བོད་བརྙན་བཞི་དང་འབྲེལ་བའི་འཕྲིན་གསར།

  གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ཟོན་ཐར་རྒྱལ། གདུགས་དཀར་ཚེ་རིང་གསུམ་གྱིས་སོ་སོའི་གློག་བརྙན་བརྩམས་ཆོས«དབུགས་ལྒང»དང«ལྷ་མོ་དང་སྐལ་བྷེ »«ཁོ་དང་བློ་ཡི་གཏེར»བཅས་འཁྱེར་དེ་སྐབས་གསུམ་པའི་ཕིན་ཡའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཞུགས།

  དེ་དག་ལས་གློག་བརྙན«དབུགས་ལྒང»ནི་ཝེ་ཉི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བཅས་ནས་རྒྱལ་ཁའི་ངང་འགྲེམ་སྤེལ་བྱས་རྗེས། ད་གཟོད་ཀྲུང་གོ་ནས་ཐོག་མའི་གཟིགས་འབུལ་བྱས་པ་ཞིག་རེད།

  གློག་བརྙན«ལྷ་མོ་དང་སྐལ་བྷེ»ནི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ་ཡིན་ལ། གློག་བརྙན་འདི་ནི་འཁྲབ་སྟོན་བསོད་ནམས་ཉི་མ་དང་བདེ་སྐྱིད་གཉིས་ཀྱིས་གཙོ་འཁྲབ་པའི་འགན་ཁུར་ཡོད།ཁྱུང་ཆེན་བརྙན་གླིང་དང་སི་ཁྲོན་ལེན་ཁྲིན་འུན་རིག་གནས་སྨྱན་སྒྲོག་ཚད་ཡོད་ཀུང་ཟི།མཚོ་སྔོན་ཉི་མའི་ཚོ་བ་མི་རིགས་རིག་གནས་ཚད་ཡོད་ཀུང་ཟི་གསུམ་གྱིས་འགྲེམས་སྤེལ་བྱས་ཏེ། པེ་ཅིན་ཁྲུ་ཅོ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་ཕྱི་འགྲེམ་བྱེད་བཞིན་ཡོད་པ་རེད།

  གློག་བརྙན«ཁོ་དང་བློ་ཡི་གཏེར»ཞེས་པ་ནི་བོད་ཀྱི་གློག་བརྙན་སྒྲ་ལེན་པ་ཐོག་མ་གདུགས་དཀར་ཚེ་རིང་གིསའཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདི་ལ་རྒྱ་ནག་གི་འཁྲབ་ཁྲིད་པ་གྲགས་ཅན་ཅ་ཀྲང་ཁུ་དང་བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཉིས་ཀྱིས་ལྟ་སྐུལ་གནང་ཡོད་འདུག

  གློག་བརྙན«སྒྲུང་བ»ཞེས་པ་འདི་ནི་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱི་གློག་བརྙན་བརྩམས་ཆོས་གཉིས་པ་དེ་ཡིན་ལ། གློག་བརྙན་འདི་ནི་མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་སྤྱི་གཉེར་ཁང་གིས་ཕབ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་གནང་ཡོད་འདུགཉེ་ལམ་གསར་དུ་འབྱོར་བའི་གནས་ཚུལ་ལྟར་ན། གློག་བརྙན་འདི2019ལོའི་ཧོའུ་ནན་མཚེའུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་འདུག

དཔྱད་མཆན་ཡོད།