མདོ་ལྷོ་རུ་སྐབས་གསུམ་པའི་གློག་བརྙན་གཟིཊ་འབུལ་དང་བགྲོ་གླེང་ཚོགས་པ།

                                                                                                                                                                                  640.webp.jpg              


         མདོ་ལྷོའི་གློག་བརྙན་ལས་གཉེར་ཚོ་ཆུང་གིས་གཙོ་སྒྲུབ་བྱས་པའི་གློག་བརྙན་གཟིགས་འབུལ་དང་གློག་བརྙན་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་དེ་བླ་བྲང་སྐྱ་རེངས་འཚིག་ཇ་ཁང་ནས་བདེ་ལེགས་ངང་ཚོགས་ཞིང་ཚོགས་ཐོག་ཏུ་གློག་བརྙན་ཚོ་ཆུང་གི་ཚོགས་མི་དག་གཙོ་བྱས། གློག་བརྙན་སྒྱུ་རྩལ་ལ་དགའ་བའི་མི་སྣ་ཉི་ཤུ་ལྷག་ལྷན་དུ་འཛོམས་ནས་དངོས་བཤུས་གློག་བརྙན༼ཧན་ཏཱ་ཧན ༽དང་བོད་ཀྱི་འགུལ་རིས་གློག་བརྙན་སྔ་ཤོས༼རྔོན་པ་དང་ཀེང་རུས ༽གཉིས་གཟིགས་འབུལ་བྱས་ཤིང་དེར་མཐུད་བགྲོ་གླེང་སྤེལ།   


                           640.webp (1).jpg640.webp (2).jpg


དྲོ་ཆེན་པ།
       བླ་བྲང་ནས་གློག་བརྙན་ཚན་ཆུང་གིས་གཙོ་སྒྲུབ་མཛད་ནས་འདི་འདྲའི་གློག་བརྙན་གཟིགས་འབུལ་ཞིག་བྱེད་པའི་དགོས་པ་དང་།ཚན་ཆུང་གི་དམིགས་ཡུལ་དང་མ་འོངས་པའི་འཆར་གཞི་ངོ་སྤྲོད་རགས་ཙམ་གནང་།

རྡོ་བྷ།
       སྟོན་བྱའི་གློག་བརྙན་གྱི་རྒྱབ་ལྗོངས་དང་ནང་དོན་རགས་ཙམ་ངོ་སྤྲོད་བྱས།  
       དངོས་བཤུས་གློག་བརྙན༼ ཧན་ཏཱ་ཧན ༽ཞེས་པ་བསྟན་པ།    གློག་བརྙན་འདི་ནི་དུས་ཚོད་གཉིས་ཙམ་ཡོད་པའི་གྲངས་ཉུང་མི་རིགས་ཤིག་གི་དངོས་བཤུས་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིའི་ནང་དུ་གཙོ་བོ་མི་རིགས་དེའི་རྔོན་པའི་རིག་གནས་དེ་དུས་ཀྱི་འགྱུར་བ་དང་གོད་ཆག་མོད་པོ་བྱུང་བ་དང་བསྟུན་ཉམས་དམས་སུ་འགྲོ་བཞིན་པའི་སྐྱོ་སྡུག་གི་གནས་ཚུལ་ཞིབ་བརྗོད་བྱས་འདུག ཤུལ་དུ་གྲངས་ཉུང་མི་རིགས་གཞན་དག་ལ་རང་གི་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུ་འཛིན་བྱ་དགོས་པའི་གསལ་བརྡ་བསྟན་ཡོད་དོ།།
       གློག་བརྙན་བལྟས་ཚར་རྗེས། སྐུ་ཞབས་རྡོ་བྷས་གློག་བརྙན་འདིའི་འཁྲབ་ཁྲིད་པའི་ཕབ་སྐྲུན་སྐབས་ཀྱི་གནས་ཚུལ་དང་འཁྲབ་སྟོན་པ་སོགས་ངོ་སྤྲོད་གནང་བ་དང་། དེ་ནས་སོ་སོས་གློག་བརྙན་འདི་ལ་བལྟས་རྗེས་ཀྱི་མྱོང་ཚོར་བགྲོ་གླེང་བྱས།


       640.webp (5).jpg640.webp (4).jpg640.webp (6).jpg


འོད་ཐིག
        གློག་བརྙན་འདི་ནི་ཡིད་སེམས་ཚལ་བར་བཤགས་པའི་གློག་བརྙན་ཅུང་མི་འདྲ་བ་ཞིག་ཡིན་པ་མ་ཟད། དོན་དངོས་དང་རྒྱང་མ་བཀྱེད་པ། ཟོག་བཅོས་ཀྱི་སླད་མ་འདྲེས་པ། འཁྲབ་སྟོན་གྱི་སྒྱུ་རྩལ་འབུར་དུ་ཐོན་པའི་གློག་བརྙན་ཡག་པོ་ཞིག་རེད།
གངས་མུ་ཏིག
        གློག་བརྙན་འདི་མི་སྣ་གཙོ་བོ་དེ་གློག་བརྙན་ཧྲིལ་བོའི་ནང་ཆང་གིས་བཟི་ནས་བསྡད་ཡོད་པ་དང་།  ཆང་འཐུང་བ་དེས་ཁོ་རང་སྐྱོ་གདུང་ཚད་མེད་སྐྱེས་པ་མཚོན་ཐུབ།  ཡང་གཅིག་བཤད་ན།  ཆང་འཐུང་བ་ནི་སྡུག་བསྔལ་འཐུང་བ་ཡིན་ལ།  སྡུག་བསྔལ་དེ་ནི་རིག་གནས་ཤིག་ཉམས་པའི་སྡུག་བསྔལ་ལོ།།

མེ་རྡེའུ།
        གོང་གི་བསྟན་ཟིན་པའི་གློག་བརྙན་དང་འབྲེལ་དངོས་བཤུས་གློག་བརྙན་སྤྱིའི་ཁྱད་ཆོས་ཀྱི་ཕྱོགས་ནས་ཁ་བརྡ་གློད་པ།              

དྲོ་ཆེན་པ།
        གློག་བརྙན་འདིའི་ནང་གི་ཕོ་མོའི་བརྩེ་དུང་གི་བར་བཅུག་དེ་སློབ་དཔོན་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉའི་ནང་གི་བརྩེ་དུང་གི་གཏམ་རྒྱུད་དང་ཅུང་ཆ་འདྲ་ས་ཡོད་པ་དང་དངོས་བཤུས་ཀྱི་བདེན་པའི་རང་བཞིན་གྱི་ཁྱད་ཆོས་ཕྱོགས་ནས་ཁ་བརྡ་བྱས།                          

རྡོ་བྷ།
        གློག་བརྙན་ལ་ཐོག་མར་འཇུག་མཁན་ཞིག་ལ་མཚོན་ན་ཐོག་མར་ཀུན་སློང་ཇི་ལྟ་བུ་ཞིག་ཡོད་དགོས་པ།  རྒྱལ་ནང་འཁྲབ་ཁྲིད་པ་དང་གློག་བརྙན་ལས་རིགས་གཉེར་མཁན་བཟང་གྲས་འགའ་ངོ་སྤྲོད་གནང་།  གློག་བརྙན་ནི་སྣ་འཛོམས་རིག་གནས་ཤིག་མིན་པར་རང་རྐྱ་ཐུབ་པ་ཞིག་ཡིན་སྐོར་བཤད། 
                                                                                                                                                        2016/4/25ཉིན་མདོ་ལྷོའི་གློག་བརྙན་ཚན་ཆུང་ནས། 


 

དཔྱད་མཆན་ཡོད།