འབོར་སྒྲོག་ཚེ་རིང་རྡོ་རྗེའི་གློག་བརྙན་བརྩམས་ཆོས༼དབྱར་གྱི་ཁ་བ༽ཕབ་གྲུབ།

        微信图片_20180817092517.jpg

         འབོར་སྒྲོག་ཚེ་རིང་རྡོ་རྗེའི་གློག་བརྙན་བརྩམས་ཆོས༼དབྱར་གྱི་ཁ་བ  ༽ཞེས་པ་སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ༥པའི་ཚེས༡༧ཉིན་མདོ་སྨད་ཅོ་ནེ་ཆོས་དཔལ་ཞིང་ནས་ཕབ་སྐྲུན་མཛད་སྒོ་སྤེལ་ཞིང་།  སྤྱི་ཟླ༧ཚེས༡༢ཉིན་བརྙན་ཕབ་ཀྱི་ལས་ཀ་ཡོངས་སུ་མཇུག་རྫོགས་སོང་། གློག་བརྙན་འདིའི་ནང་དེང་སང་དབུས་ཕྱོགས་ན་སྐད་གྲགས་ཆེ་བའི་གཞས་པ་བློ་བཟང་བཀྲ་ཤིས་ཀྱི་གཙོ་འཁྲབ་གནང་ཡོད་པ་དང་།   དེ་མིན་གློག་བརྙན་འཁྲབ་སྟོན་ལས་ཕྱོགས་ལ་ཞུགས་མགོ་ཆེས་སྔ་ཤོས་ཀྱི་ཀླུ་ཆུའི་མགོན་པོ་འཚོ་དང་།  བོད་ཀྱི་ཟློས་གར་འཁྲབ་སྟོན་པའམ་རྒྱལ་ཡོངས་འཁྲབ་སྟོན་རིམ་པ་གཉིས་པའི་མཚན་སྙན་ཡོད་པའི་ཚེ་རིང་དོན་འགྲུབ།  ད་དུང་གཙང་དང་ཁམས་ཀྱི་གླུ་བ་གླུ་མ་ཁ་ཤས་ཀྱང་གློག་བརྙན་འདིའི་འཁྲབ་སྟོན་ལ་ཞུགས་ཡོད། གློག་བརྙན་འདི་ནི་འབོར་སྒྲོག་ཚེ་རིང་རྡོ་རྗེའི་བརྩམས་ཆོས་ཐོག་མ་ཡིན་པ་དང་གཞས་པ་བློ་བཟང་བཀྲ་ཤིས་ཐོག་མར་ཞུགས་པའི་གློག་བརྙན་ཡང་ཡིན་པ་མ་ཟད་གློག་བརྙན་འདི་ནི་ཁོ་གཉིས་ཀྱིས་ལོ་ངོ་བཞི་ཙམ་ལ་གྲ་སྒྲིག་དང་འཆར་གཞི་བྱེད་པའི་བོད་ཀྱི་གླུ་གར་གློག་བརྙན་གྱི་ཐོག་མར་བགྲང་ཆོག

 微信图片_20180817092553.jpg

འཁྲབ་ཁྲིད་པ་ངོ་སྤྲོད།

        དངོས་མིང་ཚེ་རིང་རྡོ་རྗེའམ་པིར་མིང་ལ་ཁྲག་སྨྱུག་ཏུ་འབོད་པ་ཁོང་ནི་ལོ་རབས་དགུ་བཅུ་བའི་ནང་མདོ་སྨད་འབོ་ར་ནས་སྐྱེས། ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་པ་དང་གཞུང་རྩོམ་པ་པོ།གཞས་ཚིག་རྩོམ་པ་པོ། གཞས་དབྱངས་རྩོམ་པ་པོ།བརྙན་ལེན་པ། བརྙན་གཟུགས་དྲས་སྒྲིག་ལག་རྩལ་པ། པར་རིས་ཇུས་འགོད་པ་བཅས་ཡིན། ༢༠༠༧ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་བྲིས་རྩོམ་རེ་འགའ་ཚགས་དེབ་དུ་བཀོད་མྱོང་། ༢༠༡༠ལོའི་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ལྷན་འཛོམས་”ཞེས་པའི་བོད་ལྗོངས་ནག་ཆུའི་ཆེས་ཐོག་མའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་སུ་བརྙན་ལེན་པའི་འགན་འཁུར་ནས་བརྙན་གཟུགས་སྒྱུ་རྩལ་གྱི་ལས་ཀར་ཞུགས། ༢༠༡༣ལོར་གཞས་ཚིག་བརྩམས་ཆོས་ཐོག་མ“གསེར་མདོག་གི་རྐང་ལམ”ཞེས་པ་མདོ་དབུས་ཁམས་གསུམ་དུ་བཀྲམ། ༢༠༡༣ལོའི་ནག་ཆུའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་“ས་མཐོའི་མཆོད་སྤྲིན་”སྐབས་དང་བོ་དང་༢༠༡༤ལོའི“ས་མཐོའི་མཆོད་སྤྲིན”སྐབས་གཉིས་པ།ད་དུང་མདོ་དབུས་ཁམས་གསུམ་གྱི་གླུ་གར་སྤྲོ་ཚོགས་དང་གླུ་གཞས་ཆེད་བསྒྲིགས་གང་མང་ཞིག་གི་ནང་དུ་གླུ་ཚིག་དང་དབྱངས་རྟ་བརྩམས་པས་གླུ་གཞས་སྒྱུ་རྩལ་ལ་དགའ་བའི་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་མི་ཉུང་བ་ཐོབ། ༢༠༡༥ལོར་བོད་ལྗོངས་ནག་ཆུའི་“བོད་ལ་དགའ་བརྙན་དབྱངས་གཏོང་སྦྱོར་ཚད་ཡོད་ཀུང་སི་”རུ་ཞུགས་ཏེ་སྒྱུ་རྩལ་བཀོད་འདོམས་པའི་འགན་བླངས།  2016ལོར་དུང་བརྗོད་སྙན་རྩོམ་ཕྱོགས་བསྒྲིགས་《སྟོན་མཇུག་གི་ཕྱིར་མིག》ཅེས་པ་པར་དུ་བསྐྲུན། ད་ལྟ་བོད་ལྗོངས་ནག་ཆུའི་“བོད་ལ་དགའ་བརྙན་དབྱངས་གཏོང་སྦྱོར་ཚད་ཡོད་ཀུང་སི”རུ་རྩོམ་རིག་དང་འཁྲབ་གཞུང་། བརྙན་རིས་སྒྱུ་རྩལ་གྱི་ལས་ཀར་བརྩོན་བཞིན་ཡོད། 

  微信图片_20180817092528.jpg微信图片_20180817092531.jpg

ཕབ་བསྐྲུན་མཛད་སྒོ་སྤེལ་བཞིན་པའི་ཚུལ། 

微信图片_20180817092534.jpg

 微信图片_20180817092537.jpg

微信图片_20180817092540.jpg

微信图片_20180817092547.jpg

微信图片_20180817092550.jpg

བརྙན་ལེན་སྐབས་ཀྱི་པར།


དཔྱད་མཆན་ཡོད།