའུ་མིག་གཤམ་གསལ་ལྟར།

ཟླ་ཚེས།       ས་གནས། (རྒྱ་ཡིག་ཏུ)          ཆུ་ཚོད།

4.20  百老汇影城国瑞购物中心店8号厅   20:30_22:00

4.21  金逸朝阳大悦城IMAX店4号厅      20:30_22:00

4.23  星美国际影城金源店6号厅        20:30_22:00

 

གློག་བརྙན་གྱི་ནང་དོན་གནད་བསྡུས།

   «ཝ་ར། བྱིན་རླབས་ཤིག»ཅེས་པའི་གློག་བརྙན་འདི་ནི། རྒྱ་གར་གྱི་སྒྲུང་གཏམ་པ་དང་སྙན་ངག་པ་གྲགས་ཅནSunil Gangopadhyayལགས་ཀྱི་སྒྲུང་ཐུང«ཝ་ར»ལ་རྨང་བྱས་ཤིང་། མཁྱེན་བརྩེ་ནོར་བུ་ཁོང་གིས་འཁྲབ་གཞུང་དུ་བྲིས་ཏེ་འཁྲབ་ཁྲིད་མཛད་པ་ཞིག་སྟེ།  གློག་བརྙན་འདིར། ལི་ལཱ (Lila) ཟེར་བའི་བུ་མོ་ཞིག་དང་མོའི་སྐྱེད་ཡུམ་ཝི་ན་ཐ (Vinata) གཉིས་ཀྱི་གཏམ་རྒྱུད་བསྟན་ཡོད། ཝི་ན་ཐ་ནི་ཧིན་རྡུའི་ལྷ་ཞིག་དང་གཉེན་བསྒྲིགས་པའི་ལྷ་ཁང་གི་གར་མ་ཞིག་ཡིན་ལ། ཐེངས་ཤིག བུ་མོ་ལི་ལཱ་རིགས་རུས་དམན་པའི་གྲོང་བའི་གཞོན་ནུ་ཤྱམ(Shyam)་དང་ཕྲད་པར་གྱུར། ཤྱམ་ནི་འཇིམ་བཟོ་མཁན་ཞིག་ཡིན་པས་ཁོས་ལི་ལཱ་རང་ཉིད་ཀྱི་འཇིམ་སྐུའི་དཔེ་གཟུགས་བྱེད་ཆོག་མིན་དྲིས། ཁོ་གཉིས་ཀྱིས་འབྲེལ་འདྲིས་འདིའི་རིགས་གཞན་གྱིས་ཤེས་རྟོགས་བྱུང་ཚེ་ཉེན་ཁ་ཤིན་ཏུ་ཆེ་བ་ཤེས་ན་ཡང་། མོས་དང་ལེན་བྱས་པར་གྱུར།  འདི་ནི་གློག་བརྙན་ཝ་རའི་ནང་དོན་སྤྱི་བམ་པ་ཞིག་སྟེ། གློག་བརྙན་གྱི་གཞུང་ངོས་དྲ་བར"ཝ་རས་ཧིན་རྡུའི་ལྷ་དག་གི་སྒྱུ་འཕྲུལ་གྱི་འཇིག་རྟེན་དང་བྷ་ར་ཏའི་གར(Bharatanatyam)དང་རོལ་དབྱངས་གསུམ་སྲུབས་མེད་དུ་སྦྱར་ཡོད་ཅིང་། འདི་ནི་ནམ་ཡང་ནུབ་མི་སྲིད་པའི་དུངས་པ་དང་དད་པའི་གཏམ་རྒྱུད་ཞིག་ཡིན"ཅེས་བྲིས་འདུག (གློག་བརྙན་འདིའི་ངོ་སྤྲོད་བོད་བརྙན་དྲ་བ་ལས་བླངས།)
 

དཔྱད་མཆན་ཡོད།