སྐལ་བཟང་ཉི་མ།

gaitubao_com_15104806275459.jpeg

     སྐལ་བཟང་ཉི་མ་ནི་གུང་ཁྲན་ཏང་ཡོན་དང་མཐོ་རིམ་གསར་འགོད་པ་ཡིན། ༡༩༨༩ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་མི་རིགས་སྐད་ཡིག་སྡེ་ཁག་ནས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན། ད་སྐབས་བོད་ལྗོངས་འཇིག་རྟེན་བརྙན་པར་རིག་གནས་འཕྲིན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་དང་། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་ལས་འཛིན་པ་ཡིན། 

     སྐལ་བཟང་ཉི་མས་རིག་རྩལ་ཁྱབ་སྒྲོག་གི་བྱ་བ་བསྒྲུབས་ནས་ལོ་ཉི་ཤུ་ལྷག་འགོར་ཡོད་ལ། ཁོང་གིས་དུས་དང་རྣམ་པ་ཀུན་དུ་ཐོག་མའི་ཀུན་སློང་དང་འབད་བརྩོན་གྱི་སེམས་ཤུགས་མ་ཆག་པར་བོད་འབྲེལ་གློག་བརྙན་དང་ལེ་ཚན་མང་པོ་གསར་རྩོམ་བྱས་འབྲས་སུ་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་མཐུན་ཚོགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ་ཀྲུང་གོའི་གསར་འགྱུར་ཐའོ་ཧྥིན་བྱ་དགའ་ཞེས་པ་ཐོབ་མྱོང་ཡོད། ཁོང་གིས་འཁྲབ་ཁྲིད་པ་དང་སྤྱིའི་བཟོ་སྐྲུན་པའི་འགན་གཅིག་ལྕོགས་གནང་བའི«བདེ་ལྡན་ཞིང་བཟང»(凡尘净土) ནི་རྒྱལ་ཡོངས་མི་རིགས་ཀྱི་ལོ་རྒྱུས་བརྗོད་པའི་དངོས་བཤུས་གློག་བརྙན་ཐོག་མ་དེ་ཡིན། འདི་ལ་སྔ་ཕྱིར་སྐབས་ལྔ་པའི་ཝུན་ཀའོ་ཧྭ་རྒྱ་སྐད་གློག་བརྙན་དུས་ཆེན་གྱི་དངོས་བཤུས་གློག་བརྙན་རྩེ་གྲ་ཡི་བྱ་དགའ་ཐོབ་པ་མ་ཟད། ཁ་ཎ་ཊའི་གསེར་གྱི་ལོ་མ་ཞེས་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྒྱུ་རྩལ་མཛུབ་སྟོན་རྩེ་གྲའི་བྱ་དགའ། སྐབས་ཉེར་དྲུག་པའི་ཀྲུང་གོའི་གསེར་བྱ་མེ་ཏོག་སྣ་བརྒྱ་ཞེས་པའི་གློག་བརྙན་དུས་ཆེན་ལས་མི་རིགས་གློག་བརྙན་འགྲེམ་སྟོན་གྱི་ཕུལ་བྱུང་གློག་བརྙན་བྱ་དགའ་ཐོབ།  འདི་ཡང་ཆེས་ཐོག་མར་བོད་ཀྱི་གློག་བརྙན་ལ་རྒྱལ་ཕྱི་ནང་ནས་བྱ་དགའ་ཆེན་པོ་ཐོབ་པ་ཞིག་ཡིན། གཞན་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་དང་ཆེད་མཁས་པ་མང་པོས་གཟེངས་བསྟོད་དང་གདེང་འཇོག་ཚད་མཐོན་པོ་གནང་གཤིས། ཁོང་གི་དངོས་བཤུས་གློག་བརྙན་འདི་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པར་ཕུལ་པའི་བརྙན་རིས་ལེགས་སྐྱེས་ཀྱི་གྲས་སུ་ཚུད་ཡོད། 

gaitubao_com_15104807220422.jpeg

      «མེ་ཏོག་གི་གཏམ་རྒྱུད»(墨脱往事) ཅེས་པ་ནི་ཁོང་གིས་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པའི་འགན་གཅིག་ལྕོགས་གནང་བའི་བོད་ལྗོངས་ཀྱི་ལོ་རྒྱུས་གློག་བརྙན་ཐོག་མ་དེ་ཡིན་ལ། འདི་ཡང་བོད་ཞི་བས་བཅིངས་གྲོལ་བྱས་ནས་ལོ་འཁོར་དྲུག་ཅུ་འགོར་པའི་རྗེས་དྲན་དུས་སྟོན་ལ་ཕུལ་བའི་ལེགས་སྐྱེས་ཀྱི་གྲས་སུ་ཚུད་པ་མ་ཟད། འཁྲབ་གཞུང་ལ་བརྒྱད་གཅིག་བུམ་པ་ཞེས་པའི་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ།  ཁོང་གིས་རྩ་འཛུགས་དང་འཆར་འགོད་གནང་བའི་གློག་བརྙན«གྲྭ་པ་ཆུང་ཆུང» (小札巴) དང«རྒྱུགས་ཤིག རྐྱང་དཀར།» (快跑,锦格尔) «ངའི་བསམ་པར་ཁྱེད་དང་མཉམ་དུ་ལྷ་སར་བསྐྱོད» (我想和你去拉萨) ཅེས་པ་སོགས་ལ་སྤྱི་ཚོགས་ཐོག་གཟེངས་བསྟོད་བྱ་དགའ་གང་མང་ཐོབ་ཡོད།

དཔྱད་མཆན་ཡོད།