སྐབས༦༥བའི་པེར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ཀྱི་གློག་བརྙན་༼གཙང་པོ༽ཡི་ཐོག་མའི་གཟིགས་འབུ

照片-3.jpg

     སྐབས༦༥བའི་པེར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ཀྱི་གློག་བརྙན༼གཙང་པོ༽ཡི་ཐོག་མའི་གཟིགས་འབུལ་མཛད་སྒོ་སྤེལ་བ་དང་། ལྷོད་ཤ་ལྡན་ཞིང་བབ་ཆགས་པའི་གཏམ་རྒྱུད་ཀྱིས་ཀུན་གྱི་ཡིད་དབང་འཕྲོག་པར་བྱས།  

             པེར་ལིན་དུས་ཚོད་ལྟར་གྱི་ཟླ༢པའི་ཚེས༡༡ཉིན་གྱི་ཕྱི་དྲོར། སྐབས་༦༥བའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཆེད་གཏོགས་གློག་བརྙན་ཕོ་བྲང་Zoo Palast1དུ། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན་བརྩམས་ཆོས༼གཙང་པོ༽ཡི་ཐོག་མའི་གཟིགས་འབུལ་མཛད་སྒོ་སྤེལ་ཞིང་། ཟོན་ཐར་རྒྱལ་དང་ལས་གྲོགས་ཁ་ཅིག་མཉམ་དུ་མཛད་སྒོར་ཞུགས། མི་གྲངས་ཆིག་སྟོང་དྲུག་བརྒྱ་ལྔ་བཅུ་ཙམ་ཤོང་བའི་གློག་བརྙན་འགྲེམ་སྟོན་ཁང་དུ་གཟིགས་མོ་བས་ཁེངས་ཤིང་།གློག་བརྙན་གཟིགས་འབུལ་མཇུག་རྫོགས་རྗེས་ལྟད་མོ་བའི་དགའ་བསུའི་ཐལ་མོ་རྡེབ་སྒྲ་ཡུན་རིང་དུ་རྒྱུན་མི་ཆད་པར་བྱུང་། གློག་བརྙན་སྐོར་གྱི་བསམ་ཚུལ་བགྲོ་གླེང་བྱེད་སྐབས་ཀྱང་འདུ་འཛི་ཤིན་ཏུ་ཆེ་ཞིང་། ལྷག་པར་དུ་འཁྲབ་སྟོན་མ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོ་ཡི་གསོན་ཉམས་ལྡན་པའི་འཁྲབ་སྟོན་ལ་ཀུན་གྱིས་དགའ་མགུ་དང་གཟེངས་བསྟོད་བྱས་པ་མ་ཟད། ཡུལ་དངོས་ཀྱི་བྱིས་པ་མང་པོ་ཞིག་གིས་འཁྲབ་ཁྲིད་པར་བྱིས་བློའི་དག་གཙང་མ་ཡལ་བའི་དྲི་བ་མང་པོ་ཞིག་བཏོན་སོང་།

                གློག་བརྙན་༼གཙང་པོ༽ཡང་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ་དང་འདྲ་བར། ཐོག་མཐའ་བར་གསུམ་དུ་ཁོ་རང་གི་ཕ་ཡུལ་མདོ་སྨད་ནས་ཕབ་སྐྲུན་བྱས་པ་ཞིག་རེད། ཟོན་ཐར་རྒྱལ་གྱིས་ནམ་ཡང་ཕ་ཡུལ་གྱི་ཡུལ་མི་དཀྱུས་མ་དེ་དག་གི་འཚོ་བ་དང་བརྩེ་དུང་ཡིད་ལ་འཇོག་པར་བྱེད་ཅིང་། གློག་བརྙན་དུ་ལོ་ལྔ་ལས་སོན་མེད་པའི་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་གི་ཁྱིམ་མིའི་མངོན་ལྐོག་གི་འབྲེལ་བ་དེ་དངོས་ཤུགས་གང་རུང་དུ་བརྗོད་ཡོད་ལ།  དེ་བས་ཀྱང་མངོན་མེད་དྲག་ཏུ་རྒྱུ་བའི་ཤ་རུས་ཁྲག་རྒྱུན་གྱི་བར་ཐག་དེ་བཅོས་མིན་དུ་བསྟན་ཡོད། གློག་བརྙན་འདི་ད་དུང་ལྟ་མཁན་དག་གི་སྤྱན་སྔར་གཟིགས་འབུལ་ཐེངས་གཉིས་བྱས་རྗེས། མི་འགྱངས་པར་ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་གསར་ཐོན་པའི་སྡེའིཆུ་ཤེལ་དོམགྱི་བྱ་དགའི་འགྲན་རྩོད་ཁྲོད་ཞུགས་རྒྱུ་རེད།

དཔྱད་མཆན་ཡོད།