ཀྲུང་དབྱང་མི་རིགས་སློབ་ཆེན་དུ“10+1གློག་བརྙན་ཚོགས་ཆུང”གི་བརྙན་ཐུང་བཞི་བསྟན།

WechatIMG1061.jpeg

          2017ལོའི་ཟླ5པའི་ཚེས3ཉིན་གྱི་དགོང་མོའི་ཆུ་ཚོད8:30སྟེང་དུ་མི་རིགས་སློབ་ཆེན་གྱི་འདྲ་བཟོའི་ཁྲིམས་ར་ནས། 10+1གློག་བརྙན་ཚོགས་པས་རང་ཉིད་ཀྱི་ཐོག་མའི་རྐང་རྗེས་སུ་བཤད་ཆོག་ཆོག་གི་བརྙན་ཐུང་བཞི་སྟེ། ལྷག་པ་ཚེ་རིང་གིས་ཁྲིད་པའི《ཉིན་ཐོ》དང་བཀྲ་ཤིས་རྣམ་རྒྱལ་གྱིས་ཁྲིད་པའི《ཕྱུགས་རྫི་བུ་མོ》ཚེ་རིང་དོན་གྲུབ་ཀྱིས་ཁྲིད་པའི《འོད་ཐིགས》རྟ་མགྲིན་ཚེ་བརྟན་གྱིས་ཁྲིད་པའི《ཞོགས་པ》 བཅས་བསྟན་ཞིང་། གཟིགས་མོ་བ400ལྷག་གིས་ཚད་རིམ་མི་འདྲ་བ་དང་ཟུར་སོ་སོ་ནས་གདེང་འཇོག་སྣ་ཚོགས་བྱས་འདུག


         ད་ཐེངས་ཀྱི་འགྲེམ་སྟོན་འཁྲབ་ཁྲིད་པ་དང་ལྟད་མོ་བས་ཆུ་ཚོད་གཅིག་དང་ཕྱེད་ཀའི་ཡུན་གྱི་བར་བགྲོ་གླེང་བྱས། མཐར་དགེ་རྒན་བྱམས་ཕྲུག་བན་དེ་མཁར་ནས་གློག་བརྙན་ཚོགས་ཆུང་འདི་དང་འབྲེལ་བའི་ངོ་སྤྲོད་དང་གློག་བརྙན་ལས་རིམ་སྐོར་ནས་ངོ་སྤྲོད་རྒྱས་པ་ཞིག་བྱས་ཤིང་།ཆེས་མཐའ་མཇུག་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་རྒན་བཀྲ་བྷ་ལགས་ནས། ལག་ལེན་དང་ཤེས་བྱ་ཟུང་དུ་སྦྲེལ་དགོས་པའི་གཏམ་བཤད་དང་བཅས་ཚོགས་འདུའི་མཇུག་བསྡུས།  སློབ་མ་བཅུ་དང་དགེ་རྒན་གཅིག་གིས་གྲུབ་པའི་གློག་བརྙན་ཚོགས་པ་འདི་ནི2014ལོའི་ཟླ12བའི་ཚེས18ཉིན་ལ་བོད་རིག་པ་ཞིབ་འཇུག་སློབ་གླིང་དུ་བཙུགས་ཤིང་། མུ་མཐུད་དུ་འཁྲབ་གཞུང་དང་བརྙན་ལེན་སོགས་གློག་བརྙན་དང་འབྲེལ་བའི་ལས་ལ་འཇུག་བཞིན་ཡོད་འདུག

WechatIMG1062.jpeg

དཔྱད་མཆན་ཡོད།