མཛོད་དགེ་བརྙན་ལེན་ཚན་ཆུང་གི་ལོ་མཇུག་བྱ་བའི་ཕྱོཊ་བསྡོམས་དང་གློག་བརྙན་གཟིཊ་འགྲེམ།

  1606989103738554.jpg

           སྤྱི་ལོ་༢༠༢༠ལོའི་ཟླ་༡༡པའི་ཚེས་༣༠ཉིན། མཛོད་དགེ་བརྙན་ལེན་ཚན་ཆུང་གི་ལོ་མཇུག་གི་བྱ་བའི་མཇུག་བསྡོམས་དང་གློག་བརྙན་གཟིགས་འགྲེམ་གྱི་ཚོགས་འདུ་དབྲ་ཁྱུང་ཚང་ནས་ཚོགས།

         ཐེངས་འདིའི་བརྙན་འགྲེམ་འདི་ཁག་གསུམ་གྱིས་གྲུབ་ཅིང་། ཐོག་མར། དབྲ་ཁྱུང་ཚང་གི་སྲོལ་འབྱེད་མཁན་དཔལ་བཟང་གིས་མཛོད་དགེ་བརྙན་ལེན་ཚན་ཆུང་བཙུགས་པ་ནས་ད་ལྟའི་བར་གྱི་བརྒྱུད་རིམ་ངོ་སྤྲོད་བྱས་ཤིང་། མཛོད་དགེ་བརྙན་ལེན་ཚན་ཆུང་གིས་ལོ5ལ་རྒྱུན་བསྐྱངས་ནས་རང་ས་རང་སྡེའི་གཏམ་རྒྱུད་བརྗོད་ཀྱིན་ཡོད་ལ། རང་སའི་བརྙན་ལེན་པ་ཏག་ཏག་ཡིན་པའི་ཆ་ནས། མཛོད་དགེའི་བརྙན་ལེན་ཚོ་ཆུང་གི་ལས་མི་ཚོས་རྟག་པར་རང་ཉིད་ཀྱི་འཚོ་བ་དང་འབྲོག་ཁུལ་གྱི་འཚོ་སྟངས་ལ་ལྟ་ཞིབ་དང་ཟིན་ཐོར་འགོད་ཀྱིན་ཡོད། ལོ5རིང་ལ། བརྙན་ལེན་ཚོ་ཆུང་འདིས་བསྡོམས་པས་དངོས་བཤུས་གློག་བརྙན30ལྷག་བཟོས་ཤིང་འདི་དག་གིས་རང་ས་རང་ཡུལ་གྱི་གཏམ་རྒྱུད་དག་དག་བརྗོད་བཞིན་ཡོད། དེ་ཡང་དགེ་རྒན་དཔལ་བཟང་གིས་བཤད་པ་ནང་བཞིན། བརྙན་ལེན་ཚོ་ཆུང་འདི་བཙུགས་པ་ནས་ད་རག་བར་དུ་ཚོད་ལྟ་དང་དཀའ་ཁག་གང་མང་བརྒྱུད་ནའང་། སྔར་བཞིན་གོམ་པ་བརྟན་པོས་འགྲོ་བཞིན་ཡོད་ལ་ནམ་ཡང་གྲུབ་འབྲས་ངེས་ཅན་ཞིག་ལོན་ངེས།

         དེའི་འཕྲོ་ནས་བརྗོད་གཞི་འདེམ་པ་ཡིན་ཞིང་། བརྙན་ལེན་ཚན་ཆུང་ཁ་ཤས་ཀྱི་ལས་མི་སོ་སོས་རེས་མོས་ངང་རང་ཉིད་ཀྱི་གྲ་སྒྲིག་བྱས་ཡོད་པའམ། ཡང་ན་མིག་སྔར་ཕབ་བཞིན་པའི་བརྗོད་གཞི་དེ་ཡུལ་དངོས་ན་ཡོད་པའི་མི་གཞན་དག་ལ་ངོ་སྤྲོད་བྱས་རྗེས། གཞན་པ་དག་གིས་དྲི་བ་གདོན་པའམ་རེ་བ་དང་བསམ་འཆར་བརྗོད་པ་དེ་ཡིན།

1606989208101826.jpg

     མཐའ་མའི་གོ་རིམ་དེ་ནི་གློག་བརྙན་གཟིགས་འགྲེམ་གྱི་བར་སྐབས་དེ་ཡིན། སྐབས་དེར་མཛོད་དགེ་བརྙན་ལེན་ཚན་ཆུང་དང་ས་གནས་བརྙན་ལེན་པ་ཚོས་དངོས་བཤུས་གློག་བརྙན7གཟིགས་འགྲེམ་བྱས་ཤིང་། བརྙན་རེ་བསྟན་ཚར་རྗེས་འཁྲབ་ཁྲིད་པ་དང་ལྟད་མོ་བའི་བར་དུ་བགྲོ་གླེང་བྱས་ཤིང་། ཟུར་སྣེ་མི་འདྲ་བའི་ངོས་ཐད་ནས་བརྙན་ལེན་པ་རང་ཉིད་ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་ཕྱོགས་དེ་རེད།

ད་ལོར་གསར་དུ་ཕབ་པའི་དངོས་བཤུས་གློག་བརྙན་བཞི།

༡.དབྲ་ཁྱུང་ཡེ་གྲགས། ༼   སྤྱང་ཀི་ཐོན་ཐལ། ༽

༢.འབྲོག་པ་མགོན་པོ། ༼   ལུག་རྫི་དང་ཁྲུང་ཁྲུང་། ༽

༣.འཕགས་པ་བཀྲ་ཤིས། ༼   ས་ནག་ཉམས་གསོ་དང་ཨ་བྲ།༽

༤.ལྷ་མོ་སྐྱབས། ༼   བག་བྱིའི་རྐང་འཇིབ། ༽  

༥.འབར་ལབ་གཅེས། ༼   ལུག་རྫི་བརྙན་ལེན་པ།༽

1606989246881376.jpg

           དགེ་རྒན་ཚོས་མཛུབ་སྟོན་དང་སློབ་གྲོགས་ཚོས་རོགས་རེས། ལྟད་མོ་བ་ཚོས་རྒྱབ་སྐྱོར་འོག་ནས་མཛོད་དགེ་བརྙན་ལེན་ཚན་ཆུང་གིས་གོམ་མཚམས་མ་བཞག་པར་མི་ལོ་ལྔ་ལ། རང་གི་ནུས་ཚོད་དང་འཇོན་ཚོད་ཀྱིས་རང་གི་ཕ་ཡུལ་བརྙན་མིག་གིས་ཟིན་བྲིས་བཏབ་པ་ཡིན་ལ། ད་རག་གི་བར་དུ་བསྡོམས་པའི་དངོས་ཟིན་གློག་བརྙན་༤༠ལྷག་ཕབ་ཡོད། འདི་ནི་ཁོ་ཚོ་ལ་མཚོན་ན་རང་གི་རང་གིས་ཤེས་པ་དང་། རང་གི་ཕ་ཡུལ་ལ་རང་ཉིད་དགའ་བ། རང་གི་ཕ་ཡུལ་རང་གིས་སྲུང་བའི་གོ་རིམ་ཞིག་ཡིན་པར་སེམས་ནས། སེམས་ཤུགས་དང་བཅས་མུ་མཐུད་དུ་ལམ་ལ་ཆས་བཞིན་ཡོད།

     ལོ་ངོ་5རིང་ལ། མཛོད་དགེ་བརྙན་ལེན་ཚོ་ཆུང་གིས་ནམ་ཡང་རྒྱུན་མ་ཆད་པར་ཕྱི་ཡི་དངོས་བཤུས་བརྙན་ལེན་མཁན་དང་འབྲེལ་འདྲིས་བྱས་ཤིང་། 2015ལོའི་འབྲུག་སྐྱབས་ཀྱི་བརྙན་ལེན་ལས་སྒྲུབ་ཁང་དང། 2016ལོའི་བརྙན་ལེན་ཚན་ཆུང་ནས་ཡུལ་སྡེའི་མིག ད་དུང་2019ལོའི་པེ་ཅིན་བརྙན་ཐུང་འགྲེམ་སྤེལ(BISFF2019)སོགས་ས་ཁུལ་མི་འདྲ་བ་ནས་བརྗེ་རེས་དང་འབྲེལ་འདྲིས་བྱས་མྱོང་ཡོད་ལ། ལྷག་པར་དུ་བརྙན་ལེན་ཚན་ཆུང་འདིས་རང་ཉིད་ཀྱི་གློག་བརྙན་ས་གནས་དེ་གར་འཁྱེར་ནས་གཟིགས་འགྲེམ་བྱས་ཏེ། ས་དེའི་མི་རྣམས་ལ་རང་ཉིད་ཀྱི་འཚོ་བ་བརྙན་བླངས་ཡོད་པ་དང་ཟིན་ཐོར་ཕབ་ཡོད་པ་ཤེས་སུ་འཇུག་གིན་ཡོད། 

དཔྱད་མཆན་ཡོད།