དཔའ་བོ་ཞེས་པའི་བོད་ཀྱི་གློག་བརྙན་ལ་བྱ་དགའ་གསུམ་ཐོབ་འདུག

shawo-Dorjee.jpg

             འདི་ལོའི་རྒྱལ་སྤྱིའི་རང་དབང་གི་གློག་བརྙན་དུས་སྟོན་ཐོག རྟའུ་བ་འཇམ་དཔལ་ཡེ་ཤེས་སྐོར་གྱི་བོད་འབྲེལ་གློག་བརྙན་དཔའ་བོཞེས་པར་བྱ་དགའ་རིམ་པ་གསུམ་ཐོབ་འདུག

            དེ་ཡང་འདི་ལོའི་ཕྱི་ཟླ་༦པའི་ནང་ཨ་རིར་འཚོགས་པའི་རྒྱལ་སྤྱིའི་རང་དབང་གི་གློག་བརྙན་ (international independent film) དུས་སྟོན་ཐོག རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཞིར་བཞག་ནས་འཁྲབ་པའི་གློག་བརྙན་༼དཔའ་བོཞེས་པ་དེར། སྒྲུང་དང་གློག་བརྙན་གྱི་རོལ་དབྱངས་གཉིས་ལ་གསེར་གྱི་རིམ་པའི་རྩེ་ཕུད་བྱ་དགའ་རེ་ཐོབ་པ་དང། གློག་བརྙན་གྱི་དཔར་བཀོད་ལ་གསེར་དཀར་པོའི་རིམ་པའི་རྩེ་ཕུད་བྱ་དགའ་ཐོབ་ཡོད་འདུག དུས་སྟོན་གྱི་གློག་བརྙན་རྩེ་ཕུད་བྱ་དགའ་དང་། དེ་མིན་གྱི་བྱ་དགའ་རིམ་པ་ཕ་ལམ་དང། གསེར་དཀར་པོ། གསེར། དངུལ། ལི། སེམས་གསོའི་མིང་འདོན་གྱི་རིམ་པ་སོགས་ཡོད་འདུག གློག་བརྙན་དེ་ལོ་འདིའི་ཕྱི་ཟླ་༤ པའི་ནང་ཨ་རིའི་པམ་བྷེ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའི་འོས་མིང་ནང་འདེམས་ཐོན་བྱུང་ཡོད་པ་རེད།

             དཔའ་བོ་ཞེས་པའི་གློག་བརྙན་དེ་བོད་མི་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཞིར་བཞག་ནས་བཟོས་ཡོད་པ་དང། འཁྲབ་ཁྲིད་པ་གཙོ་བོ་མཱར་ཝེན་(Marvin Litwak) དང་གཞོན་པ་བསོད་ནམས་ཚེ་བརྟན་ཡིན་པ་དང། འཁྲབ་སྟོན་མི་སྣ་གཙོ་བོ་དེ་བོད་མི་གཞོན་སྐྱེས་ཤཱ་བོ་རྡེ་རྗེ་ཡིན་པ་རེད། གློག་བརྙན་དེ་རྒྱ་གར་དྷ་ས་དང་ལྡི་ལི་བོད་ཀྱི་གཞིས་སྒར་བསམ་ཡས་གླིང་དང་། ལ་དྭགས་སོགས་ལ་འཁྲབ་ཡོད་པ་རེད།

 

དཔྱད་མཆན་ཡོད།