རྡོ་རྗེ་རྒྱལ་མཚན་གྱི་དགོད་སྒྲུང་གློག་བརྙན«མི་རྐྱང་བསམ་བློ»ཡི་སྔ་དུམ་ཕབ་གྲུབ།

WechatIMG10_gaitubao_com_700x520.jpg

                                                                                    འཁྲབ་ཁྲིད་པ་རྡོ་རྗེ་རྒྱལ་མཚན། 

                དེང་རབས་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་རྡོ་རྗེ་རྒྱལ་མཚན་གྱིས༢༠༠༩ལོར་ཕབ་བསྐྲུན་བྱས་པའི་བརྙན་འཕྲིན་ཟློས་གར«གཡང་དཀར་གྱི་གཏམ་རྒྱུད»ཅེས་པ་དེས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་དང་།  ལྷག་པར་བོད་ཀྱི་སྤྱི་ཚོགས་ཡོངས་དང་སྒོས་སུ་གཞི་རིམ་མང་ཚོགས་ཀྱི་གྲས་སུ་གྲགས་འགུལ་མི་དམན་པ་ཞིག་བཟོས་ཡོད།

              ཉེ་ཆར། ཁོས་སླར་ཡང་དངོས་སུ་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་དྲ་ལམ་མུ་འབྲེལ་དགོད་སྒྲུང་གློག་བརྙན«མི་རྐྱང་བསམ་བློ»ཞེས་པའི་སྔ་དུམ་རིམ་པའི་བརྙན་ཕབ་བྱ་བ་དེ་བདེ་བླག་གིས་གྲུབ་ཡོད་དེ།  གློག་བརྙན་འདི་ནི་པེ་ཅིན་ཁ་བ་ཅན་གློག་བརྙན་ཀུང་ཟིས་ཕབ་བསྐྲུན་བྱས་ཤིང་།  བོད་ཀྱི་འཁྲབ་སྟོན་པ་གྲགས་ཅན་ཞི་བདེ་ཉི་མ་དང་གཞས་པ་གྲགས་ཅན་ཤེར་བསྟན། འཁྲབ་སྟོན་པ་སྙིང་བརྩེ་རྒྱལ་སོགས་འཁྲབ་ཞུགས་བྱས་ཡོད་པ་མ་ཟད།  ཆེད་དུ་འཁྲབ་སྟོན་ལས་རིགས་ལ་སྦྱོང་བ་བྱེད་བཞིན་པའི་བོད་ཀྱི་གཞོན་སྐྱེས་ཆེད་ལས་འཁྲབ་སྟོན་པ་སྐོར་ཞིག་གིས་གཙོ་འཁྲབ་མཛད་དེ་གྲུབ་པ་ཞིག་ཡིན།  རྒྱུས་ལོན་བྱུང་བ་ལྟར་ན། «མི་རྐྱང་བསམ་བློ»ནི་བོད་ཀྱི་དྲ་ལམ་གློག་བརྙན་གྱི་སྲོལ་འབྱེད་བརྩམས་ཆོས་ཀྱི་གྲས་སུ་ཚུད་ཡོད་འདུག

WechatIMG1_gaitubao_com_700x525.jpeg

དབུ་འབྱེད་མཛད་སྒོ།

              དེ་ཡང་།   གློག་བརྙན«མི་རྐྱང་བསམ་བློ»ཞེས་པར་མི་སྣ་གཙོ་བོ་བསམ་བློ་ནི་འཆར་ཡན་གྱིས་ཕྱུག་ཅིང་འཁྲུལ་སྣང་ལ་དགའ་བའི་མི་ཞིག་ཡིན་པས། ཁོའི་ཀྱག་ཀྱོག་གི་མི་ཚེའི་ཁྲོད་ཀྱི་དོ་མི་མཉམ་པའི་འཚོ་བ་དང་ངོས་མི་སྙོམས་པའི་བཞུད་ལམ། ཆ་མི་འགྲིག་པའི་བརྩེ་དུང་དང་བཅས་པ་འཁྲུལ་སྣང་གིས་ཁེངས་ཡོད་པ་ཞིག་སྟེ།  སྔ་དུམ་དུ་ཁོ་རང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ལྐོག་ནས་སློབ་གྲོགས་ཀུན་མཚོར་དགའ་ཞིང་དུངས་བཞིན་ཡོད་ནའང་།  དེ་ལ་མངོན་སུམ་ཚིག་གི་སྒོ་མོ་མ་ཁྲོལ་ཞིང་ལག་ལེན་སེམས་ཀྱི་སྤོབས་པ་མ་མཐོ་བའི་དབང་གིས་སེམས་ཁམས་ཀྱི་འགལ་འབྲེལ་མང་པོ་ཞིག་ལས་འཁྲུལ་སྣང་རབས་དང་རིམ་པ་འཕེལ་ཞིང་།  འཁྲུལ་སྣང་དེ་དག་དགོད་སྒྲུང་གི་རྣམ་པས་མཚོན་ཐབས་བྱས་པའི་བརྩམས་ཆོས་ཞིག་གོ།

WechatIMG4_gaitubao_com_700x525.jpg

ཕབ་བསྐྲུན་མི་སྣ་ཡོངས།

WechatIMG9_gaitubao_com_700x525.jpg

འཁྲབ་སྟོན་པ་གྲགས་ཅན་ཞི་བདེ་ཉི་མ།

WechatIMG5_gaitubao_com_700x525.jpg

འཁྲབ་ཁྲིད་པས་བཀོད་འདོམས་བྱེད་བཞིན་པ།

WechatIMG6_gaitubao_com_700x933.jpg

བརྙན་ལེན་པ།

60628458752870330WechatIMG8.jpg

ཕབ་བསྐྲུན་ཡུལ་དངོས།

དཔྱད་མཆན་ཡོད།