འཁྲབ་ཁྲིད་པ་དྲུག་ཅུའི་མིང་གི་ཚད་ལྡན་འབྲི་ལུགས།


0.jpeg

བོད་ཡུལ་ལུང་པ་སོ་སོར་གློག་བརྙན་གྱི་རིག་པ་ཆེས་ཆེར་དར་གྱིན་པའི་དུས་སྐབས་འདིར།རང་རེར་སྤྱི་མཐུན་གྱི་གློག་བརྙན་བརྡ་སྐད་དང་། སྨྲ་བརྗོད་ཀྱི་སྒྲིག་གཞི་ཞིག་ཆགས་པའི་ཆེད་དུ།ངེད་དྲ་བས་གཙོ་བསྒྲུབ་སྒོས། འཛམ་གླིང་ཧྲིལ་བོར་སྐད་གྲགས་ཆོད་པའི་རྒྱལ་ཁབ་ཉེར་གཉིས་ཀྱི་འཁྲབ་ཁྲིད་པ་དྲུག་ཅུ་བསལ་ཏེ་ཁོ་ཚོའི་བོད་ཡིག་གི་མིང་འབྲི་སྟངས་འདི་གར་ཚད་ལྡན་བཟོས་ཡོད།འདི་དག་གི་ནང་དུ་གློག་བརྙན་ཐོག་དང་པོར་གསར་དུ་བཟོ་མཁན་ཡོད་ལ། གློག་བརྙན་དང་གློག་བརྙན་གཞུང་ལུགས་གཉིས་ཐད་ནས་ཤུགས་རྒྱག་མཁན་གྱི་འཁྲབ་ཁྲིད་པ་ཡོད་པ་མ་ཟད།ཚོང་ལས་གློག་བརྙན་ཕབ་མཁན་དང་སྒྱུ་རྩལ་གློག་བརྙན་ཕབ་མཁན་སོགས་ཅི་རིགས་ཡོད། དུས་ཀྱི་ཆ་ནས༡༩༨༥ལོར་གློག་བརྙན་གསར་དུ་བྱུང་བ་ནས་ད་ལྟ་ལ་ཐུག་བར་གྱི་གློག་བརྙན་འཁྲབ་ཁྲིད་པ་གཙོ་གྲས་དག་གཞིར་བཅས།བདམས་སྟངས་ཀྱི་ཆ་ནས་ཨ་རི་དང་ཧྥ་རན་སིའི་འཁྲབ་ཁྲིད་པ་ཅུང་ཙམ་མང་པོར་ཡོད་དོན་ནི། ཁོ་ཚོའི་གློག་བརྙན་གྱི་ལམ་བུ་རྒྱལ་ཁབ་གཞན་ལས་རིང་བ་དང་བརྗིད་ཀྱིས་ཁུགས་པས་ཡིན།གློག་བརྙན་འཁྲབ་ཁྲིད་པ་འདི་དག་གློག་བརྙན་གྱི་ལས་ཀར་ཞུགས་མཁན་སུ་ཡིན་ན་ཡང་ངེས་པར་དུ་ཤེས་དགོས་པ་རྐྱང་ཡིན་པས།དང་པོའི་འཇུག་སྒོ་འདི་དག་བྱས་ཆོག་པ་སོགས་དོན་སྙིང་ཆེར་ཡོད་སྙམ།

      བསྒྱུར་སྟངས་ཀྱི་ཆ་ནས་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གང་བདེ་བར་བསྒྱུར་བའི་རྩ་དོན་གྱིས།འཁྲབ་ཁྲིད་པ་ཉིད་རྒྱལ་ཁོངས་གང་ཡིན་པ་ལ་གང་དེའི་སྐད་ཆའི་སྒྲ་གདངས་ཀྱི་ཁྱད་ཆོས་རྐང་བྱས་ཏེ་སྒྲ་བསྒྱུར་བྱས་ཡོད།༼འདིར་བཀོད་ཡོད་པ་དབྱིན་ཡིག་གཅིག་པུ་ཡིན་དོན་ཡོངས་གྲགས་ཀྱིས་བཞག་པ་ཙམ་སྟེ། བོད་ཡིག་ཏུ་བསྒྱུར་བའི་སྐབས་ཉི་ཧོང་བ་ཡིན་ན་ཉི་ཧོང་སྐད་གཞིར་བྱ་བ་དང་དབྱི་ཐ་ལི་བ་ཡིན་ན་དབྱི་ཐ་ལའི་སྐད་གཙོར་བྱས་ཡོད།༽གཅིག་ནས་གང་དེའི་སྐད་ཆར་བརྩི་བཀུར་དང་། གཉིས་ནས་འཛམ་གླིང་གི་མིག་རྒྱང་ཞིག་གཞིར་བཅས་ཡོད་པས།མིའི་མིང་གང་ཞིག་འདི་བཞིན་བསྒྱུར་བའི་དགོས་པ་ནི་ཧ་ཅང་གིས་ཆེ་བར་འདོད། འདི་ཙམ་གྱིས་ཀྱང་བོད་ཀྱི་གློག་བརྙན་རྒྱ་ཡངས་པོར་འཕེལ་བའི་རྒྱུ་ཙམ་དུ་གྱུར་ཅིག་གུ།


0-1.jpeg

0-2.jpeg

0-3.jpeg




དཔྱད་མཆན་ཡོད།