པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་མགོ་ཚུགས་ལ་ཉེ།

微信图片_20180823195806.jpg

     ༡   བོད་ལ་གློག་བརྙན་རིག་པ་དར་ནས་ལོ་ངོ་སུམ་ཅུ་ཙམ་ལས་ཕྱིན་མེད་ཀྱང་། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་ཟོན་ཐར་རྒྱལ་སོགས་ཀྱི་ཤུགས་རྐྱེན་གྱི་དབང་གིས་ད་སྔ་བོད་ཀྱི་ག་ས་གང་ན་གློག་བརྙན་གྱི་བྱ་འགུལ་སྤེལ་བ་མཐོང་རྒྱུ་འདུག་པ་དང་།  གློག་བརྙན་གྱི་ལས་རིགས་འདི་ལ་དང་དོད་དང་སློབ་སྦྱོང་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་ཡང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་འདུག འདི་ནི་རང་མི་རིགས་ཀྱི་གློག་བརྙན་འཕེལ་རྒྱས་ལ་མཚོན་ན་ཤིན་ཏུ་དགའ་འོས་པའི་སྣང་ཚུལ་ཞིག་རེད་འདོད།  འདི་ལ་དཔག་སྟེ་ངེད་པྲ་དྲ་གློག་བརྙན་གཏོང་སྦྱོར་སྤྱིར་གཉེར་ཁང་དང་ལྷ་ལས་བབ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་སྒོས་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་སྤྱི་ལོ2018ལོའི་ཟླ8པའི་ཚེས25ནས26བར་དུ་བསང་ཁོག་རྩྭ་ཐང་ནས་སྤེལ་རྒྱུ་ཡིན།   ད་རེབ་ཀྱི་བྱེད་སྒོ་འདིར་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་འགའ་ཆེད་དུ་གདན་དྲངས་ཡོད་ལ།  གཞོན་སྐྱེས་འཁྲབ་ཁྲིད་པ་འགའི་གློག་བརྙན་བརྩམས་ཆོས་གཟིགས་འབུལ་བྱ་བ།  གློག་བརྙན་གླེང་སྟེགས་ཀྱི་བྱེད་སྒོ་སྤེལ་ཏེ་ཕན་ཚུན་ཞེ་ལྷོད་ལྷོད་ངང་བསམ་ཚུལ་བརྗེ་རེས་བྱ་བ།   ༼    བོད་བརྙན   ༽དང་༼  འཁྲབ་ཁྲིད་པ་དྲུག་ཅུ   ༽  ཞེས་པའི་དེབ་གསར་གཉིས་དགྲམ་པ་བཅས་དམིགས་སུ་བཟུང་སྟེ་འུ་ཅག་ཐུན་མོང་ལ་དབང་བའི་གར་སྟེགས་ཤིག་བསྐྲུན་རྒྱུ་ཡིན། དེ་མིན། བྱེད་སྒོ་འདིར་ཞུགས་འདོད་མཁན་དག་རིན་མེད་ངང་ཞུགས་ཆོག་པས། གློག་བརྙན་ལ་དགའ་མཁན་ཚོ་དུས་ལྟར་ཕེབས་པར་ཐུགས་ལ་འཇགས་པར་འཚལ།


༢ གཟིགས་འབུལ་གློག་བརྙན་གྱི་མིང་དང་གཟིགས་འབུལ་དུས་ཚོད།


༣ དགྲམ་བྱའི་དཔེ་ཆ།


༤ བྱེད་སྒོའི་གཟུགས་ཚབ་པ། གཡང་ཕྱུག་འཚོ།

微信图片_20180823221254.jpg

གཙོ་སྒྲུབ།

པྲ་དྲ་གློག་བརྙན་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་།

ལྷ་ལས་བབ་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

微信图片_20180823220153.jpg



དཔྱད་མཆན་ཡོད།