འཁྲབ་ཁྲིད་པ་གྲགས་ཅན་ཁྱེམ་ཁིས་དྷོའི་རྗེས་དྲན་རྩོམ་ཐུང་།(གཅིག)

       c55e5041ly1glmaxu6511j20a40eh0ua.jpg

        སྐྱེས་སྟོབས་ཀྱི་དཔལ་འབར་བའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་གཏན་དུ་བཞུད་སོང་། སེམས་གཏིང་ནས་རྗེས་དྲན་བྱེད།

——པདྨ་ཚེ་བརྟན།

    དེ་རིང་ཡང་ཁོམ་ལོང་མེད་པའི་ཉིན་ཞིག་ཡིན་པས་ནུབ་མོའི་ཆུ་ཚོད་དགུ་བའི་སྟེང་མ་གཏོགས་པོད་ཕྲན་ཀློག་པའི་དུས་ཚོད་མ་བྱུང་། ལྷོ་ཁོ་རེ་ཡའི་འཁྲབ་ཁྲིད་པ་གྲགས་ཅན་ཀེམ་ཁཱི་ཏི(金基德)ལགས་འདས་པའི་སྐད་ངན་གྱི་གསར་འགྱུར་དེས་ང་རང་ཡིད་སྐྱོ་བའི་གནས་སུ་བསྐྱལ། དེ་ནི་འཛམ་གླིང་གློག་བརྙན་གྱི་གྱོང་གུད་གནམ་གྱིས་མི་ཐེག་པ་ཞིག་ག་ལ་མིན།
         ༢༠༠༢ལོར་ཁོང་གི་མཚན་ཐོག་མར་ཐོས་པ་ཡིན། ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ鳄鱼藏尸日记དེ་པེ་ཅིན་གྱི五道口ཡི་ས་འོག་གློག་བརྙན་ཁང་ཞིག་ཏུ་སྒོར་བཅུ་སྤྲད་ནས་བལྟས་པ་དེ་ཡིད་ལ་ལྷང་ངེར་དྲན་ཡོང་། ཁོང་གི་གློག་བརྙན་བརྩམས་ཆོས་དག་གི་ཁྲོད་བཞེངས་སྐྲུན་བྱས་པའི་མི་སྣ་དག་ནི་བཟང་ངན་གྱི་དབྱེ་བ་དགར་བྱེད་མ་ཡིན་པར་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་དག་གི་དགའ་སྐྱོ་ཆགས་སྡང་དང་གདུག་རྩུབ་སོགས་ཀྱི་གཟུགས་རིས་དངོས་དེ་ཡིན།
        ༢༠༠༦ལོ་ཙམ་ལ་ཁོང་གིས་པེ་ཅིན་སློབ་གྲྭ་ཆེན་མོར་གློག་བརྙན་གཟིགས་འབུལ་དང་འཆད་ཁྲིད་ཅིག་གི་སྐབས་སུ་ཁོང་དང་མཉམ་པར་ཞིག་ཀྱང་བླངས་པ་དྲན།
          ༢༠༠༢ལོ་ནས་ད་བར་ཁོང་གློག་བརྙན་དང་དངོས་བཤུས་ཀྱི་DVDམང་པོ་ཉར་ཚགས་ཀྱང་བྱས་ཡོད།
  ང་རང་ཁོང་གི་གློག་བརྙན་དག་ལ་དགའ་དོན་གཙོ་བོ་ནི། ང་ཚོའི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བའི་དད་པ་དང་ཡིད་ཆེས་དག་གློག་བརྙན་གྱི་ལག་ཐབས་ཀྱིས་མཚོན་པ་བབས་ཆགས་ཤིང་། གློག་བརྙན་རིག་པའི་གཞུང་ལུགས་དང་ལག་ལེན་ཡང་འཛམ་གླིང་གློག་བརྙན་གྱི་རྩེ་གྲར་བསྙེག་བཞིན་ཡོད་པས་ཡིན་ནམ་སྙམ།
           ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།

——འཇམ་དབྱངས་དབང་ཕྱུག

        ཁོང་གི་གློག་བརྙན་མ་ལུས་པར་བལྟས། གསར་པ་རེ་བྱུང་ན་མྱུར་བར་ཨེ་རག་བལྟས། ཕྲན་ཆེས་དགའ་སའི་སྒྱུ་རྩལ་བ་ཞིག་ཡིན། ཕངས་པ་ལ་ཨང་།

    ——སྐྱབས་ཆེན་བདེ་གྲོལ།

        བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ། ཁྱེད་ཀྱི་གློག་བརྙན་གསར་བ་ཞིག་ལ་སྒུག་ཡོད་ཀྱང་། བསོད་ནམས་མ་ལྡན།

           ——བསོད་ནམས་རྡོ་རྗེ།

         ཁོ་བརྒྱུད་ནས་ཁོ་རི་ཡའི་གློག་བརྙན་ལ་མཉམ་བཞག  ཁོའི་གློག་བརྙན་དག་ཉལ་ཐ་དང་འདྲ། ལྟ་མགོ་བརྩམས་པ་ནས་མུ་མཐུད་གཞན་དག་ལ་བལྟ་འདོད་འགོག་མེད་འཆར་ཡོང་། གློག་བརྙན་རེ་རེས་འཆར་སྒོ་སྤྲིན་ལྟར་འཁྲུགས་པར་བྱས།  སྐྱེ་བ་ལན་དུ་མར་བརྗེ་བ་དང་། རྩ་ཉོན་ཉེ་ཉོན་དག་ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་ལྟར་བྱེད། ངས་ཀྱང་དེ་ལྟར་ཁོའི་གློག་བརྙན་ཐམས་ཅད་ལ་བལྟས། ཨ་རིས་རཱར་ལྟ་སྐབས་མིག་ཆུ་འཆོར་མྱོང་། ཁོའི་གློག་བརྙན་གྱི་འཇིངས་ཆེན་པོར་རབ་ཏུ་ཤིན་ཏུ་ལྷུང་ཏེ་ཕྱིར་ཐོན་སའི་སྒོ་མ་རྙེད་དུས་མང་། ཁོའི་གློག་བརྙན་ལ་བལྟ་མཁན་དག་ལ་རྡོ་རྗེ་ལྟ་བུའི་སྙིང་ངེས་པར་དགོས་བསམ། ཁོང་བུད་སོང་། ད་རུང་ཡང་ཉམས་ཟད་པའི་ངོ་གདོང་དང་། བྱ་ཐབས་བྲལ་བའི་ཁེར་ཧྲེང་གི་མི་དག ཆོབ་ཚ་ལ་ངུ་བྲོ་བའི་སྦྱོར་བ་དག་ད་དུང་ཡང་མིག་ལ་ཡང་ཡང་འཁོར་ཡོང་།

   ——བྱམས་ཕྲུག

       ཁོ་རང་བཞུད་པ་ནི་འཛམ་གླིང་གློག་བརྙན་གྱི་གྱོང་གུད་ཅིག་ཅི་ལ་མིན།

                ——ཁྲི་བཀྲ་རྒྱམ།

      ལོ་རྒན་དྲུག་ཅུ་ཅན་གྱི་གློག་བརྙན་བདག་ཉིད་དེ། ཁོ་རེ་ཡའི་གློག་བརྙན་སྒྱུ་རྩལ་པ་གྲགས་ཅན་ཅིན་ཅེ་ཏིག་འཇིག་རྟེན་དཀར་ངོགས་ལས་གཟིམས་པའི་གདུང་བ་ཐོས་སོང་། གློག་བརྙན་ལོ་རྒྱུས་བྱུང་འཕེལ་ལ་གོད་ཆག་ཐེངས་ཤིག་ཐེབས་སོང་བ་རེད།

——ཟླ་ཚང་དཔལ་མཁར་རྒྱལ།

(དཔྱད་གཏམ་འདི་དག་དྲ་བའི་སྒང་ནས་བཏུས་པ་ཡིན། )

དཔྱད་མཆན་ཡོད།