ལྷོ་ཕྱོགས་མི་སྣའི་གཟའ་འཁོར་དུས་དེབ—ཡིད་དབང་འཕྲོག་པའི་མི་སྣ། པདྨ་ཚེ་བརྟན།

  «ལྷོ་ཕྱོགས་མི་སྣའི་གཟའ་འཁོར་དུས་དེབ»ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཡིད་དབང་འཕྲོག་པའི་མི་སྣར་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཁ་སང་པེ་ཅིང་ནས་གཟབ་རྒྱས་ངང་བསྡུས།

  ཉིན་རེ་བཞིན་ངོ་བོ་ཅན་དུ་འགྱུར་བའི་དུས་རབས་ནང་།ཁོ་ཚོས་གསར་གཏོད་ལ་བརྩོན་ལེན་བྱེད་ཅིང་།སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ང་ཚོའི་དུས་རབས་འདི་ལ་ཤུགས་རྐྱེན་དང་འགྱུར་བ་གཏོང་བཞིན་ཡོད།

  བྱ་དགའི་ཤིས་ཚིག

  རྩོམ་རིག་ནས་གློག་བརྙན་གང་ཡིན་རུང་།པདྨ་ཚེ་བརྟན་གྱིས་ཕ་སྐད་ཀྱི་ལམ་ནས་བོད་པའི་མིག་མདངས་ཁྲོད་ཀྱི་བོད་ལྗོངས་དེ་ཞིབ་འབྲི་བྱེད་བཞིན་ཡོད།མཚོ་སྔོན་ནས་པེ་ཅིང་དང་ཝེ་ནཱ་སི་འགྲིམས་ཤིང་།ཁོང་གིས་ཕ་སྐད་གློག་བརྙན་འཛམ་གླིང་གི་གར་སྟེགས་སུ་ཁྲིད།ཁོང་གི་གཏམ་རྒྱུད་ཀྱིས་བོད་ཡུལ་ཞིབ་འབྲི་བྱས་ཡོད་ནའང་།གཏམ་རྒྱུད་ཀྱི་བྱུང་རིམ་དག་འཛམ་གླིང་གི་གྲུ་ཟུར་གང་ནས་ཀྱང་བྱུང་ཆོག་པ་ཞིག་ཡིན།ཚོན་མདོག་དཀར་ནག་ནས་ཁྲ་བོ་དང་།དངོས་ཡོད་ནས་རྨི་ལམ།པདྨ་ཚེ་བརྟན་གྱི་བརྙན་མིག་ལས་མངོན་པའི་དོན་སྤྱི་དང་ཁྱབ་བྱེད་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད།ཁོང་ལ་བསྟུད་མར་ཐེ་ཝིན་གྱི་གསེར་རྟ་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ་དང་ཝེ་ནཱ་སིའི་གློག་བརྙན་དུས་སྟོན་ལས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ།ཁོང་གི་རྩོམ་ཚུལ་དང་མཐོང་ཚོར་ལ་ཆེད་མཁས་མི་སྣས་ཁས་ལེན་དང་གོང་བཀུར་ཐོབ་ཅིང་།ཁོང་ནི་གསང་བ་ལྐོག་གྱུར་གྱི་བོད་ཡུལ་ནས་ཐོན་ཞིང་།ཡི་གེ་དང་བརྙན་མིག་ནི་གསང་བའི་སྒོ་གླེགས་འབྱེད་བྱེད་ཀྱི་ལྡེ་མིག་དེ་ཡིན།

           ཡིད་དབང་འཕྲོག་པའི་མི་སྣ། པདྨ་ཚེ་བརྟན།

  གློག་བརྙན་གྱི་མཚོན་ཐབས་དང་བརྗོད་བྱའི་མངོན་སྟངས་བཅས་ལོ་རེར་ཡོད་ཚད་ལ་འགྱུར་ལྡོག་བྱུང་བཞིན་ཡོད།དེ་བས།གསར་རྩོམ་བྱེད་མཁན་ཞིག་ལ་ཆ་མཚོན་ན།ནམ་རྒྱུན་རིམ་པ་གཅིག་ཁོ་ནའི་སྟེང་རང་སོར་འདུག་མི་རུང་ལ།ལོ་བཅུའི་སྔོན་དུ་གླེང་བཞིན་པའི་གློག་བརྙན་དེ་དག ལོ་བཅུའི་རྗེས་ནས་ཀྱང་གླེང་བཞིན་ཡོད་ཚེ། ངས་བསམ་ན་དེ་ཡག་པོ་ཞིག་མིན་པར་སྙམ།

དཔྱད་མཆན་ཡོད།