སྐབས66པའི་ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་བསྡུས་པ།

    IMG_3462.JPG

           ཧྥ་རན་སིའི་ས་དེའི་ཆུ་ཚོད་ཟླ5པའི་ཚེས26ཉིན་གྱི་དགོང་མོར། སྐབས66པའི་ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དངོས་སུ་མཇུག་གྲིལ་ཞིང་། ཐུ་ནེ་སིའི་འཁྲབ་ཁྲིད་པ་ཨ་པུ་ཏེལ་ལ་ཐི་ཧྥུ• ཁེ་ཆི་ཆེ་ཡི་གློག་བརྙན《ཨ་ཏེ་ལི་ཡི་འཚོ་བ》ཞེས་པས་མང་མང་གི་འདོད་མོས་དང་མཐུན་ཏེ་གསེར་གྱི་ཏ་ལའི་བྱ་དགའ་བླངས་པ་མ་ཟད། དུས་ཐོག་དུ་ལོ་འདིའི་གློག་བརྙན་དཔྱད་བརྗོད་པའི་ཧྥེ་པེ་ཞིའི་བྱ་དགའ་རེག

          ཡར་སྔོན་གྱི་ཁན་ནེ་གློག་བརྙན་དུས་སྟོན་སྟེང་སྐར་མ་ཆེས་མཐོ་བ་དང་དཔྱད་འཇོག་ཆེས་བཟང་པའི་གློག་བརྙན་དེ་རྒྱུན་དུ་གསེར་གྱི་ཏ་ལའི་བྱ་དགའ་དང་འགལ་བ་ལྟག་སྤྲོད་དུ་འགྱུར་གྱིན་ཡོད་མོད། འོན་ཀྱང་ལོ་འདིའི་གནས་ཚུལ་ཅུང་དམིགས་བསལ་ཅན་དུ་གྱུར་ཡོད་དེ། 《ཨ་ཏེ་ལི་ཡི་འཚོ་བ》ཞེས་པའི་གློག་བརྙན་འདི་སྒོར་མངགས་མ་ཐག་དཔྱད་འཇོག་པ་ཀུན་གྱི་གདེང་འཇོག་ཚད་མཐོན་པོ་ཐོབ་ཅིང་། གློག་བརྙན་འདི་ཕལ་ཆེར་དཔྱད་འཇོག་པ་ཀུན་གྱི་སེམས་ནང་གི་ཕུལ་བྱུང་གློག་བརྙན་དུ་གྱུར་ཡོད། ཡིན་ཡང་ཀུན་གྱིས་གསེར་གྱི་ཏ་ལའི་བྱ་དགའ་རེག་རྒྱུའི་གོ་སྐབས་འཛོལ་མི་འགྲོ་རམ་སྙམ་པའི་སྐབས་ཐོག་དེར་ སི་ཐྲི་ཝེན • སི་པེ་ཨེལ་པེར་ཀུ་གཙོ་བྱས་པའི་དཔྱད་བསྡུར་ཚོགས་པས་ཏག་ཏག་མི་རྣམས་ཀྱིས་དགའ་མོས་ཆེན་པོ་བྱེད་ཀྱིན་པའི་གློག་བརྙན་《ཨ་ཏེ་ལི་ཡི་འཚོ་བ》ཞེས་པ་ལ་བྱ་དགའི་གཟིགས་བཟོས་ཕུལ་བ་རེད།

          IMG_3462.JPG                                                  སྐབས66པའི་ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བྱ་དགའ་རེག་པའི་གློག་བརྙན།

20130525100529_50424.jpg 

 གསེར་གྱི་ཏ་ལའི་བྱ་དགའ།   《ཨ་ཏེ་ལི་ཡི་འཚོ་བ》   འཁྲབ་ཁྲིད་པ།  ཨ་པུ་ཏེལ་ལ་ཐི་ཧྥུ·ཁེ་ཆི་ཆེ།    ༼ཧྥ་རན་སི ༽

20130514045306470.jpg

ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ།   《ཧེ་ལི》         འཁྲབ་ཁྲིད་པ།  ཨ་མཱ་ཐྲི• ཨེ་སི་ཁཱ་ལན་ཐི།   ༼ མོ་ཞི་ཁོ ༽ 

86820511.jpg

ཕུལ་བྱུང་བརྙན་ཐུང་།   《བདེ་འཇགས》   ༼ ལྷོ་ཁོ་རེ་ཡ ༽

དཔྱད་མཆན་ཡོད།