གློག་བརྙན་ཁྲོད་ཀྱི་ཤེས་རབ་ཀྱི་མིག ___ ཁུ་རོ་ས་བ།

དུས་རབས་ཤིག་གི་ཤེས་རབ་ཀྱི་རི་མོ་གཟུགས་སུ་གྲུབ་པའི་ཉི་ཧོང་གི་མི་ཕོ་ཞིག


 ཁུ་རོ་ས་བ་ནི་དུས་རབས་ཉི་ཤུ་བའི་ཉི་ཧོང་གི་འཁྲབ་ཁྲིད་པ་གྲགས་ཅན་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། མི་རྣམས་ཀྱིས་ཁོང་ལ་གློག་བརྙན་གྱི་གནམ་བསྐོས་གོང་མ་ཞེས་འབོད། དང་ཐོག་འདིར་སུན་འབྱིན་གྱི་དོན་ཡོད་དེ། ཁོང་གིས་འཁྲབ་སྟོན་ལ་མཛུབ་སྟོན་བྱེད་དུས་ནན་ཏན་ཆེ་དྲགས་པ་དང་བཙན་དབང་སྒེར་གཅོད་ལ་གོ་བ་ཡིན་མོད། ཕྱིས་སུ་འདི་ནི་ཡང་དག་པའི་བསྟོད་ཚིག་ཅིག་ཏུ་གྱུར་བ་ཡིན།

ཁོ་ནི་ལོ་ཉེར་དྲུག་ཐོག་གློག་བརྙན་ལས་རིགས་སུ་ཞུགས་ཤིང་། མི་ཚེ་གང་བོར་འཁྲབ་ཁྲིད་བྱས་པའི་གློག་བརྙན་སོ་གཅིག་དང་། བཅོས་སྒྲིག་བྱས་པའི་འཁྲབ་གཞུང་རྣམས་གློག་བརྙན་དུ་ཕབ་པ་དྲུག་ཅུ་རེ་བརྒྱད་ཡོད། ཁོང་ནི་ནན་ཏན་དང་སྒེར་གཅོད་ཀྱི་གློག་བརྙན་ཀྱི་གནམ་བསྐོས་གོང་མ་རེད་ཟེར་ལ། ཀྲང་དབྱི་མོའུ་དང་ཝུའུ་ཡུའེ་སིན། ཏུའུ་ཆི་ཧྥུ་ལ་སོགས་པའི་ཀྲུང་གོའི་འཁྲབ་ཁྲིད་པ་རྣམས་ལ་ཁོང་གི་ཤན་ཤུགས་ཟབ་མོ་ཐེབས་ཡོད་ལ། ཨ་རིའི་གྲགས་ཅན་གྱི་འཁྲབ་ཁྲིད་པ་ཧྲི་ཏེ་ཧྥུན་སི་ཕེ་ཨར་པོ་ཀུ་ཡིས་ཁོང་ནི“གློག་བརྙན་ཁྲོད་ཀྱི་ཧྲ་ཧྲི་པེ་ཡཱ”རེད་ཅེས་གསུངས།

ཁུ་རོ་ས་བ་ནི་སྤྱི་ལོ1910ལོར་ཉི་ཧོང་ཏུང་ཅིན་གྱི་དམག་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ནས་ཁྱིམ་ཚང་གི་སྒྲིག་ལམ་དམ་པོ་ཡོད་ལ། ཨ་ཕས་ཁོང་ལ་གྲི་རྩལ་སྦྱངས་སུ་བཅུག་ཅིང་། ཕུ་བོས་ཀྱང་ཁོང་གི་མི་ཚེར་ཤན་ཤུགས་ཆེན་པོ་ཐེབས། ཁོང་རང་ཉིད་ནི་ཡིག་གཟུགས་དང་རི་མོར་སྤྲོ་སྣང་ཆེ་ཞིང་རི་མོ་བ་བྱེད་འདོད་ཡོད་ཀྱང་། སྐབས་དེར་རི་མོ་བའི་ལས་རིགས་འདི་ལ་ཡོང་སྒོ་ཤིན་ཏུ་ཉུང་། ཁོང་གི་མི་ཚེའི་ནང་ཉི་ཧོང་ལོ་རྒྱུས་ལ་རླབས་ཆེའི་འགྱུར་བ་བྱུང་ཡོད་དེ། བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྒྱལ་རབས་ཤིག་ནས་འཛམ་གླིང་གི་བཟོ་ལས་རྒྱལ་ཁབ་ཆེན་པོ་ཞིག་ཏུ་ཆགས། ཧེ་ཙེ་མིང་ཁོང་ཉིད་དགུང་ལོ་ཉེར་དྲུག་ལ་སླེབས་ཚེ། སྟབས་ལེགས་པའི་གོ་སྐབས་ཤིག་གིས་ཁོང་ཉིད་བརྙན་སྟེགས་སུ་ཕེབས་ནས་རང་ཉིད་ཀྱི་གློག་བརྙན་མི་ཚེའི་མགོ་བཙུགས།

སྤྱི་ལོ1934ལོར་ཧེ་ཙེ་མིང་ཡིསPCLགློག་བརྙན་ལས་ཁུངས་ནས་འཁྲབ་ཁྲིད་ལས་རོགས་པའི་འཛིན་ཡིག་བླངས། ཧྲན་པིན་ཅཱ་ཚི་ལང་བྱ་བ་སློབ་དཔོན་དུ་བསྟེན་ནས་འཁྲབ་ཁྲིད་དང་འཁྲབ་གཞུང་བཅོས་སྒྲིག་ལ་སློབ་གཉེར་གནང་། ཁོང་ནི་ངའི་མི་ཚེ་ནང་གི་ཆེས་བཟང་ཞིང་བཀའ་དྲིན་ཤིན་ཏུ་ཆེ་བའི་དགེ་རྒན་དེ་ཡིན་ཞེས་ཧེ་ཙེ་མིང་ཡིས་ཟེར་མྱོང་ཡོད། དགེ་རྒན་དམ་པའི་མཛུབ་སྟོན་འོག ཁོང་ནི་རིམ་པ་གསུམ་པའི་འཁྲབ་ཁྲིད་པ་གཞོན་པ་ནས་རིམ་པ་དང་པོའི་འཁྲབ་ཁྲིད་པ་གཞོན་པར་གྱུར། ཕྱིས་སུ་ཁོང་ཉིད་འཁྲབ་གཞུང་རྩོམ་མཁན་ཞིག་བྱས་ནས《དྷརྨ་དགོན་པའི་ནང་གི་འཇར་མན་པ》དང《ཁུ་སིམ》《ཁ་བ》བཅས་སྤེལ་ཡོད་པ་རྣམས་ལ་ལྟ་མཁན་རྣམས་ཀྱི་གདེང་འཇོག་ཡག་པོ་ཐོབ།

སྤྱི་ལོ1943ལོར། ཁོང་གིས་རང་མི་སྒེར་གྱི་གློག་བརྙན་དང་པོ《སྦེ་གའི་གཏམ་རྒྱུད》འཁྲབ་ཁྲིད་གནང་བ་རེད། དེ་ནི་ན་གཞོན་སྦེ་ག་བ་ཞིག་གི་སྒྲུང་ཐུང་ལ་གཞིགས་ནས་འཁྲབ་པ་ཡིན། འདི་ནི་ཧེ་ཙེ་མིང་ཡིས་ཐེངས་དང་པོར་གློག་བརྙན་འཁྲབ་ཁྲིད་གནང་བ་ཡིན་ཡང་། ཁོང་གི་མིང་ནི་གློ་བུར་དུ་ཉི་ཧོང་ཡོངས་ལ་གྲགས། གློག་བརྙན《ལོའུ་ཧྲིན་མིང》ནི་ཉི་ཧོང་དུ་ཐེངས་དང་པོར་སྤེལ་དུས་དེ་འདྲ་དགའ་བསུ་ཐོབ་མེད། ཡིན་ཡང་ཧང་སངས་དགོས་པ་ཞིག་ནི་ནུབ་ཕྱོགས་རྒྱལ་ཁབ་དང་ཁྱད་པར་དུ་ཧྥ་རན་སི་ནས་དགའ་བསུ་ཆེན་པོ་ཐོབ་པ་རེད།

སྤྱི་ལོ1998ལོར། དུས་སྐབས་གཅིག་གི་སྐྱེས་ཆེན་ཧེ་ཙེ་མིང་ཚེ་ལས་འདས་པ་དེས། གློག་བརྙན་བཟོ་སྐྲུན་ཁང་ཆེན་མོའི་སྲོལ་རྒྱུན་གློག་བརྙན་དེ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་བུད། དེང་རབས་གློག་བརྙན་གྱི་ལྟ་བ་དང་བསྟུན་ནས་སྤེལ་ཡོད་པ་མཚོན་ལ། ཉི་ཧོང་གློག་བརྙན་གྱི་དུས་རབས་གསར་བ་ཞིག་སླེབས། ཧེ་ཙེ་མིང་ནི་དགུང་ལོ་བརྒྱད་ཅུ་ལ་ལོན་དུས་ད་དུང་གློག་བརྙན་པར་ལེན་གནང་བཞིན་ཡོད་གྲགས། དགུང་གྲངས་གྱ་བརྒྱད་ལ་བཞུགས་ཤིང་། སྤྱི་ལོ1998ལོའི་ཟླ9པར་ཁོང་ཉིད་ཚེ་ལས་འདས། མྱ་ངན་གྱི་ཚོགས་འདུ་རུ་མི35000ཞུགས་ཡོད། སྤྱི་ལོ1999ལོར། ཧེ་ཙེ་མིང་ནི་ཨ་རིའི《དུས་རབས》ཀྱི་བདུན་དེབ་ཀྱིས་དུས་རབས་ཉི་ཤུ་པའི་ནང་ཡ་གླིང་དུ་ཆེས་སྐུལ་ནུས་ཆེ་བའི་མི་སྣ་ཞིག་ཏུ་བདམས་ཡོད། 

དཔྱད་མཆན་ཡོད།