དར་རྒྱས་བསྟན་འཛིན་གྱི་གློག་བརྙན«དར་སྐུད་དམར་པོ»ཕབ་ནས་གྲུབ།

       2004-01-03_033502.jpg      

    གཏམ་རྒྱུད་གློག་བརྙན༼དར་སྐུད་དམར་པོ༽ཞེས་པ་དེ2015ལོའི་ཟླ2པར་མདོ་དབུས་མཐོ་སྒང་གི་མཚོ་སྔོན་ཡུལ་ཤུལ་ས་ཆའི་ནང་ཆེན་ནས་ཕབ་བསྐྲུན་ལེགས་འགྲུབ་བྱུང་། འདི་ནི་དམིགས་གསལ་གྱི་ཁོར་ཡུག་འོག་ནས་ཕབ་སྐྲུན་བྱས་ཤིང་དམིགས་གསལ་གྱི་བརྗོད་བྱ་ཞིག་བརྗོད་གཞི་བྱས་པའི་གློག་བརྙན་ཞིག་རེད།

            2004-01-03_033537.jpg           

བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ།   འཁྲབ་སྟོན་པ། ཉི་མ་སྲུང་སྲུང་། ཡེ་ཤེས་མཚོ་མོ།

2004-01-03_033632.jpg

བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ། འཁྲབ་སྟོན་པ། བློ་གྲོས་སེང་གེ དཔལ་ཆེན་དབང་རྒྱལ།  

2004-01-03_033703.jpg

བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ། འཁྲབ་སྟོན་པ།  དཔལ་ཆེན་དབང་རྒྱལ། ཡེ་ཤེས་མཚོ་མོ།

2004-01-03_033739.jpg

བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ།   

2004-01-03_033931.jpg

བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ། འཁྲབ་སྟོན་པ།  བློ་གྲོས་སེང་གེ ཡེ་ཤེས་མཚོ་མོ།

2004-01-03_034014.jpg

བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ། འཁྲབ་སྟོན་པ།  ཡེ་ཤེས་མཚོ་མོ། ཉི་མ་སྲུང་སྲུང་།

2004-01-03_034055.jpg

 བརྙན་ལེན་སྐབས་ཀྱི་གསར་འགྱུར་ཐོར་བུ། 

 

      དར་རྒྱས་བསྟན་འཛིན། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ནང་ཆེན་རྫོང་གི་མི་ཡིན། བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་སྒྲིག་པ། དར་རྒྱས་བསྟན་འཛིན་གྱིས་སྔ་གཞུག་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་(བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག དངོས་གཞི) ཀྲུང་གོའི་བརྙན་གཏོང་སློབ་ཆེན། པེ་ཅིན་གློག་བརྙན་སློབ་གླིང་སོགས་ནས་འཁྲབ་ཁྲིད་དང་འཁྲབ་གཞུང་སྒྲིག་སྦྱོར་སྐོར་ལ་སྦྱངས་པ་བྱས་མྱོང་། དངོས་སུ་ཞུགས་ནས་གསར་རྩོམ་བྱས་པའི་གཏམ་རྒྱུད་གློག་བརྙན་ལ༼སྒྲོལ་མའི་སྐྱེས་པ༽དང་༼ལོ་ཟླའི་བར་མཚམས༽ ༼ཨ་མའི་ཟུར་བརྟེན་དགའ་རོགས༽བཅས་ཡོད། ཀྲུང་གོའི་ལོང་བའི་དངོས་བཤུས་གློག་བརྙན་ལ༼རླུང་གི་ཁ་མདོག༽དང་༼དཔའ་རྟུལ༽༼མི་ཚེའི་ལོག་མལ༽ དང་བཅས་རང་གིས་རྩོམ་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་ཀ་གཅིག་ལྕོགས་སུ་འཁུར་བའི་གཏམ་རྒྱུད་གློག་བརྙན་ལ༼དར་སྐུད་དམར་པོ༽ཡོད། 

 

          2004-01-03_034211.jpgདར་རྒྱས་བསྟན་འཛིན་འཚོ་བ་དང་རང་བྱུང་ལ་དགའ་ཞེན་ཆེ་ཞིང་། རང་གི་སྐྱེ་ས་སྐྱེ་ཡུལ་གྱི་གངས་རི་དང་རྩྭ་ཐང་ལ་བརྩེ་བ་ཟབ་མོ་བཅངས་ཡོད། ལོ་ངོ་མང་པོའི་རིང་བོད་ཀྱི་རིག་གནས་དང་གློག་བརྙན་ཆེད་ལས་སྐོར་ལ་སྦྱངས་པ་བྱས་པ་བརྒྱུད། ཁོས་བོད་ཀྱི་རིག་གནས་བརྒྱུད་སྒྲོག་བྱེད་རྒྱུ་དེ་རང་གི་ཕྲག་སྟེང་དུ་བླངས་ཤིང་སྔོན་ཐོན་གྱི་པར་མིག་བེད་སྤྱད་ནས་བདེན་པའི་རང་སྒྲ་མ་ཡལ་བར་ཟབ་ཅིང་ཡངས་བའི་བོད་ཀྱི་རིག་གནས་དང་འགྲན་པའི་ཟླ་དང་བྲལ་བའི་མཐོ་སྒང་གི་ཡུལ་ལྗོངས། མི་སེམས་གཏིང་ནས་སྒུལ་བའི་ཡིད་འོང་གི་གཏམ་རྒྱུད་སོགས་འཛམ་བུ་གླིང་དུ་སྒྲོག་པར་ཁས་འཆེས། 

དཔྱད་མཆན་ཡོད།