ནོར་བུ་དགྲ་འདུལ་གྱི་བརྙན་ཐུང«རྨི་ལམ་འཁྲུག་པ»གློག་བརྙན་དུས་ཆེན་དུ་ཚུད།


640-2.jpg

      ན་གཞོན་འཁྲབ་ཁྲིད་པ་མདོ་སྨད་ཁྱུང་མཆུའི་ནོར་བུ་དགྲ་འདུལ་གྱིས་འཁྲབ་ཁྲིད་བྱས་པའི་སྤྱི་ཕན་བརྙན་ཐུང《རྨི་ལམ་འཁྲུག་པ》ཞེས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གློག་བརྙན་དུས་ཆེན་གྱི་གྲལ་དུ་ཚུད་འདུག གློག་བརྙན་དུས་ཆེན་འདི་ནི་ས་སྒང་ཧྲིལ་བོའི་གཞི་ཁྱོན་ཆེས་ཆེ་བ་དང་བྱ་དགའ་ཆེས་མཐོ་བའི་བརྙན་ཐུང་གློག་བརྙན་དུས་ཆེན་གྱི་ཡ་གྱལ་ཞིག་སྟེ། རྒྱལ་ཁབ70ལྷག་གི་བརྩམས་ཆོས760ཡི་ཁྲོད་ནས་སྒྱུ་རྩལ་གཟེངས་སུ་ཐོན་སྟབས་ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་གྲལ་དུ་ལེགས་པར་ཚུད་པ་ཡིན་ཞིང་། སྤྱི་ཟླ12ཚེས7ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་བྱ་དགའ་གནང་བའི་མཛད་སྒོ་སྤེལ་རྒྱུ་རེད། 

640.jpg

640-1.jpg


 

དཔྱད་མཆན་ཡོད།