ཟླ་༡༡ཚེས་༡༨ཉིན་ནས་«ཐར་ལོ»བོད་ཀྱི་ས་ཆ་དག་ནས་བསྟན་གྲབས་འདུག

1477008929931982.jpgཔད་མ་ཚེ་བརྟན་གྱི་གཏམ་རྒྱུད་བརྙན་རིང་ལྔ་བ་ཐར་ལོ་ཞེས་པ་ཐོག་མའི་གཟིགས་འབུལ་བྱས་པ་ནས་ད་བར།འཛམ་གླིང་ཤར་ནུབ་ཀྱི་ས་ཆ་མང་པོ་ནས་བསྟན་ཅིང་། སྔ་ཕྱིར་ཝེ་ཉིས་ཟི་སི་དང་གསེར་གྱི་གྱི་ལིང་རྟགས་མ་སོགས་ཀྱི་འོས་མིང་དང་བྱ་དགའ་རབ་དང་རིམ་པ་ཐོབ་ཅིང་། ཀུན་གྱིས་བསྟོད་པའི་གནས་སུ་གྱུར་ནས་འདུག

སྤྱི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་གློག་བརྙན་ཐར་ལོ་ཉིག་ཡོག MoMA དེང་རབས་སྒྱུ་རྩལ་འགྲེམ་སྟོན་ཁང་ནས་བྱང་མེ་གླིང་གི་ཐོག་མའི་འགྲེམ་སྟོན་གྱི་མཛད་སྒོ་སྤེལ་རྗེས། ཀུན་གྱིས་དགའ་བསུ་ཐོབ་ཅིང་རྒྱལ་སྤྱིའི་གློག་བརྙན་དཔྱད་བརྗོད་པ་མང་པོས་གདེང་འཇོག་མཐོན་པོ་གནང་།  སྤྱི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་།  གློག་བརྙན་ཐར་ལོ་དབྱིན་ཇི་རྒྱལ་ཁབ་ཏུའང་འགྲེམས་སྤེལ་བྱེད་མགོ་ཚུགས། མིག་སྔར། ལོན་ཏུན་དང་པོ་ལའོ་སི་ཐའོ་ཨར། ཞེ་ཧྥེ་ཨར་དི། ཏཱ་ཐན་ཏོན། ཉིག་ཅིན། ཨེ་ཏན་པོ། ནའོ་ཏན་ཧན་སོགས་གྲོང་ཁྱེར་མང་པོའི་གློག་བརྙན་ཁང་ཉི་ཤུ་ལྷག་གི་ནང་དུ་སྟོན་བཞིན་ཡོད་ལ། ད་ལོའི་ལོ་མཇུག་སྟེ་ཟླ་ ༡༢པའི་ཚེས་༩ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད་འདུག འདི་ཡང་བོད་སྐད་གློག་བརྙན་གྱི་འགྲེམ་སྤེལ་སོགས་ཐད་ནས་བླངས་པའི་འཕུར་མཆོངས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པར་འདོད་དོ། ། 

ཉེ་བའི་གསར་འཕྲིན་ལྟར་ན། རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དག་ནས་མ་བསྟན་པའི་སྔོན་སྟེ། ཟླ་༡༡པའི་ཚེས་༡༨ནས་བོད་ཁུལ་དང་ནུབ་བྱང་གི་ས་ཆ་ནས་སྔོན་ལ་སྟོན་རྒྱུ་ཡིན་པ་བསྒྲགས་འདུག 


 1477008757123681.jpeg

                         ——  ཐར་ལོའི་སྒྲོག་པར་གཉིས།  ——


ཟུར་བཀོད།



  པད་མ་ཚེ་བརྟན་གྱིས«ཐར་ལོ»ཞེས་པའི་གློག་བརྙན་གསར་པ་ཞིག་ཕབ་གྲབས། http://2016.filmtbt.com/news/pal/2015-04-08/413.html

∷ #ཐར་ལོ་ཐད་གཏོང་།# http://2016.filmtbt.com/news/nyan/2015-04-27/417.html

∷ གློག་བརྙན་གསར་པ«ཐར་ལོ»ཡི་ཕབ་སྐྲུན་མཛད་སྒོ། http://2016.filmtbt.com/news/nyan/2015-05-01/420.html

∷ གློག་བརྙན«ཐར་ལོ»ཡི་ལོ་རྒྱུས་རང་བཞིན་གྱི་དུས་ཚོད་ཅིག http://2016.filmtbt.com/news/nyan/2015-05-22/428.html

∷ གཞས་པ་གྲཊ་ཅན་བདེ་སྐྱིད་ཚེ་རིང«ཐར་ལོ»ཕབ་ཏུ་ཕེབས། http://2016.filmtbt.com/news/mi/2015-05-26/429.html

∷ རྨ་ལྷོ་བོད་ཡིག་ཚགས་པར་ཁང་གིས«ཐར་ལོ»ཡི་སྐོར་བཀོད། http://2016.filmtbt.com/news/pal/2015-05-30/431.html

∷ «ཐར་ལོ»ཝེ་ཉིས་ཟི་རུ་བསྐྱོད་རྒྱུ། http://2016.filmtbt.com/news/nyan/2015-08-31/442.html

∷ པདྨ་ཚེ་བརྟན་གྱི་གློག་བརྙན༼ཐར་ལོ ༽ཝེ་ནཱ་སི་ནས་ཐོག་མའི་གཟིགས་འབུལ་ཞུས། http://2016.filmtbt.com/news/nyan/2015-09-07/444.html

∷ ཐར་ལོ་ཡི་སྔོན་བརྡའི་བརྙན། http://2016.filmtbt.com/movies/trailer/2015-09-08/445.html

∷ གློག་བརྙན《ཐར་ལོ》གསེར་གྱི་གྱི་ལིང་རྟགས་མའི་སྡེ་ཚན་བཞིའི་འོས་མིང་དུ་ཚུད་པ། http://2016.filmtbt.com/news/nyan/2015-10-02/451.html

∷ «ཐར་ལོ»མདང་དགོང་པེ་ཅིང་གི་བྷི་རོ་ཌི་ཝེ(Broadway)ནས་བསྟན། http://2016.filmtbt.com/news/nyan/2015-10-26/457.html

∷ ༼ཐར་ལོ ༽དང་གསེར་གྱི་གྱི་ལིང་རྟགས་མའི་སྔོན་བསུའི་གཟིགས་འབུལ། http://2016.filmtbt.com/news/nyan/2015-11-17/464.html

∷ གཙང་བོ་དང་ཐར་ལོ་ལ་ཡང་བསྐྱར་བྱ་དགའ། http://2016.filmtbt.com/news/dok/2016-05-09/510.html

དཔྱད་མཆན་ཡོད།