བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་གསེར་རྟ་ཞིག་ཐོབ་པ།

 3333.jpg


           ༢༠༡༥ལོའི་སྤྱི་ཟླ་༡༡པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར།  ཐེ་ཝན་ན་སྡུ་བཞིན་པའི་སྐབས་ང་གཉིས་པའི་གསེར་རྟའི་རྟགས་མའི་བྱ་དགའ་སྩོལ་བའི་མཛད་སྒོའི་སྟེང་།  མཉམ་འུར་ཆེ་བའི་བརྡ་འཕྲིན་གསར་བ་ཞིག་ཚ་ཚ་འུར་འུར་ངང་གསར་ལམ་ལས་རིགས་སོ་སོའི་བརྒྱུད་ལམ་ན་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བཞིན་ཡོད།  དེ་ནི་བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་ཕ་སྐད་གློག་བརྙན་གསར་བ་སྟེ༼ཐར་ལོ ༽ཞེས་པར་སྐབས་ང་གཉིས་པའི་གསེར་རྟའི་རྟགས་མའི་འཁྲབ་གཞུང་བཅོས་ སྒྲིག་གི་རྩེ་གྲས་བྱ་དགའ་ཐོབ་པའི་གནས་ཚུལ་རེད།


22222.jpg4444.jpg


          ༼ ཐར་ལོ ༽ཞེས་པའི་གློག་བརྙན་འདི།  ༢༠༡༥ལོའི་སྤྱི་ཟླ་དགུ་བའི་ཚེས་བཞི་ཉིན།   སྐབས་དོན་གཉིས་པའི་ཝེ་ནཱ་ཟི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི༼ གནམ་སའི་འབྲེལ་མཚམས ༽ཞེས་པའི་སྡེ་ཚན་འོས་མིང་ནང་ཚུད་པ་དང་།   ཐེངས་འདིར་སྤེལ་བའི་གསེར་རྟའི་རྟགས་མའི་བྱ་དགའི་ཁྲོད་དུའང་དོན་བརྗོད་གློག་ བརྙན་རྩེ་གྲས་དང་འཁྲབ་ཁྲིད་རྩེ་གྲས།   འཁྲབ་གཞུང་བཅོས་སྒྲིག་རྩེ་གྲས།    བརྙན་ཕབ་རྩེ་གྲས་བཅས་ཀྱི་བྱ་དགའི་སྡེ་ཚན་ཆེན་མོ་བཞིའི་འོས་མིང་དུ་ཚུད། 
          གློག་བརྙན༼ ཐར་ལོ ༽ནི་པདྨ་ཚེ་བརྟན་གྱི་ཕ་སྐད་གློག་བརྙན་ལྔ་པ་ཡིན་ལ། འཁྲབ་གཞུང་ ནི་ཁོང་གི་སྒྲུང་ཐུང་༼ ཐར་ལོ ༽ཞེས་པ་གཞིར་བཟུང་ནས་བཅོས་པ་རེད།  གློག་བརྙན་གྱི་ནང་དོན་གཙོ་བོར་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད།


11111.jpg


         ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ་ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་པའི་རྒྱལ་ ཁབ་ཕྱི་ནང་ཀུན་གྱི་སྐུ་མགྲོན་དང་གློག་བརྙན་ལས་རིགས་ཐད་ཀྱི་ཆེད་མཁས་པ།  སྒྱུ་རྩལ་ལས་རིགས་སོ་སོའི་ཤེས་ལྡན་པ་མང་པོ་ཞིག་འཛོམས་འདུག་ལ།  ཁོ་ཚོས་འཕྱོར་གོས་ལུས་ལ་གྱོན་ཞིང་ཡིད་ཆེས་དང་བརྟན་བརླིང་གི་གོམ་སྟབས་རེ་རེ་ སྐར་འོད་ལམ་ཆེན་གྱི་ས་གདན་དམར་པོའི་སྟེང་དུ་བསྒྱུར་ཞིང་།   ཆར་ནང་ན་སྤྲོ་སེམས་ཀྱིས་ཁེངས་པའི་བརྙན་ཞེན་པ་དག་ལ་མཇལ་འཕྲད་གནང་།   ཁོ་ཚོའི་རྣམ་དཔྱོད་ཀྱི་རིག་སྟོབས་ལས་འཁྲུངས་ཤིང་།  བསམ་གཞིག་གི་ཉིང་བཅུད་ལས་བལྟམས་པའི་སྒྲ་བརྙན་ཟུང་སྦྱོར་གྱི་མཚོན་དོན་རེ་རེ།   དངུལ་དཀར་གྱི་བརྙན་ངོས་སུ་བཀོད་ནས་གཟིགས་མཁན་ལྷན་རྒྱས་ཡོངས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ།


55555.jpg


         རིམ་གྱིས་ཐེངས་འདིའི་གཟེངས་རྟགས་རེག་པའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས་ ལ་བྱ་དགའ་གནང་བའི་བྱེད་སྒོ་དངོས་སུ་འགོ་ཚུགས།  གསེར་རྟའི་རྟགས་མའི་བྱ་དགའི་སྡེ་ཚན་ལས་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲས་ཡིན་ པའི་འོས་མང་ནང་ཐོན་པ་ན།  ད་གཟོད་མགོ་འཛིན་པས་བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་མཚན་ནས་བོས་ཤིང་།   ཐེངས་འདིའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲས་ཀྱི་བྱ་དགའ་ཁོང་ལ་དབང་བ་ཁྱབ་ སྒྲོག་བྱས།  བོད་ཡུལ་ནས་འབྱོར་ཞིང་བོད་བརྙན་འཕྲིན་ལས་ལ་གཞོལ་བའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས། བརྒྱ་ཚོགས་སྟོང་འདུས་ཀྱི་དབུས་ནས་འགྲེང་སྟེ།   འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ་བཞེས་ཤིང་སེམས་ཚོར་བརྗོད། 
         པདྨ་ཚེ་བརྟན་གྱིས་བཤད་རྒྱུར།   ངའི་གཏམ་རྒྱུད་ཡོད་ཚད་ཀྱི་འབྱུང་ཁུངས་ནི་ཕ་ཡུལ་ཡིན་ཏེ།  ཕ་ཡུལ་གྱིས་ངའི་གསར་རྩོམ་ཐད་ལ་ནམ་ཡང་འཛད་རྒྱུ་མེད་པའི་ཚོར་ཤེས་སྦྱིན་ཡོད།    ངས་ཕ་ཡུལ་ལ་བཀའ་དྲིན་ཞུ་ཡི་ཡིན་ཟེར། འདི་ནི་བོད་བརྙན་ངོས་ཐད་ནས་བཤད་ན།   ལོ་རྒྱུས་རང་བཞིན་གྱི་ཟིན་ཐོ་གསར་བ་ཞིག་བསྐྲུན་པའི་མཚོན་རྟགས་རེད།  
        རྟ་གྱོ་རྒྱའི་རྟ་བདག་བོད་ན་ཡོད། 


༼ ཐར་ལོར ༽བྱ་དགའ་སྤྲོད་པའི་ཡུལ་དངོས།    http://video.sina.cn/ent/m/2015-11-21/detail-ifxkxfvn8941940.d.html?wm=3049_0007&wb2sina=1&from=timeline&isappinstalled=0

དཔྱད་མཆན་ཡོད།