འདོད་སྤྱོད་ཀྱི་གློག་བརྙན་དར་ཁྱབ་འགྱོ་མི་འདི་ཚ་གྱང་ཆེ་བའི་གནད་དོན་ཅིག་ཨིནམ།

         ད་རེས་འཁྲབ་སྟོན་གྱི་ལས་རིམ་ཞུ་ནི་འགོ་བཙུགཔ་དང་ཅིག་ཁར་ལས་རིམ་སྙན་གསན་མི་ག་ར་ལུ་ལས་རིམ་ཕུལ་མི་ཁ་ཐུག་ལས་སྐུ་གཟུགས་བཟངམོ་ཟེར་ཞུ་གེ་སྟེ་ད་རིས་འཁྲབ་སྟོན་གྱི་དོན་ཚན་འདི་ཡང་ད་རིས་ནངས་པ་མི་སྡེ་བརྡ་བརྒྱུད་ནང་ལུ་འདོད་སྤྱོད་ཀྱི་གློག་བརྙན་དར་ཁྱབ་འགྱོ་འདི་ཚ་གྱང་ཆེ་བའི་གནད་དོན་ཅིག་ཨིན་པའི་སྐོར་ལས་གསན་ཚུགས་ཟེར་ཞུ་ནི་ཨིན།

     ང་བཅས་རའི་འབྲུག་གི་རྒྱལ་ཁབ་འདི་གནམ་ལོ་༡༩༩༧་ལས་རྒྱང་མཐོང་དང་ཡོངས་འབྲེལ་གྱི་ཞབས་ཏོག་ཚུ་སྤྱོད་ནི་གོ་སྐབས་གནངམ་ལས་བརྟེན་ང་བཅས་ར་འབྲུག་པའི་མི་སེར་ཚུག་གིས་མི་སྡེ་བརྡ་བརྒྱུད་དང་ཡོངས་འབྲེལ་ལག་ལེན་འཐབ་ནི་འདི་ལོ་གཅིག་བ་ལོ་གཅིག་་མང་སུ་འཐོན་དོ་ཡོདཔ་ལས་ཡི་གུ་སྐྱེལ་ལེན་དང་ཞིབ་འཚོལ་འབད་ནི་ཚུ་སྟབས་བདེ་ཏོག་ཏོ་སྦེ་འགྱོ་སྟེ་ཡོདཔ་ཨིན་རུང་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་རྒྱང་མཐོང་དང་ཡོངས་འབྲེལ་ཚུ་ནང་འབད་བཏུབ་དང་མ་བཏུབ་ལྟ་དགོཔ་ལེ་ཤ་ར་ཡོད་ཟེར་གསུང་དོ་བཟུམ་མི་སྡེ་བརྡ་བརྒྱུད་དང་ཡོངས་འབྲེལ་ཚུ་ནང་བདེན་པ་མེད་པའི་ཡི་གུ་དང་པར་རིས་དེ་ལས་ཚུལ་མིན་གྱི་གློག་བརྙན་ཚུ་ཡང་གྱངས་ཁ་མེདཔ་ཅིག་བཙུགས་ཏེ་ཡོདཔ་ལས་བརྟེན་འདི་ཚུ་ལག་ལེན་ཚུལ་བཞིན་མ་འཐབ་པ་ལོག་སྤྱོད་འབད་མི་འདི་གིས་འཛམ་གླིང་གི་རྒྱལ་ཁབ་ག་རའི་ནང་ཚ་གྱང་ལངས་དགོ་པའི་གཞི་་ཅིག་ལུ་བསྒྱུར་ནུག། ཨིན་རུང་འཛམ་གླིང་རྒྱལ་ཁབ་ག་རའི་ནང་འདི་བཟུམ་མའི་ངན་སྤྱོད་གདོང་ལེན་འབད་ཐབས་ལུ་ཁྲིམས་ཚུ་མ་བཏུབ་བཏུབ་བརྩམས་གནང་ཏེ་འབད་རུང་བདའ་ཟུནམ་དཔྱ་གཅིག་དང་བདའ་མ་ཟུནམ་དཔྱ་གཉིས་དེ་ཅིག་བྱུང་དོ་ཡོདཔ་ལས་ཁྲིམས་འབྲེལ་ཐོག་ཞིབ་འཚོལ་འབད་ནི་ནང་ལུ་་ལཱ་ཁག་གཏང་དོ་ཡོདཔ་ཨིན་མས། འཛམ་གླིང་རྒྱལ་ཁབ་གཞན་ཁ་བཟུམ་སྦེ་ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་དུས་ཀྱི་འཕོ་བསྒྱུར་དང་བསྟུན་དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། ཟེར་གསུང་དོ་བཟུམ་སྦེ་མི་ལ་ལུ་ཅིག་གིས་བསམ་པ་སེམས་བསྐྱེད་དང་བྱ་སྤྱོད་ངནམ་ལས་བརྟེན་ཏེ་རང་རང་སོ་སོའི་སྤྲོ་སྟོན་གྱི་དོན་ལུ་བཟོ་བཟོ་བའི་འདོད་སྤྱོད་ཀྱི་གློག་བརྙན་ཚུ་འགྲུལ་འཕྲིན་ནང་ཁྱབ་སྤེལ་གཏང་མི་འདི་གིས་འབྲུག་གཞུང་ལུ་ཚ་གྱང་ཐེབ་གཅིག་བཞེས་དགོཔ་བྱུང་ནུག།


ཁྲོམ་སྐད་བཙུག་ནི་་་་་་་་་་་་་་་་་་་་་་་་་་་།

དབང་རྒྱལ་་་་་་་་་་་་་དབའེ་ མཚོ་མོ་ ནམ་ལྷོད་ཅིས་ ན་འོང་མི་ཟེར་ བརྒྱུད་འཕྲིན་གཅིག་ཡང་གཏང་ནི་མིན་འདུག།

མཚོ་མོ་་་་་་་་་་་་་་་་་ཁ་ཙ་ལྷོད་ཅིས་ བརྒྱུད་འཕྲིན་ག་དེ་སྦེ་གཏང་པ་ ངེའི་འགྲུལ་འཕྲིན་མེདཔ་ཐལ་སོ་ཡི།

དབང་རྒྱལ་་་་་་་་་་་་་སྟེ་ ག་དེམ་ཅིག་སྦེ་འོང་ཡིས།

མཚོ་མོ་་་་་་་་་་་་་་་་་གཡོག་གི་ས་སྟོང་རེ་མེད་ག་མནོ་ གཡོག་འཚོལ་ནིའི་དོན་ལུ་འོང་ཡི་སྟེ།

དབང་རྒྱལ་་་་་་་་་་་་་གཡོག་ཡ་ ན་ཐིམ་ཕུག་ལུང་པ་ག་ར་གཡོག་མས་ཏེ་ ཐུགཔ་བཙོང་ནི་དང་དོ་མ་བཙོང་ནི་གི་ གཡོག་གི་གོ་སྐབས་ལེ་ཤ་འདུག།

མཚོ་མོ་་་་་་་་་་་་་་་་་ཁྱོད་ཀྱི་དགོ་བྲ་འདི་བཞག་ད་ འདི་བ་སྟེ་ ཀོ་ཕི་འཐུང་མ་འགྱོ་གེ་ ཏི་རུ་ཡོད་གོ་ཤིག།

དབང་རྒྱལ་་་་་་་་་་་་་བདེན་དག་ཁྱོད་སླབ་དོ་བཟུམ་སྦེ་ ཀོ་ཕི་འཐང་མར་འགྱོ་གེ།


ལམ་འགྱོ་བའི་སྒྲ་དང་སྒོ་ཕྱེ་བའི་སྒྲ་བཙུག་ནི།

དབང་རྒྱལ་་་་་་་་་་་་་ཀོ་ཕི་གཉིས་གནང་མས་ དེ་ལས་ ག་ཅི་ར་ཟ་ནི་ མཚོ་མོ།

མཚོ་མོ་་་་་་་་་་་་་་་་་french fryཟ་གེ།

དབང་རྒྱལ་་་་་་་་་་་་་ཀོ་ཕི་གཉིས་དང་ french fryགནང་མས།

ཟ་ཁང་ལཱ་འབད་མི་་་་ ལགས་སོ།

དབང་རྒྱལ་་་་་་་་་་་་་སྟེ་ ད་རེས་ག་སྟེ་སྡོདཔ་སྨོ།

མཚོ་མོ་་་་་་་་་་་་་་་་་ཨ་མ་སྡོད་སར་སྡོད་དོ་ ཁྱིམ་ནང་མགྱོནམོ་ལེ་ཤ་མས།

ཟ་ཁང་ལཱ་འབད་མི་་་་ལགས་སོ་ཀི་ཕི་དང་ french fryལ་ ཐུགས་བརྙེས་ཏོག་ཏོ་སྦེ་བཞེས་ཤིག་ལགས།

དབང་རྒྱལ་་་་་་་་་་་་་དེནི་ མཚོ་མོ་ ད་རིས་ང་སྡོད་སར་འགྱོནི་ན་ མི་ག་ཡང་མེད་ ང་རང་རྐྱངམོ་གཅིག་རང་ཨིན།


མཚོ་མོ་་་་་་་་་་་་་་་་་མི་འགྱོ་ཨ་མ་གིས་སླབ་འོང་།

དབང་རྒྱལ་་་་་་་་་་་་་སྟེ་ ཨ་མ་ལུ་ ཆ་རོགས་འབད་སར་སྡོད་ནི་ཟེར་ སླབ་ད་པ།

མཚོ་མོ་་་་་་་་་་་་་་་་་མི་དགོ་ མི་དགོ་ ལྟ་མ་ཨ་མ་གིས་ཤེས་པ་ཅིན་ ཚོགས་བརྡ་གཏང་འོང་།

དབང་རྒྱལ་་་་་་་་་་་་་སྟེ་ ཨ་མ་ལུ་ ང་འབད་སར་སྡོད་ཅིས་ཟེར་སླབ་མི་དགོ་པ་སྟེ་ སྟེ་ རང་གི་རང་མ་སླབ་པ་ཅིན་ ཨ་མ་གི་ག་དེ་སྦེ་ཤེས་ནི།

མཚོ་མོ་་་་་་་་་་་་་་་་་སྟེ་ ད་རེས་ཁྱོད་ཀྱི་ཨམ་སྲུ་དང་ཨ་ལོ་ཚུ་ནཱ་མེད་པོ།

དབང་རྒྱལ་་་་་་་་་་་་་གཡུས་ཁར་ཡར་སོ་ཡི་ ན་ང་རྐྱངམོ་གཅིག་ བསུན་ཏེ་འབད་མི་ཚུགས་སྦེ་ ད་རིས་ང་དང་ཅིག་ཁར་སྡོད་གེ་

མཚོ་མོ་་་་་་་་་་་་་་་་་ཡ་དབང་རྒྱལ་ ཏ་མ་ག་དེམ་ཅིག་སྦེ་ཁྱོད་ཀྱི་ཨམ་སྲུ་གི་ཤེས་པ་ཅིན་ ང་ལུ་དགའུ་བཏབ་ནི་གི་ཏི་རུ་མེད་སྨ་རེད ཁྱོད་རང་བཏབ་དགོཔ་འོང་དགོ།


དབང་རྒྱལ་་་་་་་་་་་་་འདིའི་སྐོར་ལས་ ཁྱོད་ཚ་གྱང་ལངས་དགོཔ་ར་མེད་ ག་ཅི་ཨིམ་ཟེར་བ་ཅིན་ ཁྱོད་ཀྱིནི་ ང་དང་ཆ་སྡོད་ཅིས་ཟེར་ཨམ་སྲུ་ལུ་མི་སླབ་ང་གིནི་ ཁྱོད་དང་ཅིག་ཁར་སྡོད་ཅི་ཟེར་ཨམ་སྲུ་ལུ་མི་སླབ་ མོ་ལུ་མངོན་ཤེསནི་མེད། ག་དེ་སྦེ་ཤེས་ནི་སྦེ།

མཚོ་མོ་་་་་་་་་་་་་་་་་སྟེ་ དབང་རྒྱལ་ གསང་བ་རང་མཁས།།སྦྱེལ་བ་རོགས་མཁས།།ཟེར་སླབ་དོ་བཟུམ་སྦེ་ ཁྱོད་ལུ་ཁྱིམ་ཚང་ཟེརཝ་ཡ་མེད་པོ་ ལྟ་མ་ ཁྱིམ་ཚང་ཚུ་གི་ཤེས་པ་ཅིན།

དབང་རྒྱལ་་་་་་་་་་་་་མཚོ་མོ་ ཁྱིམ་ཚང་ཚུ་གི་སྐོར་ལས་ཚ་གྱང་རང་ལངས་དགོཔ་མེད་ ང་བཅས་ན་ཐིམ་ཕུག་ལུ་ སྒྲིང་ཁྱིམ་ཚུ་ནང་སྡོད་མི་གཅིག་གི་གཅིག་ངོ་རང་མི་ཤེས་ འདིའི་ནང་དོན་ཉིད་ལས་ཡང་ རོགས་ཕ་ལོགམོ་ལུ་ག་འོང་དོ་ག་ད་ ག་སྡོད་དོ་ག་ དྲི་སྨྲས་རྐྱབ་མི་རང་མེད་ ཁྱོད་རང་ནང་དོག་ར་མི་དགོ།

མཚོ་མོ་་་་་་་་་་་་་་་་་འ་འོ་ ང་འདི་འདྲོགཔ་མས་ མས།

དབང་རྒྱལ་་་་་་་་་་་་་མཚོ་མོ་འགྱོ་གེ་ད་ གནམ་ཡང་བསྲོ་སོ་ནུག།


ཁྲོམ་སྐད་དང་རོ་ཁྱི་སྐད་ དེ་ལས་སྒོ་ཕྱེ་བའི་སྒྲ་བཙུག་ནི་་་་་་་་་་་་།

དབང་རྒྱལ་་་་་་་་་་་་་འ་ནི་ཨིན་མས་ ངེའི་གཟིམ་ཅུང་སྒྲོལ་མའི་ཕོ་བྲང་།

མཚོ་མོ་་་་་་་་་་་་་་་་་དཔའ་ ཁྱིམ་དགའ་ཏོག་ཏོ་འདུག་མས།

དབང་རྒྱལ་་་་་་་་་་་་་མཚོ་མོ་ ཁྱོད་ར་རྒྱང་མཐོང་ལྟ་སྡོད་ཤིག་ ང་གིས་ལྟོ་འབད་གེ།

མཚོ་མོ་་་་་་་་་་་་་་་་་དབང་རྒྱལ་ ལྟོ་ཁྱོད་ར་ཟནི་མ་ཤེས་ ང་ཕྱི་རུ་ལྟོ་ཟ་ནི་མེད།

དབང་རྒྱལ་་་་་་་་་་་་་ཨིན་ན་དེནི་ ད་རིས་ང་ཡང་ལྟོ་ཟ་དགོ་མ་མནོ་ དེནི་ཇ་གཅིག་འཐུང་གེ་སྨོ་ཤིག།

ཀྲི་སྦི་སྐད་བཙུག་ནི་་་་་་་་་་་་་་་་་་།

དབང་རྒྱལ་་་་་་་་་་་་་མཚོ་མོ་ ད་ཉལ་ན།

མཚོ་མོ་་་་་་་་་་་་་་་་་ཨིན་མས་ ཉལ་རུང་ཀྲིག་ཀྲི་མས་ ད་ནུབམོ་ཕྱེད་དེ་ཅིག་འགྱོཝ་མས།

དབང་རྒྱལ་་་་་་་་་་་་་ཤོག་དེནི་ ཉལ་བ་འགྱོ་གེ།

ཉལ་བ་འགྱོ་བའི་སྐད་བཙུག་ནི་་་་་་་་།

མཚོ་མོ་་་་་་་་་་་་་་་་་ཨ་འ་འ་ མ་འབད་ དབང་རྒྱལ་ ང་འབདནི་སྐད་རྐྱབ་འོང་མས།

དབང་རྒྱལ་་་་་་་་་་་་་ག་ཅི་གིས་ལོ་རྒྱུས་སླབ་སྨོ་ ང་བཅས་ར་གཉིས་ཨ་རྟག་འབད་བའི་ལཱ་མས་ ཁྱོད་ཀྱི་དགོ་བྲ་འདི་བཞག་ད།

མཚོ་མོ་་་་་་་་་་་་་་་་་ང་ ཁྱོད་ག་དེ་སྦེ་འབད་འོང་ག་མནོ་ལྟཝ་ཨིན།

དབང་རྒྱལ་་་་་་་་་་་་་མཚོ་མོ་ ད་རིས་ ང་བཅས་གཉིས་སྤྲོ་བ་སྟོནམ་ད་ འགྲུལ་འཕྲིན་ནང་གློག་བརྙན་བཟོནི་ན།

མཚོ་མོ་་་་་་་་་་་་་་་་་དབའེ་ དབང་རྒྱལ་ དེ་མི་བློ་བཙོང་བཙོང་མའི་བློ་མ་སླབ་དབའེ།

དབང་རྒྱལ་་་་་་་་་་་་་བློ་ག་ཅི་འབད་བཙོང་དགོཔ་ རོགས་ལུ་སྟོན་ནི་འདི་མེན། ལྟ་མ་ ང་བཅས་ར་གཉིས་སྤྲོ་སྟོན་ཚརཝ་ད་ བལྟ་ནི་ཏེ་ མེན་ན།


མཚོ་མོ་་་་་་་་་་་་་་་་་མི་དགོ་ མི་དགོ་ འདི་བཟུམ་མའི་ལཱ་འདི་ འགོ་དང་འགོ་ལས་བཞག་གེ།

དབང་རྒྱལ་་་་་་་་་་་་་ཨའེ་ མཚོ་མོ་ ལྟ་མ་ ཚར་ཅིག་བལྟ་འབད་སྦེ་ ང་གིས་ཁྱོད་ཀྱི་གདོང་ཁར་རང་ ལོག་སྟོན་མ་བཏུབ་སྦེ་བཟོ་གེ།

མཚོ་མོ་་་་་་་་་་་་་་་་་ཛ་ཡི་དེ་བཟུམ་མ་འབད་དབའི་ རང་གཟུགས་བཙོང་པ་ཚོང་དཔོན་མི་དགོ།ཞལ་ཐང་དཔྱངས་པར་འཛེར་ཅུང་མི་དགོ།བསོད་ནམས་སྐམ་པར་རི་ལྡེ་མི་ཟེར་སླབ་དོ་བཟུམ་སྦེ་ག་དེམ་ཅིག་སྦེ་ གློག་བརྙན་དར་ཁྱབ་ཡར་སོང་པ་ཅིན་ ཁྱོད་ཀྱི་ཨམ་སྲུ་དང ང་བཅས་ར་གཉིས་ཀྱི་ ཕམ་སྤུན་ཆ་ཚུ་ ག་ར་བློ་བཙོང་འོང་།

དབང་རྒྱལ་་་་་་་་་་་་་ཁོང་བློ་བཙོང་དགོཔ་མེད་ཟེར་ ང་བཅས་རང་གཉིས་ ཚར་ཅིག་བལྟ་ནིའི་དོན་ལུ་རྐྱངམ་ཅིག་མ་གཏོགས་ ཕར་ཚུར་བཀྲམ་སྤེལ་འབད་ནི་ མེན་པ་སྟེ།

མཚོ་མོ་་་་་་་་་་་་་་་་་ཡ་ཡ་ ལྟ་མ་ ལྟ་ཚར་ཞིནམ་ལས་སྟོན་གཏང་སྨ་རེད།


དབང་རྒྱལ་་་་་་་་་་་་་ཡ་ཡ་ འདི་ ང་གིས་ཀྲིག་ཀྲི་འབད་འོང་།

       དེ་ལས་བདུན་ཕྲག་གཅིག་དེ་ཅིག་གི་རྒྱབ་ལས་དབང་རྒྱལ་དང་མཚོ་མོ་གཉིས་ཀྱིས་ཁོང་རང་གཉིས་སྤྲོ་སྟོན་གྱི་དོན་ལུ་བཟོ་བཟོ་བའི་འདོད་སྤྱོད་ཀྱི་གློག་བརྙན་འདི་ཝི་ཅཊ་ནང་ལུ་དར་ཁྱབ་སོང་ནི་འདི་གིས་དབང་རྒྱལ་གྱི་ཨམ་སྲུ་དང་ཁོང་ཀྱི་ཕམ་སྤུན་ཆ་ཚུ་རོགས་ཀྱི་སྦུག་ལུ་ལྟག་ཀོ་ཡར་སེང་རང་མེད་པར་སྡོདཔ་མ་ཚད་ ཁོང་རང་གཉིས་ག་སྟེ་འགྱོ་སར་མི་ཚུ་གིས་མཐོངམ་ཅིག་འདོད་སྤྱོད་ཀྱི་གློག་བརྙན་ནང་གི་ཕོ་རྒས་དང་ཨམ་སྲུ་འགྱོ་དེས་ཟེར་དྲག་ཞན་ཆེ་ཆུང་མེདཔ་ག་ར་གི་ཁ་གཏང་སྡོད་ནུག།

རིན་འཛིན་་་་་་་་་་་་་འཇིགས་མེད་ ག་དེ་སྦེ་སྨོ་ཁོ་རེད་ འགྲུལ་འཕྲིན་གྱི་ཞབས་ཏོག་འགོ་བཙུགས་ཏེ་ལོ་བཅུ་ཐམ་ལྷག་སོ་རུང་དང་ཕུག་གི་ནོ་ཀི་ཡ་  རང་མེད་པ་ཡ་ གསརཔ་གཅིག་ཉོ་མི་ཚུགས་པས་ག།

འཇིགས་མེད་་་་་་་་་་དབའེ་ རིན་འཛིན་ ང་ཡོངས་འབྲེལ་ལག་ལེན་འཐབ་བཏུབ་པའི་འགྲུལ་འཕྲིན་གཅིག་ཉོ་དགོ་སྦེ་ ཁྱོད་ཀྱིས་བཙོང་སར་ཤེས་ག།

རིན་འཛིན་་་་་་་་་་་་་ཤེས་དབའེ་ དེ་འབདཝ་ད་ ད་རིས་ནངས་པ་ ཡོངས་འབྲེལ་དང་ཝི་ཅཊ་ལྟ་བཏུབ་པའི་ འགྲུལ་འཕྲིན་ཉོ་སྨ་རེད་ ཝི་ཅཊ་ནང་ལུ་ང་བཅས་ར་་འབྲུག་པའི་མི་ཚུ་གིས་ བཟོ་བཟོ་བའི་འདོད་སྤྱོད་ཀྱི་གློག་བརྙན་ ལེ་ཤ་རང་ལྟ་ནི་ཐོབ།

འཇིགས་མེད་་་་་་་་་་ཨིན་ན་ ང་གི་རྣ་བ་གིས་ གོ་ཡི་པ་ དེ་འབདཝ་ད་གཅིག་ཡང་མ་མཐོང་ ང་འགྲུལ་འཕྲིན་ཉོ་ཙར་བའི་ཤུལ་ལུ་ ཁྱོད་ནང་ཡོད་པའི་འབྲུག་པའི་འདོད་སྤྱོད་གློག་བརྙན་འདི་ཚུ་ང་ལུ་བསྐྱེལ་སྨ་རེད།

རིན་འཛིན་་་་་་་་་་་་་ཡ་ཡ་ འགྱོ་ཤིག་འགྲུལ་འཕྲིན་ཉོ་བ།

འདི་ཚེ་ཕྱི་རུ་ རིན་འཛིན་གྱིས་ ཁོ་ལུ་ཡོད་པའི་ ཕྱི་རྒྱལ་དང་ འབྲུག་པའི་འདོད་སྤྱོད་ཀྱི་གློག་བརྙན་ཚུ་ག་ར་ འཇིགས་མེད་ལུ་བཏངམ་ད་ དབང་རྒྱལ་དང་མཚོ་མོ་གཉིས་ཀྱིས་ སྤྲོ་སྟོན་གི་དོན་ལུ་བཟོ་བཟོ་བའི་གློག་བརྙན་ཡང་ བཏང་ནུག།

རིན་འཛིན་་་་་་་་་་་་་འཇིགས་མེད་ ཁ་ཙ་ང་གིས་ཧ་ལམ་ཅིག་བཏང་ཡིས་ ཁྱོད་ ལྟའི་གོ་ཤིག།


འཇིགས་མེད་་་་་་་་་་དཔའ་ མ་ལྟ་བ་ག་སྟེ་བཞག་ནི་ས་ དེ་འབདཝ་ད་ ཁྱོད་ཀྱི་བཏང་མི་ནང་ལུ་ བུམོ་ངོ་ཤེས་ཤེས་ར་འདྲཝ་ཅིག་འདུག།

རིན་འཛིན་་་་་་་་་་་་་ངོ་གནི་མི་ཤེས་པ་ རྒྱལ་ཁབ་ཆུང་ཀུ་གཅིག་ནང་འདི་བཟུམ་འབདཝ་ད་ ག་ར་གིས་ ངོ་ཤེས་འོང་སྟེ།

འཇིགས་མེད་་་་་་་་་་དབའེ་ མི་ཨ་ནི་འདི་ཚུ་ ཁོང་རང་གི་ཕམ་སྤུན་ཆ་གི་ཡང་མཐོང་འོང་སྟེ་ སྨོ་ཤིག།

རིན་འཛིན་་་་་་་་་་་་་ཝི་ཅཊ་མེན་མ་ཤེས་ ཡོད་པ་ཅིན་ག་ར་གིས་མཐོང་འོང་སྟེ་ ཁྱོད་ག་ཅི་གི་ ཚ་གྱང་ལངསམ་ རོགས་ནེ་སྦེ་བཟོ་ཚུགས་པ།

འཇིགས་མེད་་་་་་་་་་ང་ག་ཅི་སྦེ་ཚ་གྱང་ལངས་ནི་ཏེ་ རོགས་ཁོང་བཟོ་བོ་ད་རང་ ཕམ་སྤུན་ཆ་མནོ་བསམ་གཏང་བཟོ་བཟོ་འོང་མེན་ན།

རིན་འཛིན་་་་་་་་་་་་་དབའེ་ དབའེ་འཇིགས་མེད་ ཨ་ཕ་ལྟ་ཤིག་ ཝི་ཅཊ་ནང་གི་བུམོ་གཅིག་ ཨ་ཕ་ལས་འགྱོ་སྟེ་ ཁྱོད་ཀྱི་ངོ་ཤེས་མི་འདི་མེན་པས་ག།


འཇིགས་མེད་་་་་་་་་་ཀེ་ ཀེ་ ག་འདི།

རིན་འཛིན་་་་་་་་་་་་་ཨ་ཕ་ ་དམར་ཁྲ་དཀྱི་ར་དཀྱི་མི་འདི།

འཇིགས་མེད་་་་་་་་་་འེང་ཨིན་མས་ འོ་འོ་ ང་གིས་ངོ་ཤེས་ཏེ་མོ་ ཡ་བླ་མ་ ང་གིས་ མོ་གི་ཕམ་སྤུན་ཆ་ཚུ་ག་ར་ ངོ་ཤེས།

རིན་འཛིན་་་་་་་་་་་་་ཨིན་ན་ མོ་གི་མིང་ག་ཅི་སྨོ།

འཇིགས་མེད་་་་་་་་་་མོ་གི་མིང་ མཚོ་མོ་ཟེར་སླབ་ཨིན།

རིན་འཛིན་་་་་་་་་་་་་དབའེ་ འཇིགས་མེད་ ང་གིས་ མོ་ཚར་གཅིག་ དཀྲོག་ལྟ་ག།

འཇིགས་མེད་་་་་་་་་་དཀྲོག་ལྟ་ཤིག་ ཡངན་རང་ཡང་ཁེ་སང་ཐོབ་འོང་ག་མི་ཤེས།

རིན་འཛིན་་་་་་་་་་་་་ཆུད་ ཆུད་ མཚོ་མོ་ མཚོ་མོ་ གློག་བརྙན་བཟོ་བ་མི་འགྱོ་ག།


སྒྲོལ་དཀར་་་་་་་་་་་དབའེ་ཁྱོད་གཉིས་ག་ལུ་དཀྲོགཔ་སྨོ།

རིན་འཛིན་་་་་་་་་་་་་ཨ་འ་འ་ སྒྲོལ་དཀར་ཨིན་མས་ ག་དཀྲོག་པ་སྟེ་ འདོད་སྤྱོད་ཀྱི་གློག་བརྙན་བཟོ་མི་ བུམོ་མཚོ་མོ་ཟེར་ཨ་ཕ་འདུག་ མོ་དཀྲོགཔ་བསྒང་ཡོང་།

སྒྲོལ་དཀར་་་་་་་་་་་མོ་ག་ཅི་སྦེ་དཀྲོག་དགོཔ་ ཀྲང་ཀྲིང་མེན་ རོགས་ མོ་རང་ཡང་ གློག་བརྙན་དར་འགྱོ་མི་འདི་གིས་ ཕམ་སྤུན་ཆ་དང་མང་སྡེའི་ནང་ལུ་ག་ཅི་འབད་ན་རང་ མ་ཤེས་པ་སྡོདཔ་འོང་ རོགས་དབུག་སྒམ་ ནང་དོགས་ཏེ་སྡོདཔ་ད་ ཁྱོད་གཉིས་དཀྲོག་དགོ་མནོ་སྡོདཔ་མས་སྨོ།

 

འཇིགས་མེད་་་་་་་་་་་་་མོ་ག་ཅི་སྦེ་ དབུག་སྒམ་ནི་ས་ རོགས་ཏི་ལུ་ལེ་ཤ་ཐོབ་ཐོབ་འོང་ག་མི་ཤེས་ ད་རིས་ནངས་པ་ མི་ཚུ་གིས་སླབ་མས་མེན་ན་ང་བཅས་ཕྱི་རྒྱལ་ཀྱི་ལུགས་སྲོལ་ཟེར་ རོགས་བཟོ་ཧུམ་པ་ རང་དཀྲོག་མ་ཧུམ་ག་ཅི་ཡོདཔ།


རིན་འཛིན་་་་་་་་་་་་་ཨ་འ་ འཇིགས་མེད་ སྒྲོལ་དཀར་གྱི་ག་ཅི་ཡང་སླབ་འོང་ མོ་ལུ་ཉན་རང་མི་དགོ་ ཡངན་མོ་ར་ཡང་ གློག་བརྙན་བཟོ་བཟོཝ་འོང་ག་མི་ཤེས་ ཁྱོད་ཀྱི་གློག་བརྙན་གསརཔ་ཐོབ་པ་ཅིན་ ང་ལུ་བསྐྱེལ་མས་ དབང་ཕྱུག་ལུ་བསྐྱེལ་དགོ་སྦེ།

འཇིགས་མེད་་་་་་་་་་་་་པ་འ་ ལོས་དབའེ་ ང་ལུ་ཡོདནི་ཁྱོད་ལུ་བསྐྱེལ་ ཁྱོད་ལུ་ཡོདནི་ང་ལུ་བསྐྱེལ་སྦེ་ གློག་བརྙན་ཕར་ཚར་བརྗེ་སོར་འབད་ནི་སྟེ།

སྒྲོལ་དཀར་་་་་་་་་་་ཡ་ཡ་ ཁྱོད་ར་གཉིས་ ང་གིས་སླབ་ད་་དགོད་བྲ་རྒྱུགས་ཏེ་སྡོད་ཤིག་ དུས་ནམ་ཅིག་ཚེ་ ཁྲིམས་སྲུང་འགག་པ་གིས་བདག་ཟུནམ་ད་ཤེས།

རིན་འཛིན་་་་་་་་་་་་་ཁྲིམས་སླུང་འགག་པ་ནང་ག་ཅི་སྦེ་ཚུད་དགོཔ་ རོགས་བཟོ་མི་ཆ་ཁྱབ་དཔའ་ཡུག་ཡུག་མས་པ་ རང་ལྟ་མི་ག་ཅི་སྦེ།

འཇིགས་མེད་་་་་་་་་་་་་འ་ནི་སི་སྟེ་ རོགས་བཟོ་ཧུམ་པ་ རང་ལྟ་ཧུམ་དང་ ཕར་ཚུར་བསྐྱེལ་མ་བཏུབ་ག་ཅི་ཡོདཔ།

སྒྲོལ་དཀར་་་་་་་་་་་ད་ལྟོ་ ཁྱོདནི་གཉིས་ཀྱི༌ འབྲུག༌ གི༌ ཉེས༌ འགེལ༌ ཁྲིམས༌ དེབ༌ ནང༌ ལུ༌ ལེའུ༌ སོ༌ གཅིག༌ པ༌ གློག༌ རིག༌ དང༌ འབྲེལ༌ བའི༌ གནོད༌ འགེལ༌ གྱི༌ སྐབས༌ ལུ་ དོན༌ཚན༌༤༧༦༌ པ༌ དང༌ ༤༧༧༌ པའི༌ ནང༌ ལུ༌ གློག༌ བརྙན༌ བཟོ༌ མི༌ དང༌ ཕར༌ ཚུར༌ བཀྲམ༌ སྤེལ༌ འབད༌ མི༌ག༌ ར༌ ལུ ཉེས༌ ཁྲིམས༌ ཕོག ཟེར༌ ཡོད༌ མི༌ འདི༌ མ༌ ཤེས༌ པས༌ སྨོ༌ ཤིག།

 

རིན་འཛིན་་་་་་་་་་་་་དབའེ༌ ཨིན༌ ན༌ དེ༌ སྦེ༌ རང༌ ཡོད༌ པོ༌ ང༌ བཅས༌ གཉིས༌ ཀྱིས༌ ཤེ༌ རང༌ མ༌ ཤེས། 

འཇིགས་མེད་་་་་་་་་་་་་དབའེ༌ དབའེ༌ རིན༌ འཛིན༌ དེ༌ སྦེ༌ འབདནི༌ གློག༌ བརྙན༌ བཀྲམ༌ སྤེལ༌ འབད༌ ནི༌ འདི༌ བཞག༌ དགོ༌ པས༌ མས།

 

དྲང༌ དཔོན༌ གྱིས༌ གསལ༌ བཤད༌ བཙུག༌ ནི༌༌༌༌༌༌༌༌༌༌༌༌༌༌།

          རྒྱུ༌ མཚན༌ འདི༌ བརྟེན༌ ཏེ༌ འབྲུག༌ མི༌ ག༌ར༌ འབད༌ རུང༌ རང༌ རང༌ སོ༌ སོའི༌ སྤྲོ༌ སྟོན༌ གྱི༌ དོན༌ ལུ༌ འབད༌ རུང༌ འདྲ་ཚོང༌ འབྲེལ༌ གྱི༌ དོན༌ ལུ༌ འབད༌ རུང༌ འདྲ་མི༌ སྡེ༌ ནང༌ ལུ༌ ཞེ༌ ཁྲེལ༌ གྱི༌ པར༌ རིས༌ བཀྲམ༌ སྤེལ༌ འབད༌ ནི༌ དང༌ འཆལ༌ སྤྱོད༌ ཀྱི༌ གཟུགས༌ བརྙན༌ གྱི༌ ཚུ༌ གཞན༌ ལྟ༌ ནིའི༌ དོན༌ ལུ༌ འཆལ༌ སྤྱོད༌ ཀྱི༌ གཟུགས༌ བརྙན༌ ལས༌ རིམ༌ སྟོན༌ ནི༌ ཚུ༌ མ༌ ད༌ སྤུ༌ ལས༌ མ༌ བཏུབ༌ མ༌ ཚད༌ ཉེས༌ འགེལ༌ གྱི༌ ཁྲིམས༌ དང༌ བསྟུན༌ ཏེ༌ ཉེས༌ པ༌ རང༌ རང༌ སོ༌ སོའི༌ ཐོག༌ ལུ༌ སྨིན༌ ནི༌ ཨིནམ༌ ལས༌ ག༌ དེ༌ དྲག༌ དྲག༌ ཟབ༌ ཟབ༌ འབད༌ གནང༌ ཟེར༌ ཞུ༌ ནི༌ དང་དེ་མ་ཚད་དེ་བཟུམ་གྱི་འདོད་སྤྱོད་ཀྱི་གློག་བརྙན་དར་ཁྱབ་གཏང་མི་འདི་གིས་བཟའ་ཚང་མཐུན་འབྲེལ་གྱི་བར་ན་སྟབས་མ་བདེཝ་བྱུང་པའི་ཁར་ལྷག་པར་དུ་ན་གཞོན་བུཚ་དང་བུམོ་ཚུ་ལུ་དཔྱེ་ངན་པ་སྟོན་ཏེ་བཟང་པོའི་ལམ་ལུ་ཁ་ཞུགས་མི་ཚུགས་ནི་ཨིནམ་ལས་ དེ་བཟུམ་གྱི་ལཱ་རྒྱ་འཐབ་ནི་འདི་ག་དེ་དྲག་དྲ་འཛེམ་གནང་ཞུ་ནི་དང་ཅིག་ཁར་ད་རིས་ཀྱི་འཁྲབ༌ སྟོན༌ གྱི༌ ལས༌ རིམ༌ ཡང༌ དེ༌ ཅིག༌ སྦེ༌ ཞུ༌ ཚརཝ༌ ཨིན༌ སྟེ༌ ལས༌ རིམ༌ འདི༌ བཟོ༌ སྟེ༌ རྒྱང༌ བསྒྲགས༌ ཞུ༌ མི༌ ཀརྨ༌ བསྟན༌ འཛིན༌ ཨིན༌ བཀའ༌ དྲིན༌ ཆེ།


གསལ་བཤད།

         གཅིག་ནས་དཔལ་ལྡན་འབྲུག་རྒྱལ་ཁམས་ཀྱི་རྫོང་ཁའི་སྐད་ལ་རྒྱུས་ལོན་དང་གཉིས་ནས་རྫོང་ཁའི་སྐད་ཐོག་ནས་གློག་བརྙན་གྱི་གནད་དོན་འདི་ལ་བསམ་གཞིག་བྱེད་ཆེད་འདིར་བཀོད་པ་ཡིན། 

——རྩོམ་སྒྲིག་པས།

དཔྱད་མཆན་ཡོད།