པད་ཚེ་འཇུ་བཟུང་བྱས་འདུག “狼来了,羊少了”

128412129.jpg

          ཁུངས་ཐུབ་པའི་གནས་ཚུལ་ལྟར་ན། ཟླ་བ་དྲུག་པའི་ཚེས་ཉེར་ལྔའི་མཚན་མོར། བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་པེ་ཅིང་ནས་ཟི་ལིང་གི་གནམ་གྲུའི་འབབ་ཚུགས་སུ་འབྱོར་བ་དང་།  འབབ་ཚིགས་ནས་ཁ་འབྲལ་སྐབས་ཅ་ལག་ཞིག་འབབ་ཚིགས་ཀྱི་ཅ་ལག་འཇོག་སར་ལུས་ཟིན་པ་དྲན་ནས་ཕྱིར་ལེན་དུ་འགྲོ་དུས། འབབ་ཚིགས་ཀྱི་བདེ་སྲུང་པས་བཙན་གྱིས་ལག་སྒྲོག་བརྒྱབ་ཅིང་ཟི་ལིང་གི་འདྲི་གཅོད་ཁང་ག་གེ་མོར་ཁྲིད་ལ།  མཚན་བརྒྱབ་ཏེ་བཙན་གྱིས་འདྲི་གཅོད་བྱས་ཤིང་། ཚེས་ཉེར་དྲུག་གི་ཞོགས་པར་གནམ་གྲུ་ཐང་གི་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཟི་ལིང་ཉེ་འཁོར་གྱི་བཀག་ཉར་ཁང་ག་གེ་མོར་བཀག་ཉར་བྱས།  ཚེས་ཉེར་བདུན་ཉིན་བཀག་ཉར་གྱི་སྐབས་སུ་མགོ་ཡོམ་འཁོར་བ་དང་། རོ་སྟོད་འཚང་བ། རྐང་ལག་སྦྲིད་པ་སོགས་ལུས་པོ་མི་བདེ་བའི་སྣང་ཚུལ་མང་དུ་ཐོན་པས། ཉིན་དེའི་ཕྱི་དྲོར་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས། ད་ལྟ་ནད་བཅོས་བརྟག་དཔྱད་བྱེད་སྒང་ཡིན་ལ། སྨན་ཁང་གིས་བརྟག་དཔྱད་བྱེད་སྐབས་ཁོང་གི་ལུས་སྟེང་དུ་རྨ་ཤུལ་ཚབས་ཆེན་དང་སྔོ་ཐིག་མང་དུ་འདུག་པ་ཤེས། དེ་ནི་གནམ་གྲུ་འབབ་ཚིགས་ཀྱི་བདེ་སྲུང་བ་དང་ཉེན་རྟོགས་པས་དྲག་ཤུགས་ཀྱིས་བཟོས་པ་ཡིན་པ་རྟོགས་སླ།   ང་ཚོས་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གི་འདི་ལྟ་བུའི་གདོད་མའི་རྩུབ་སྤྱོད་དང་དྲག་ལས་ཀྱི་བྱ་སྤྱོད་དག་ལ་སྐྱོན་འཛུགས་ནན་མོ་བྱས་པ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་སྤྱི་དམངས་ཀྱི་རྩ་བའི་ཁེ་ཕན་དང་བདག་དབང་ལ་བརྩི་སྲུང་བྱེད་པའི་འབོད་སྐུལ་བཏང་བ་ཡིན།

         据可靠消息,625日晚上,藏族著名导演万玛才旦从北京到达青海西宁机场,离开机场前发现将一件行李落在了取行李处,拿票回去取时被机场警察强行用手铐将双手从背后铐死,以暴力手段强制带至西宁机场派出所进行通宵审讯,于次日26日凌晨以扰乱机场公共秩序为由强制带至西宁附近某拘留所进行拘留,27日在拘留期间出现头晕、胸闷、手指发麻等多种身体不适,于当日下午送往医院救治,现在观察治疗中。在医院检查期间,发现身上有多处严重伤痕及瘀青,明显为机场警察使用暴力所致。强烈谴责相关执法部门的这种野蛮暴力行为,强烈呼吁相关执法部门尊重公民的基本权力。

 

དཔྱད་མཆན་ཡོད།