གེ་སར་རྒྱལ་པོའི་ལོ་རྒྱུས་གློག་བརྙན་དུ་ཕབ་སྐྲུན་བྱེད་འགོ་བརྩམས།

webwxgetmsgimg.jpg

     སྤྱི་ཟླ་༦ཚེས་༢༡ཉིན། ཀྲུང་གོའི་ཧྭ་ཞ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པས་འགོ་འཛིན་བྱས་ཤིང་། པེ་ཅིང་གསེར་གྱི་སྒྲོལ་མ་གློག་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་སིས་ལག་བསྟར་གནང་བའི་༼གེ་སར་རྒྱལ་པོ༽ཞེས་པའི་གློག་བརྙན་སྤྱི་ཚེས་༢༡ཉིན་ཕྱོགས་ཡོངས་ནས་ཕབ་སྐྲུན་བྱེད་འགོ་བརྩམས་ཡོད་པ་རེད། གློག་བརྙན་འདིར་མ་རྩ་དམངས་སྒོར་དུང་ཕྱུར་༥ལས་ལྷག་པ་བཏང་ཡོད་པ་དང་། གཞན་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ལྗོངས་དང་ཞིང་ཆེན་ཁག་གིས་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པས། འཛམ་གླིང་ཁྱོན་ལ་གྲགས་ཆེ་བའི་༼མཛུབ་དཀྲིས་རྒྱལ་པོ།༽(The Lord of the Rings)དང་༼ཐི་རོ་དབྱིས།༽(Troy)ལྟ་བུའི་སྒྱུ་འཕྲུལ་ལོ་རྒྱུས་སྙན་རྩོམ་གྱི་གློག་བརྙན་ཞིག་བསྐྲུན་རྒྱུའི་ཆོད་སེམས་ཡོད་པ་རེད།

 webwxgetmsgimg (1).jpg

པར་རིས་ནི་གློག་བརྙན་འདི་དང་འབྲེལ་བ་མེད།

       ༼གེ་སེར་རྒྱལ་པོའི༽སྤྱི་ཁྱབ་ཇུས་འགོད་པ་དང་འཁྲབ་གཞུང་བཅོས་སྒྲིག་པ་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་འཇམ་དཔལ་རྒྱ་མཚོ་རེད། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་དབྱེའི་རྗེས་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས༼གེ་སེར་༽གྱི་འཚོལ་སྡུད་དག་སྒྲིག་དང་རིག་གཞུང་ཞིབ་འཇུག་ཐད་ལ་དོ་ཁུར་ཆེན་པོ་གནང་བས། གྲུབ་འབྲས་མི་དམན་པ་ལོན་ཡོད། དུས་རབས་ཀྱི་དབྱེ་མཚམས་བརྒལ་བའི་རིག་གནས་ཀྱི་ལས་གཞི་འདིའི་གཞི་རྒྱ་ཆེ་ཞིང་ལས་ཡུན་རིང་། ལས་ཞུགས་མི་སྣ་མང་པ་དང་གྲུབ་འབྲས་མངོན་གསལ་དོད། ཁྱབ་ཁོངས་རྒྱ་ཆེ་ཞིང་ཤུགས་རྐྱེན་རྒྱ་ཆེ་བ་མ་ཟད་དོན་སྙིང་ཟབ་མོ་ལྡན་པས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་དང་།

      འདི་འདྲའི་དགེ་མཚན་མང་པོ་འཛོམས་པས། རིག་གཞུང་གྲུབ་འབྲས་སྒྱུ་རྩལ་བརྩམས་ཆོས་དང་རིག་གནས་ཐོན་རྫས་སུ་བསྒྱུར་བ་དང་། གློག་བརྙན་དུ་བཅོས་སྒྲིག་བྱེད་པར་རིག་གནས་ཀྱི་མཁའ་དབུགས་དང་སྤྱི་ཚོགས་རྒྱབ་ལྗོངས་ལེགས་པོ་སྐྲུན་ཡོད། ད་ལྟ་ནི་ལོ་རྒྱུས་སྙན་རྩོམ་ཆེན་མོ་༼གེ་སེར་རྒྱལ་པོ་༽གློག་བརྙན་དུ་ཕབ་སྐྲུན་མཛད་པའི་དུས་ཚོད་ལེགས་ཤོས་དེ་ཡིན་ཞེས་གསུངས་ཡོད་པ་རེད།

      པེ་ཅིང་གསེར་གྱི་སྒྲོལ་མ་གློག་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་སྤྱི་འཛིན་བདེ་གཡང་གིས། དེང་གི་སྤྱི་ཚོགས་གནས་བབ་འོག གེ་སེར་རྒྱལ་པོ་གློག་བརྙན་དུ་ཕབ་སྐྲུན་བྱས་ནས་ལྟད་མོ་བ་དུང་ཕྱུར་ལྷག་འདུས་པའི་གློག་བརྙན་བརྩམས་ཆོས་ཤིག་ཏུ་འགྱུར་ན། དེ་ནི་འཛམ་གླིང་ཡོངས་ལ་མི་རིགས་རིག་གནས་ཁྱབ་སྤེལ་བྱེད་པའི་ཐབས་མཆོག་ཞིག་ཡིན་ཞེས་ཟེར།

     ཀུང་སི་དེའི་སྤྱི་གཉེར་ཅང་ཧོང་གིས། གློག་བརྙན་ཚོང་རར་ལམ་ཁ་ཡག་པོ་ཞིག་ཡོང་ཕྱིར། རྒྱལ་ཁབ་ཕྱི་ནང་གི་འཁྲབ་སྟོན་པ་གྲགས་ཅན་གདན་འདྲེན་ཞུ་རྒྱུ་ཡིན་པ་མ་ཟད། བརྙན་ཕབ་རྗེས་ཀྱི་སྒྲིག་བཟོའི་ཐད་ཧོ་ལེ་ཝུའུ་ཡི་ལས་མི་བཀོལ་རྒྱུ་ཡིན་ཞེས་ཟེར།

     མིག་སྔར། ༼གེ་སེར་རྒྱལ་པོར་༽རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཆོག་མཆན་དང་ཕབ་སྐྲུན་ཆོག་ཡིག་ཐོབ་ཟིན་པ་དང་། ཀྲུང་གོའི་ཐང་གའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་མཐུན་རྐྱེན་འོག ད་ལྟ་ཕབ་སྐྲུན་ལས་ཀ་སྒོ་ཀུན་ནས་འགོ་བཙུགས་ཡོད་པ་རེད།

དཔྱད་མཆན་ཡོད།