མདང་ནུབ་སྐབས་༡༩པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དབུ་འཛུགས་མཛད་སྒོ་སྤེལ་ཡོད་འདུག

u=2399300073,2276807477&fm=11&gp=0.jpg

            སྤྱི་ཟླ་༦པའི་ཚེས་༡༡ཉིན་གྱི་དགོང་མོར། ཧྲང་ཧའེ་ཟློས་གར་ཁང་ཆེན་མོ་རུ་སྐབས་༡༩པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཀྱི་དབུ་འཛུགས་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཞིང་། གསེར་ཕོར་གཟེངས་རྟགས(金爵奖)ཀྱི་དཔྱད་འདེམ་དང་རྒྱལ་སྤྱིའི་གློག་བརྙན་བརྩམས་ཆོས་འགྲེམ་སྟོན། གློག་བརྙན་བགྲོ་གླེང་། གློག་བརྙན་གྱི་ལས་གཞིའི་རྣམ་གྲངས་ཁྱབ་སྤེལ་སོགས་ཀྱི་བྱ་འགུལ་སྣ་ཚོགསརིམ་པ་བཞིན་སྤེལ་ཡོད་པ་རེད། 

 cbab0621c91aaf91601ad62d061e9f0a.jpg

ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམ་པ་དག་ས་གདན་དམར་པོའི་ཐོག་བསྐྱོད་ཀྱིན་པ།

          གསེར་ཕོར་གཟེངས་རྟགས(金爵奖)ནི་རྒྱལ་ཁབ་ཕྱི་ནང་གི་བརྙན་ཞེན་པ་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་སའི་གཟེངས་རྟགས་ཤིག་ཡིན་པར་མ་ཟད། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཟེངས་རྟགས་མཐོ་ཤོས་ཀྱང་ཡིན། ད་ལོར་རྒྱལ་ཁབ་དང་ས་ཁུལ་༡༡༤ནས་གློག་བརྙན་བརྩམས་ཆོས་ཁག་༢༤༠༣ཐེངས་འདིའི་འགྲན་བསྡུར་ནང་མཉམ་ཞུགས་བྱས་ཡོད་པས། དུས་ཆེན་འདི་ལོ་རྒྱུས་ཐོག་འགྲན་ཞུགས་བརྩམས་ཆོས་མང་ཤོས་ཀྱི་ཟིན་ཐོ་བསྐྲུན་ཡོད་པ་རེད།

 10feb29784360c2b94bffaa87bf5d02c.jpg

དབུ་འཛུགས་མཛད་སྒོའི་ཐོག་དཔྱད་འདེམ་པའི་ཚོགས་གཙོ་སྐུ་ཞབས་Emir Kusturicaཡིས་གཏམ་བཤད་གནང་བཞིན་པ།

           སར་ཝེ་ཡའི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། བཟོ་སྐྲུན་པ་བཅས་གཅིག་ལྕོགས་ཡིན་པ་སྐུ་ཞབས་Emir Kusturicaཡིིས་ད་རེས་ཀྱི་དཔྱད་འདེམ་པའི་ཚོགས་གཙོའི་འགན་བཞེས་ཡོད་ལ། དཔྱད་འདེམ་ཚོགས་མི་གཞན་དག་ནི་ཁེ་ན་ཌའི་འཁྲབ་ཁྲིད་པ་Atom Egoyanདང་ཧོང་ཁོང་གི་འཁྲབ་སྟོན་པ་ལིན་ཅ་ཞིན(林嘉欣)བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་པདྨ་ཚེ་བརྟན། མོར་ཐེ་ནི་ཡའི་གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པ་Abderrahmane Sissako ཨ་རིའི་རྒྱ་རིགས་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་མཁན་ཡན་ཀེ་ལིན་(严歌苓)བཅས་ཡིན་ལ། ཁོང་ཚོའི་ཁྲོད་ཀྱི་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་པ་ཞིག་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་དཔྱད་འདེམ་པར་གྱུར་པ་ཐོག་མ་དེ་ཡིན་འདུག

དཔྱད་མཆན་ཡོད།