བོད་འབྲེལ་གློག་བརྙན་༼རྒྱུད་སྐུད་སྟེང་གི་རྣམ་ཤེས༽ཞེས་པ་ཧྲང་ཧའེ་གློག་བརྙན་དུས་ཆེན་དུ་འགྲེམ་སྟོན་བྱས།

234929.26850744_620X620.jpg

  ༼རྒྱུད་སྐུད་སྟེང་གི་རྣམ་ཤེས༽ཀྱི་བསྒྲགས་ཤོག

 webwxgetmsgimg.jpg

  འཁྲབ་ཁྲིད་པ་ཀྲང་ཡཱང་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བཞིན་པ། 

        དུས་སྐལ་དྲ་བའི་ནང་གནས་ཚུལ་བཀོད་དོན་ལྟར་ན། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགོ་བརྩམས་ནས་ཉིན་ལྔ་བར་སླེབས་པའི་སྐབས་འདིར། གློག་བརྙན་གསར་འགྱུར་གྱི་ཚ་རླབས་རིམ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་ལ། དུས་ཆེན་གྱི་ལྷག་མའི་ཉིན་འདི་དག་ལ་མི་རྣམས་ཀྱིས་ཐེངས་འདིའི་གསེར་ཕོར་རྟགས་མའི་རྒྱ་སྐད་ཀྱི་འགྲན་ཞུགས་བརྩམས་ཆོས་དག་ལ་དོ་སྣང་བྱ་འགོ་བརྩམས་ཡོད། དེ་ཡང་ཐེངས་འདིའི་རྒྱ་སྐད་ཀྱི་འགྲན་ཞུགས་བརྩམས་ཆོས་ལ་ཚའོ་པོ་ཕེན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་༼གཤེད་མའི་ར་མདའ༽དང་། ཀྲང་ཡཱང་གི་བོད་འབྲེལ་གློག་བརྙན་༼རྒྱུད་སྐུད་སྟེང་གི་རྣམ་ཤེས༽ དེ་བཞིན་ལིའུ་ཅེ་ཡི་གློག་བརྙན་༼ཏེ་ལན༽བཅས་ཡོད་པ་རེད།

 webwxgetmsgimg (1).jpg

གཙོ་འཁྲབ་པ་སྐལ་བཟང་སྦྱིན་པ་དང་ཆོས་ཉིད་ཚེ་རིང་། བསོད་ནམས་ཉི་མ་བཅས་ཀྱི་མཉམ་པར། 

             སྤྱི་ཟླ་༦པའི་ཚེས་༡༥ཉིན། ཧྲང་ཧའེ་གློག་བརྙན་དུས་ཆེན་དུ་༼རྒྱུད་སྐུད་སྟེང་གི་རྣམ་ཤེས༽ཞེས་པའི་གློག་བརྙན་འགྲེམ་སྟོན་བྱས་འདུག གློག་བརྙན་འདི་ནི་བོད་ཀྱི་རིག་གནས་རྒྱབ་ལྗོངས་བྱས་ཏེ་བོད་རང་ནས་ཕབ་བསྐྲུན་བྱས་པ་ཞིག་ཡིན་ལ། འདིར་གནོད་ཅིང་འཚེ་བའི་ལས་ལ་རབ་ཏུ་འཇུག་པའི་མི་འཁྱམས་ཤིག་ལ་ཐོག་བརྒྱབས་ནས་བཀུམས་རྗེས་སླར་ཡང་ཤི་ལོག་བྱས་ཡོད་ཅིང་། དེ་ནས་བཟུང་ཁོང་གིས་དད་པ་རྩེ་གཅིག་གི་སྒོ་ནས་རིན་པོ་ཆེ་གཟི་དེར་བདག་གཅེས་ཡག་པོ་བྱས་ཏེ་དམིགས་འབེན་གྱི་ཡུལ་དུ་བསྐྱལ་བའི་བརྒྱུད་རིམ་བརྗོད་ཡོད། གློག་བརྙན་གྱི་རིགས་དང་རྣམ་པའི་ངོས་ནས་བལྟས་ན། འདི་ནི་རིག་རྩལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་ནུབ་རྒྱུད་གཞུང་ལམ་གློག་བརྙན་ཞིག་ཡིན་པར་མ་ཟད། གློག་བརྙན་འཁྲབ་སྟོན་པ་རྣམས་བོད་མི་ཡིན་པ་གང་ཞིག་ལ་བོད་སྐད་རང་གི་སྒང་ནས་ཁ་བརྡ་བྱས་པ་ཞིག་ཡིན་འདུག གློག་བརྙན་འདི་ནི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་ལགས་ཀྱི་བརྩམས་སྒྲུང་༼བོད། རྒྱུད་སྐུད་ལ་བརྒྱུས་པའི་རྣམ་ཤེས༽དང་༼དབུས་ལམ་དུ༽ཞེས་པ་གཉིས་བཅོས་སྒྲིག་བྱས་པ་ཞིག་ཡིན་འདུག

 (ངེད་དྲ་བའི་ནང་དོན་ཆོག་མཆན་མེད་པར་གང་བྱུང་དུ་དགོལ་མི་རུང་།)

དཔྱད་མཆན་ཡོད།