བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

༡.

1796122795.jpg

         སྤྱི་ཟླ༧པའི་ཚེས༢༤ཉིན།  གཟའ་ཉི་མ། FIRSTན་གཞོན་གློག་བརྙན་འགྲེམ་སྟོན་སྐབས༡༦པའི་སྒེར་ཚུགས་བརྙན་དཔྱད་ཚོགས་པ་གཏན་འཁེལ་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། རྒན་པད་མ་ཚེ་བརྟན་ཐེངས་འདིའི་གློག་བརྙན་དཔྱད་འདེམས་པར་བདམས་འདུག 

1622003372.jpg

༢.

       སྤྱི་ཟླ༧པའི་ཚེས༢༣ཉིན། གཟའ་སྤེན་པ། བསམ་འགྲུབ་ཚེ་རིང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《རྫ་འདབས་ཀྱི་མི་རྒོད》ཕབ་བསྐྲུན་ལེགས་འགྲུབ་བྱུང་།

2078800068.jpg


1352562489.jpg

        སྤྱི་ཟླ༧པའི་ཚེས༢༣ཉིན། གཟའ་སྤེན་པ། ཕྱི་དྲོའི་ཆུ་ཚོད14:00—17:30 དམེ་ཚང་རྟ་ཁོའི་གློག་བརྙན་བརྩམས་ཆོས་གསར་པ《བློ་བཟང་དང་གཡག་རྒན》ཞེས་པ་ཆིན་ཧྭ་སློབ་ཆེན་དུ་ཆེས་ཐོག་མའི་གཟིགས་འབུལ་གནང་།

༣.

769234355.jpg

      སྤྱི་ཟླ༧པའི་ཚེས༢༢ཉིན། གཟའ་པ་སངས། དགོང་དྲོ་ཆུ་ཚོད21:31སྟེང་། འཁྲབ་ཁྲིད་པ་རྒན་པད་མ་ཚེ་བརྟན་གྱི་གློག་བརྙན《དབུགས་ལྒང》ལ་ཀྲུང་གོའི་གློག་བརྙན་མཐུན་ཚོགས་ཀྱི་སྐབས་བཅུ་གཉིས་པའི་ལོ་འཁོར་གློག་བརྙན་གསར་རྩོམ་རྩེ་གྲ་བཅུ་ཡི་བྱ་དགའི་གཏང་རག་ཐོབ།

༤.

561491294.jpg

        སྤྱི་ཟླ༧པའིཚེས༢༠ཉིན། གཟའ་ལྷག་པ། དམངས་ཁྲོད་གཏམ་རྒྱུད《ཏཱ་ནི་སྟོད》གཞིར་བཟུང་ནས་བཅོས་སྒྲིག་བྱས་པའི་བརྩེ་དུང་གློག་བརྙན《ཏཱ་ནི་སྟོད་ཀྱི་ནམ་མཁའ》ཞེས་པ་སྤྱི་ཟླ༨པའི་ཚེས༤ཉིན་དངོས་སུ་འགྲེམ་སྤེལ་བྱེད་རྒྱུ་ཡིན་པའི་སྔོན་བརྡའི་བརྙན་ཐུང་དྲ་ལམ་དུ་བཏང་། འཁྲབ་ཁྲིད་པ་བྱང་སྤྲིན། འཁྲབ་སྟོན་པ། བསམ་འགྲུབ་ཚེ་རིང་། དབང་སྒྲོན་འཚོ།

༥.

1050466985.jpg

       སྤྱི་ཟླ་བདུན་པའི་ཚེས༡༧ཉིན། གཟའ་ཟླ་བ། འཁྲབ་ཁྲིད་པ་འཕགས་པའི་གློག་བརྙན་བརྩམས་ཆོས་གསར་པ《མདངས་དང་འདང》ལ་ཀུན་དོང་འཆར་གཞི་སྐབས་བདུན་པའི་ཕུལ་བྱུང་རྩེ་གྲ་ལྔའི་ན་གཞོན་གློག་བརྙན་འཁྲབ་ཁྲིད་དང་དང་ལས་གཞི་ཞེས་པའི་ཁྲོད་དུ་བདམས་ཐོན་བྱུང་། དེ་སྔ་ཁོང་གིས《མིག་གསུམ་པ》ཞེས་པའི་གློག་བརྙན་ཕབ་མྱོང་།

1908921101.jpg

དཔྱད་མཆན་ཡོད།