«ང་ཡི་ཆང་གསོལ་རོགས»ད་ལྟ་སྟོན་བཞིན་ཡོད། བོད་བརྙན་ལ་རྒྱབ་སྐྱོར་གནང་རོགས།

«ང་ཡི་ཆང་གསོལ་རོགས»ཞེས་པའི་གློག་བརྙན་གྱི་སྔོན་བརྡའི་བརྙན་ཐུང་།

1.jpg

དེ་རིང་ནི་བོད་བརྙན་ལ་ཆ་མཚོན་ནས་བཤད་ན་ཧ་ཅང་དོ་སྣང་བྱེད་དགོས་པའི་ཉིན་མོ་ཞིག་ཡིན་ལ། དེ་རིང་ནས་བཟུང་སྟེ་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ«ང་ཡི་ཆང་གསོལ་རོགས»ཞེས་པ་རྒྱལ་ཡོངས་གློག་བརྙན་ཁང་སོ་སོའི་སྐུད་ལམ་དུ་དངོས་སུ་ཞུགས་པ་རེད།  དེ་བས།  གློག་བརྙན་ལ་དགའ་མོས་ཡོད་མཁན་དང་ནང་སྒོས་སུ་བོད་བརྙན་གྱི་ལས་དོན་ལ་དོ་ཁུར་གནང་མཁན་ཞིག་ཡིན་ན། ཁོམ་ལོང་གི་དུས་ཚོད་བེད་སྤྱད་དེ་ཆེད་དུ་གློག་བརྙན་ཁང་དུ་སོང་ནས་བོད་བརྙན་བརྩམས་ཆོས་གསར་བ་འདི་ལ་རྒྱབ་སྐྱོར་དང་རོལ་མྱོང་བྱ་རྒྱུ་ནི་ང་ཚོའི་རེ་བ་ཡིན། 

གློག་བརྙན་དེ་ནི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་ཕ་སྐད་གློག་བརྙན་བརྩམས་ཆོས་གསུམ་པ་ཡིན་ལ། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཅིག་པའི་སྟེང་དཔྱད་འདེམས་ཚོགས་པའི་བྱ་དགའ་ཆེན་མོ་དང་འཁྲབ་གཞུང་རྩེ་གྲའི་བྱ་དགའ་གཙོས་བྱ་དགའ་གང་མང་ཐོབ་མྱོང་།

1540599689123113.jpg

སྐྱེས་པ་གཙོ་འཁྲབ་པ་གཡུང་དྲུང་རྒྱལ།༡༩༦༩ལོའི་སྤྱི་ཟླ་༨པའི་ཚེས་༦ཉིན་ཟི་ཁྲོན་རྔ་བ་ཁུལ་ནས་སྐྱེས། ༡༩༩༡ལོ་ནས་མགོ་བརྩམས་ཏེ་གླུ་གཞས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་། གླུ་གཞས་སྒྱུ་རྩལ་གྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཏེ་བོད་ཀྱི་མིང་དུ་གྲགས་པའི་གཞས་པ་རུ་གྱུར།  ཁོང་གི་གླུ་གཞས་བརྩམས་ཆོས་ལ«གེ་སར་རྒྱལ་པོ»དང«ང་ཡི་ཆང་གསོལ་རོགས»སོགས་ཚབ་མཚོན་རང་བཞིན་གྱི་གླུ་གཞས་མང་པོ་ཡོད།

3.jpg

སྐྱེས་མ་གཙོ་འཁྲབ་པ་ཉི་མ་སྲུང་སྲུང་། ཟི་ཁྲོན་རྔ་བ་ནས་སྐྱེས་ཤིང་གློག་བརྙན་འཁྲབ་སྟོན་པའི་ལས་ལ་ཞུགས་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཚབ་མཚོན་བརྩམས་ཆོས་ལ«སྤྲིན་པའི་སྟེང་གི་རྡོ་བའི་གྲོང་ཁྱེར»དང«དར་སྐུད་དམར་པོ»སོགས་ཡོད། ཐེངས་འདིའི་«ང་ཡི་ཆང་གསོལ་རོགས»ཞེས་པའི་གློག་བརྙན་ཁྲོད་གྱི་སྐྱེས་མ་གཙོ་འཁྲབ་པ་ཨང་དང་པོ་སྒྲོལ་མ་ཞེས་པ་འཁྲབ་ཡོད།

4.jpg

འཁྲབ་སྟོན་པ་ཆུང་ཆུང་སྲས་མཆོག་རྒྱལ་དང་གཡུང་དྲུང་རྒྱལ།

6.jpg

གློག་བརྙན་«ང་ཡི་ཆང་གསོལ་རོགས»ཞེས་པའི་ནང་དུ། སྐྱེས་པ་ཞིག་གིས་ཁྱད་དུ་འཕགས་པའམ་ཡང་ན་ལྗིད་ཏིག་ཏིག་གི་འགྲུལ་བཞུད་རིང་མོའི་ཁྲོད། ན་བ་ལྕི་བའི་ཆུང་མའི་གསང་བར་གདོང་གཏད་པ་དང་ཁོའི་འཚོ་བའི་ཁྲོད་དུ་བྱིས་པ་ཆ་མེད་ཅིག་ཐོལ་གྱིས་ཐོན་པའི་སོམ་ཉིར་ཚུད་པའི་རྙོག་འཛིང་གི་སེམས་ཁམས། འགྲུལ་བཞུད་མཇུག་རྫོགས་མཐར་ཡང་བསྐྱར་སེམས་ཀྱི་བཞུད་ལམ་གསར་བ་ཞིག་མགོ་བརྩམས་ཚུལ་སོགས་བརྗོད་ཡོད། འཁྲབ་ཁྲིད་པ་ཁོང་གིས་ཧ་ཅང་ཞིབ་ཆ་ལྡན་པའི་ངང་དངོས་ཡོད་མཛེས་སྡུག་གི་མཐོང་སྣེ་བེད་སྤྱད་དེ་དགའ་སྐྱོ་འདྲེས་མའི་བརྩེ་བའི་གཏམ་རྒྱུད་ཅིག་རྒྱུན་མ་ཆད་པར་བརྗོད་ཡོད་པར་མ་ཟད། བརྩེ་བ་ལ་ངེས་པར་ཡོད་འོས་པའི་རིན་ཐང་དང་མཐོ་ཚད་ལ་ཐུན་མོང་མ་ཡིན་པའི་གསལ་འགྲེལ་བྱས་ཡོད་པ་རེད། 

འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གླེང་ཡོང་དུས་ལྟ་མཁན་མང་པོར་བག་ཆགས་ཧ་ཅང་ཟབ་པ་གདོན་མི་ཟ། རྒྱུ་མཚན་ཁོང་གི་གློག་བརྙན་བརྩམས་ཆོས་སྔོན་མ«དབུས་ལམ་གྱི་ཉི་མ»དང་«གཙང་པོ»གཉིས་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བརྙན་ཞེན་མང་པོས་དགའ་བསུ་དང་གདེང་འཇོག་བླ་ལྷག་ཐོབ་ཅིང་། ཚད་མཐོ་བའི་གློག་བརྙན་ཆེད་མཁས་པ་དང་མིང་གྲགས་ཆེ་བའི་འཛམ་གླིང་གི་གློག་བརྙན་དུས་སྟོན་ཁག་ནས་ཀྱང་དཔྱད་འཇོག་དང་བྱ་དགའ་གང་མང་ཐོབ་མྱོང་།

8.jpg

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་སེ་ནཱ་པོད་ཕྲན་དུ་བཀོད་པའི་མྱོང་བ་དང་རེ་བ།

དཔྱད་མཆན་ཡོད།