«ལོ་བཅུ་བདུན་ཅན་ཞིག་གི་ལྕགས་རྟ»ལ་དཔྱད་པ།

787.jpg

གཅིག  ནང་དོན་གནད་བསྡུས།

ལོ་ན་བཅུ་བདུན་ཅན་གྱི་གྲོང་གསེབ་ཀྱི་ན་གཞོན་“ཨ་ཀུའུ”ཡིས་པེ་ཅིན་དུ་ཡོང་ནས་མྱུར་སྐྱེལ་བསྐྱལ་རྒྱུའི་ལས་ཀ་ཞིག་རྙེད་པར། ཀུང་སུའུ་ཁོ་ཚོར་གཞུང་ལས་བསྒྲུབ་དུས་གཡར་བའི་ལྕགས་རྟ་སྟེ། ཁོ་ཚོས་ལས་ཀ་ལས་ནས་སྒོར་༦༠༠སླེབས་དུས་ལྕགས་རྟ་དེ་ཁོ་ལ་དབང་བ་ཀུང་སུའུ་ཁས་བླངས་ཡོད་སྟབས། “ཨ་ཀུའུ”ཡིས་རང་ནུས་ཅི་ལྕོག་གིས་འབད་པ་བྱས་ནས་སྒོར་༦༠༠གསོགས་ལ་ཉེ་ཞིང་ཕུགས་བསམ་མངོན་འགྱུར་བྱུང་བུའི་སྐབས་དེར། ལྕགས་རྟ་བོར་ཏེ་ཡིད་ཆད་པའི་གནས་སུ་ལྷུང་།

གཞན་པ་“ཞོའོ་ཅན”ནི་“ཨ་ཀུའུ”དང་ལོ་ན་འདྲ་བའི་པེ་ཅིན་དུ་གཞིས་སྡོད་ཡོད་པའི་ན་གཞོན་ཞིག་ཡིན་ལ། འོན་ཀྱང་ཁྱིམ་ཚང་ཧ་ཅང་འབྱོར་མེད་རེད། ཁོའི་ཨ་ཕས་ཁས་བླངས་ཏེ་ལྕགས་རྟ་ཞིག་ཉོ་རྒྱུ་བྱས་ཡོད་པ་དེའང་ཐེངས་གང་མང་དམ་ཚིག་དང་འགལ་ནས་ཉོ་མ་ཐུབ་པས། མཐར་ཁོས་རང་ཉིད་ཀྱི་གྲོགས་པོ་དང་མཛའ་མོའི་མདུན་ངོ་སོ་བསྟོད་པའི་ཆེད་དུ། ཁྱིམ་ནས་སྒོར་བརྐུས་ཏེ་གཞན་གྱི་ལག་ཏུ་ལྕགས་རྟ་ལག་བརྒྱུད་བྱས་ཟིན་པ་རིན་གོང་སླ་མའི་སྒོ་ནས་ཉོས་བ་རེད། ཡིན་ཡང་སེམས་ལ་ཤར་མ་མྱོང་བ་ཞིག་ལ་ཁོས་ཉོས་བའི་རླངས་འཁོར་དེ་ནི་“ཨ་ཀུའུ"ཡིས་བོར་སོང་བའི་འགྲོས་མགྱོགས་ལྕགས་རྟ་དེ་རེད།

“ཨ་ཀུའུ"ཡི་འཚོ་གནས་སུ་གྱུར་བའི་ལྕགས་རྟ་དེ་“ཞོའོ་ཅན"གྱིས་ཞོན་འདུག་པ་ཤེས་རྗེས།ཐབས་རྒྱ་ཇུས་སྟོང་གིས་ལྕགས་རྟ་ཕྱིར་ལེན་ཐབས་བྱས་སྟེ། ལོ་ནའདྲ་བའི་ན་གཞོན་གཉིས་ཀས་རང་ཉིད་ལ་མེད་དུ་མི་རུང་བའི་ཕུགས་བསམ་གྱི་ལྕགས་རྟ་དེའི་ཆེད་དུ་འགལ་བ་བྱུང་བ་བརྗོད་ཡོད་གི།

3232.jpg

གཉིས། སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས།

དུས་རབས20བའི་ལོ་རབས་90བར། ཀྲུང་གོའི་གྲོང་ཁྱེར་གྱི་སྟོབས་ཤུགས་ཉམས་པའི་མི་རིགས་ཀྱི་གནས་བབས་དང་སྐབས་དེའི་ཐབས་སྡུག་པའི་འཚོ་བ། དམའ་རིམ་སྤྱི་ཚོགས་ཀྱི་འཚོ་གནས་ཁྲོད་ཀྱི་འཕག་འཚག་དང་ཡིད་སྐྱོ་བའི་རྣམ་པ།

504728fe1a0c77788371483e1617c7e1.jpg

གསུམ། བརྙན་གཟུགས་ཁྲོད་ཀྱི་ལྕགས་རྟས་ཁོ་གཉིས་ལ་མཚོན་པའི་དོན་སྙིང་།

  སྤྱིར་ལྕགས་རྟ་ནི་ལོ་རབས་90བར་མི་རྣམས་ཀྱི་གལ་ཆེའི་འགྲིམ་འགྲུལ་ཡོ་བྱད་དུ་འགྱུར་འདུག་ལ། སྐབས་དེའི་མི་སུས་ཀྱང་རང་ཉིད་ལ་དབང་བའི་ལྕགས་རྟ་རེ་ཡོད་ན་སྙམ། ཐ་ན་ལྕགས་རྟ་ནི་གྲོགས་པོ་དང་སློབ་གྲོགས་ཀྱི་མདུན་དུ་མགོ་ཡར་མགྱོགས་བྱེད་ཀྱི་གཟི་བརྗིད་དུ་གྱུར་ཡོད་གི།

དཔེར་ན་གློག་བརྙན་ཁྲོད་ཀྱི་“ཨ་ཀུའུ"ལ་མཚོན་ན་ལྕགས་རྟ་ནི་ཁོའི་མེད་དུ་མི་རུང་བའི་ལས་ཀ་ལས་བྱེད་ཀྱི་ལག་ཆ་དང་། ཁོ་པེ་ཅིན་དུ་བསྡད་དེ་ཕུགས་བསམ་མངོན་འགྱུར་གྱི་རེ་བ་སྙེག་ཅིག་པོ་རེད།

“ ཞོའོ་ཅན"ལ་མཚོན་ན་དེ་ནི་ཁོའི་རྩེད་ཆས་ཞིག་དང་ཐོབ་ཐང་ལ་ཁས་ལེན་ཐོབ་བྱེད་ཀྱི་བྱ་དངོས་རེད།

32.jpg

བཞི་བ། བརྙན་མིག་གི་ཐད།

1 བརྙན་གཟུགས་ཁྲོད་དུ་“ཞོའོ་ཅན"རང་ཁྱིམ་ནས་སློབ་གྲྭར་འགྲོ་བའི་བར་དུ་བརྙན་མིག་རིང་མོ་བཀོལ་ཡོད་ལ། འདི་ལས་ཁོའི་འཚོ་གནས་ཀྱི་ཁོར་ཡུག་གསལ་བྱེད་བྱས་འདུག།

2 མྱུར་སྐྱེལ་བསྐྱལ་མཁན་གསུམ་པོར་ཆེད་བྲིས་བརྙན་མིག་གི་སྒོ་ནས་ངོ་གདོང་གི་རྣམ་འགྱུར་དང་མི་སྣ་ཡོད་སའི་ཁོར་ཡུག་བཞེངས་བསྐྲུན་བྱས་ཡོད་གི

3 “ཨ་ཀུའུ"ཁོའི་ཕུ་བོའི་སར་ཡོད་དུས་ཐོག་མར་ཡོངས་ལྗོངས་བརྙན་མིག་བཀོལ་ནས་ཁྱིམ་ཚང་གི་གནས་ས་དང་ཆ་རྐྱེན་ཞིབ་བརྗོད་བྱས་ཡོད་ལ། དེ་ནས་ལྕགས་རྟ་ལ་ཆེད་བྲིས་བརྙན་མིག་བཀོལ་བ་དང་ལྷན་དུ་ཕུ་བོའི་སྐད་ཆའི་ཁྲོད་ནས་ལྕགས་རྟའི་རིན་ཐང་མཚོན་པར་བྱས་འདུག

4 “ཨ་ཀུའུ"ཡིས་མྱུར་སྐྱེལ་ཐེངས་དང་བོ་བསྐྱལ་ནས་ཐོན་པའི་ཐོག་ཁང་དེའི་མདུན་དུ་མགོ་གྱེན་ན་དུ་གཏད་པའི་བརྙན་མིག་བཀོལ་ནས་ཐོག་ཁང་གི་མཐོ་ཚད་དང་བརྗིད་ཉམས་མཚོན་པར་རམ་འདེགས་ཐོན།

5 སྤྱི་གཉེར་བ་དང་“ཨ་ཀུའུ"གཉིས་ཁ་བརྡ་བྱེད་པའི་སྐབས་དེར་ཨ་ཀུའུ་ལ་བརྙན་མིག་གཙོ་བོ་དང་སྤྱི་གཉེར་བར་བརྙན་མིག་ཕལ་བ་བཀོལ་ཡོད་གི

6 “ཞོའོ་ཅན"ཐེངས་དང་བོར་བརྙན་ཡོལ་དངོས་ཤར་དུས་ཡོངས་ལྗོངས་བརྙན་མིག་བཀོལ་ཡོད་ལ། དེ་ལས་“ཨ་ཀུའུ"དང“ཞོའོ་ཅན"བསྡུར་བ་ལས་ཁོ་གཉིས་ཀྱི་གནས་བབས་མི་འདྲ་བ་ཤེས་ཐུབ།

7 ལྕགས་རྟའི་རྗེས་བསྙེགས་པའི་སྐབས་སུ་སྔོན་དུ་ཨ་ཀུའུ་བརྙན་དུ་བླངས་བ་དང་རྗེས་སུ་ལྕགས་རྟ་བླངས་བ་སོགས་ཀྱི་བརྙན་མིག་བརྗེ་རེས་བརྒྱུད་ནས་མུན་ཐེ་ཆུས་མཐུད་སྤྱོར་ལག་རྩལ་སྤྱད།

8 ཆེས་མཇུག་མཐར་བརྙན་མིག་དལ་མོ་བཀོལ་ཏེ་བསམ་བློ་ཕྱིར་མཚོན་དང་བརྒྱུད་རིམ་བརྒྱུད་བསྒྲོགས་བྱེད་པར་རམ་འདེགས་གི་ནུས་བ་ཐོན་པར་བྱས།

640.jpg

ལྔ་བ།  བསྟན་དོན་ནམ་བརྗོད་བྱ།

 གློག་བརྙན་ཁྲོད་གནས་བབས་དང་ཆ་རྐྱེན་མི་འདྲ་བའི་ལོ་ན་བཅུ་བདུན་ཅན་གྱི་སེམས་ཀྱི་འགལ་བ་དང་། བརྩེ་དུང་། འཚོ་བ། ཕུགས་བསམ། དོན་དངོས་ལ་བཟུང་བའི་འདུ་ཤེས། སྤྱི་ཚོགས་འཚོ་བར་བཟུང་བའི་ལྟ་བ་སོགས་གསལ་བཤད་བྱས་ཡོད་ལ། ལོ་ན་འདྲ་ལ་ལས་དབང་ལྡོག་པའི་ཁོ་གཉིས་ཀྱིས་ཐབས་ལམ་མི་འདྲ་བ་བརྒྱུད་དེ་རང་གི་ཕུགས་བསམ“ལྕགས་རྟ་"དེའི་ཆེད་དུ་འབད་འབངས་བྱེད་ཀྱིན་པའི་མི་ཚེའི་ཁྲོད་དུ་། བརྩེ་དུང་དང་དོན་དངོས།གཟི་བརྗིད་དང་ནར་སོན་སོགས་ལ་གདོང་གཏད་དགོས་བྱུང་།

གཞན་ཡང་འདི་ལས་དམའ་རིམ་སྤྱི་ཚོགས་དང་དེའི་འཚོ་གནས་བྱེད་སྟངས་ཞིབ་འབྲི་བྱས་ཡོད་པ་མ་ཟད། གྲོང་གསེབ་དང་གྲོང་ཁྱེར་གྱི་ཁྱད་པར་ཕྱིར་མཚོན་ཡོད་པ། ད་དུང་སྐབས་དེར་རྒྱལ་ནང་དུ་ལས་ཞུགས་གི་གོ་སྐབས་ཧ་ཅང་དཀོན་པ་ཤེས་ཐུབ་ལ། ཐ་ན་ཁྱིམ་ཚང་གི་སློབ་གསོ་དང་ཆ་རྐྱེན་གྱིས་བྱིས་པའི་ནར་སོན་བའི་བརྒྱུད་རིམ་ཁྲོད་བསམ་བློ་དང་འགྲོ་འདུག་སྤྱོད་གསུམ་ལ་ཤུགས་རྐྱེན་མི་དམན་པ་ཐེབས་དང་ཐེབས་བཞིན་པ་ཡང་ང་ཚོས་འདི་ལས་གསལ་བོ་རིག་ཐུབ་གི

                 

 《十七岁的单车》


导演:王小帅

主演:催林/季滨/高圆圆/周讯

上映:2001-2-17

类型:剧情

片长:113分钟

地区:中国大陆,台湾,法国

语言:汉语普通话

获奖记录:第51届帕林国际电影节最佳影片奖

第38届台北金马影展最佳剧情奖

དཔྱད་མཆན་ཡོད།