«༧-༤བརྟན་གཡོའི་མིག»དངོས་ཟིན་གློག་བརྙན་འགྲེམས་སྟོན་གྱི་ཉིན་མོ།

      webwxgetmsgimg.jpg

        ༢༠༡༦ལོའི་སྤྱི་ཟླ་༧པའི་ཚེས་༤ནས་ཚེས་༦བར་དུ༼བརྟན་གཡོ་མིག༽དངོས་ཟིན་གློག་བརྙན་འགྲེགས་སྟོན་གྱི་བྱ་འགུལ་དངོས་སུ་འགོ་ཚུགས་པ་ཡིནཐེངས་འདིའི་འགྲེམས་སྟོན་དུ་ཞུགས་མཁན་ནི ༼ཡུལ་སྡེ་མིག༽དང་SEE༼རི་ཆུ༽༼གངས་རི་གནས་མཆོག༽༼ཀྲུང་གོ་འཕྲིན་ལམ་དགུ་བ༽༼མཚོ་སྔོན་བརྙན་འཕྲིན་ཁང་གི་རྒན་རྡོ་གྲགས༽༼མཛོད་དགེ་བརྙན་ལེན་ཚོ་ཆུང་༽༼རྫ་ཆུ་སྐྱེ་ཁམས་སྲུང་སྐྱོབ་ཚོགས་པ༽༼མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ལྟེ་གནས༽དང་བཅས་པའི་སྒེར་དང་ཚོགས་པ་མང་པོ་ཞིག་སླེབས་ཡོད

          བརྟན་གཡོའི་མིག་ནི་༼འབྲོག་སའི་རྩྭས༽མ་དངུལ་གྱི་མཐུན་རྐྱེན་སྐྲུན་པ་དང་མགོ་ལོག་འབྲུག་སྐྱབས་ཀྱི་ལས་གཞི་སྤྱིའི་འགན་གནང་དེ་སྤེལ་པ་ཡིནལས་གཞིའི་དམིགས་ས་ནི  ཀ༽ས་གནས་ཀྱི་གཞོན་རབས་བརྙན་ལེན་མཁན་དག་ལ་ཟབ་སྦྱོང་སྤེལ་ནསདངོས་ཟིན་གློག་བརྙན་གྱི་ཐབས་ལམ་སྤྱད་དེ་ཁོར་སྲུང་དང་རིག་གནས་ལ་འབྲེལ་བའི་གློག་བརྙན་སྒྲིག་རྒྱུབརྙན་དེ་དག་ནི་ས་གནས་དམངས་ཚོགས་ལ་འགྲེམས་སྟོན་བྱས་ནས་ཁོར་སྲུང་གི་འདུ་ཤེས་མཐོར་འདེགས་བྱེད་པཁ༽བརྙན་ཀུན་པོ་ཉར་ཚགས་བསྡུ་གསོག་བྱས་ནས་༼བརྙན་མཛོད་༽ཅིག་ལས་རྒྱུམ་འོངས་པར་བརྙན་མཛོད་ཀྱི་བརྙན་འདི་དག་བེད་སྤྱད་དེ་མི་རབས་རྗེས་མ་ལ་སློག་གསོ་དང་རིག་གནས་རྒྱུན་འཛིན་གྱི་རྒྱུ་ཆ་མཁོ་སྤྲོད་མཛད་རྒྱུ

          ཐེངས་འདིའི་འགྲེམས་སྟོན་དུ་བསྡོམས་པའི་དངོས་ཟིན་གློག་བརྙན་བརྩམས་ཆོས་བརྒྱད་ཞུགས་ཡོདབརྙན་ཀུན་པོ་ནི་༼བརྟན་གཡོའི་མིག༽ལས་གཞིའི་ཟབ་སྦྱོང་ལ་ཞུགས་མཁན་གྱི་སློབ་བུ་ཚོས་བླངས་པ་དང་༼བརྟན་གཡོའི་མིག༽གི་འགན་ལེན་པ་སོགས་ཀྱིས་སྒྲིག་སྦྱོར་གནང་པ་ཡིན

 webwxgetmsgimg (1).jpg

          བརྟན་གཡོའི་མིག་ལས་གཞིའི་འགན་ལེན་པ་མགོ་ལོ་འབྲུག་སྐྱབས་ནི་སྲུང་སྐྱོབ་ཀྱི་ལས་ལ་ཞུགས་ནས་ལོ་གང་མང་སོང་ཡོདཁོང་རང་ལ་མཚོན་ནསྲུང་སྐྱོབ་ཟེར་བ་ནི་དོན་ངོ་མ་དོ་སྣང་དང་ཐུགས་ཁུར་གནང་རྒྱུ་དེ་ཡིན་ཟེརཁོང་གིས་ཐེངས་འདིའི་བྱ་འགུལ་སྟེང་དུ་བཤད་རྒྱུར“ང་ནི་བརྙན་ལེན་རྒྱུ་ལ་སྤྲོ་བ་ཆེན་པོ་ཡོདསྔོན་མ་བོད་དང་འབྲེལ་བའི་གློག་བརྙན་གང་མང་ཞིག་ལྟོས་མྱོང་ཡིན་ཡང་སེམས་སྐྱོ་བ་ཞིག་ནིགློག་བརྙན་བརྩམས་ཆོས་མང་པོ་ཞིག་ནི་བོད་རང་གི་རིག་གནས་དང་གནས་བབས་ལ་ཆ་རྒྱུས་མེད་མཁན་གྱིས་བརྩམས་པ་ཡིན་ཏེང་ཚོར་ཡིན་གཅིག་མིན་གཅིག་རང་གི་རིག་གནས་ལ་ཆ་རྒྱུས་ཡོད་པའི་གཞོན་སྐྱེས་བརྙན་ལེན་མཁན་མང་པོ་དགོསངའི་རེ་བ་ཡང་༼བརྟན་གཡོའི་མིག༽ལས་གཞི་འདི་འདྲ་ཞིག་སྤེལ་ནས་ས་གནས་ཀྱི་གཞོན་རབས་བརྙན་ལེན་མཁན་མང་པོར་གོ་སྐབས་ཤིག་བསྐྲུན་རྒྱུཁོང་ཚོས་གོ་སྐབས་དེ་དམ་འཛིན་བྱས་ཏེ་་རང་ས་རང་ཡུལ་ལ་འཆང་པའི་དོ་སྣང་དང་ཐུགས་ཁུར་དེ་བརྙན་གྱི་ལམ་ནས་ཕྱིར་མངོན་རྒྱུ་དེ་ཡིན

webwxgetmsgimg (2).jpg

  མགོ་ལོག་འབྲུག་སྐྱབས

        རྒན་ཀླུ་ཕྱིན་ལགས་ནི་༡༩༩༧ལོ་ནས་བཟུང་དངོས་ཟིན་གློག་བརྙན་ལས་འགོ་བརྩམས་པ་ཡིནཁོང་གིས་བསམ་ན་དངོས་ཟིན་གློག་བརྙན་ནི་གཟིགས་རིས་ཕུན་སུམ་ཚོགས་པ་དང་རྒྱ་ཆེ་འཕྲིན་ལམ་དུ་འགྲེམས་སྤེལ་བྱེད་རྒྱུ་ཞིག་ནི་མིན་ཏེདངོས་ཟིན་གློག་བརྙན་ལ་སློབ་གསོ་མཁོ་སྤྲོད་ཀྱི་ནུས་པ་ཡོདའབྲོག་པ་ཚོས་དངོས་ཟིན་གློག་བརྙན་སྒྲིག་རྗེསབརྙན་དེ་དག་མ་འོངས་པར་སློག་གསོའི་རྒྱུ་ཆ་བྱས་ཆོག

 webwxgetmsgimg (3).jpg

         བརྙན་འདི་དག་ལ་ཐེངས་འདིའི་འགྲེམས་སྟོན་དུ་དཔྱད་བརྗོད་ག་འདྲ་ཐོབ་འདུག་ཟེར་ན༼ཡུལ་སྡེ་མིག༽གི་དགེ་རྒན་ཆེན་པོ་ཀླུ་ཕྱིན་ལགས་ཀྱིས་རང་གི་ལྟ་ཚུལ་བརྗོད་ཡོད“བརྙན་ལེན་མཁན་དག་ལ་མཚོན་ནབརྙན་ལེན་གྱི་གོ་རིམ་དེ་ནི་རང་ཉིད་ཀྱིས་སློབ་གསོ་མྱང་པའི་གོ་རིམ་ཡིན་ལབརྙན་ལེན་མཁན་གྱིས་དངོས་ཟིན་ནང་དོན་དེ་རྒྱུས་ལོན་དང་སློབ་སྦྱོངས་ཀྱི་གོ་རིམ་ཡང་ཡིན

         དཔེར་ན་ལོ་སྔོན་མར་གཉན་ཚོགས་ཀྱིས་གད་སྙིགས་གཙང་སེལ་གྱི་དངོས་ཟིན་གློག་བརྙན་ཞིག་ལེན་པ་དང་དུས་མཉམ་དུ་བླ་མ་༢༠ཁ་ལྷག་གདན་འདྲེན་ཞུ་ནས་གད་སྙིགས་ཀྱི་གནོད་པའི་སྐོར་གྱི་ཤེས་བྱ་ཡང་ས་གནས་དམངས་ཚོགས་ལ་ངོ་སྤྲོད་བྱསདེ་བས་དངོས་ཟིན་གློག་བརྙན་ཕབ་བསྐྲུན་ནི་སྒྱུ་རྩལ་གྱི་རྣམ་པ་རྐྱང་རྐྱང་ནི་མ་ཡིན་པར་དེ་ནི་ང་ཚོའི་དངོས་ཡོད་འཚོ་བ་དང་གཅིག་རྟེན་གཅིག་འབྲེལ་ཡིན

         ཟླ་༧པའི་ཚེས་༦ཉིནདམངས་ཚོགས་ཀྱི་འདེམས་ཤོག་འཕངས་རྗེསཐེངས་འདིའི་༼བརྟན་གཡོའི་མིག༽འགྲེམས་སྟོན་དུ་ཆེས་དགའ་བསུ་ཐོབ་པའི་བརྙན་དང་པོ་ནི་མགོ་ལོག་གཅིག་སྒྲིལ་མགོན་པོ་སྐྱབས་ཀྱི་བརྩམས་ཆོས་༼ངའི་སྦྲ་ནག༽ཡིནགཉིས་པ་ནི་མཛོད་དགེ་བརྙན་ལེན་ཚོ་ཆུང་གི་མགོན་པའི༼ཁྲུང་ཁྲུང་རྨས་མ༽ཡིནགསུམ་པ་ནི་མཛོད་དགེ་བརྙན་ལེན་ཚོ་ཆུང་གི་འཕགས་དཔའ་བཀྲ་ཤིས་ཀྱི་༼དོ་རྐོ་བ༽ཞེས་པ་དེ་ཡིནགོང་གི་བརྙན་གསུམ་པོས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཁོར་སྲུང་བརྗོད་བྱ་གཙོ་བོ་བྱས་ཡོདབརྙན་འདི་དག་གིས་བོད་ཀྱི་རིག་གནས་སུ་འོ་ཆུ་བཞིན་འདྲེས་ཡོད་པའི་སྲོལ་རྒྱུན་གྱི་ཁོར་སྲུང་གི་ལྟ་བ་དང་རིན་ཐང་གི་ལྟ་ཚུལ་གསལ་བོ་མཚོན་ཡོད

webwxgetmsgimg (4).jpg

འདེམས་ཤོག་འཕེན་པ

webwxgetmsgimg (5).jpg 

བརྙན་ལེན་མཁན། 

webwxgetmsgimg (6).jpg

༼ བརྟན་གཡོའི་མིག༽གི་གཟེངས་རྟགས

          འབྲོག་སའི་རྩྭ་ལས་མི་ངག་དབང་གིས་བཤད་རྒྱུར“འདི་ལྟ་བུའི་འགྲེམས་སྟོན་ནི་གལ་ཆེན་པོ་འདུག webwxgetmsgimg (7).jpgའདི་ནི་བོད་རང་གི་དངོས་ཟིན་གློག་བརྙན་ཕབ་བསྐྲུན་གྱི་ལོ་རྒྱུས་ལ་མཚོན་ན་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་ཟེར་ཆོག    རྗེས་མའི་༼བརྟན་གཡོའི་མིག༽གི་བརྩམས་ཆོས་ཀུན་པོ་འབྲོག་སའི་རྩྭའི་༼སྤྲིན་གྱི་ཕོ་ཉ༽ལས་གཞིས་བེད་སྤྱད་དེ་ས་གནས་དམངས་ཚོགས་ལ་འགྲེམས་སྟོན་བྱེད་རྒྱུ་ཡིནདེའི་རྒྱུ་མཚན་ནིང་ཚོའི་ལོ་ངོ་བཅུའི་རིང་གི་ཉམས་མྱོང་ལས་གློག་བརྙན་འགྲེམས་སྟོན་གྱི་རྣམ་པ་འདི་ནི་ས་གནས་དམངས་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་མཐོར་འདེགས་ཀྱི་ཐབས་ལམ་མཆོག་ཏུ་གྱུར་པ་ཡིན

         ཐེངས་འདིའི་༼བརྟན་གཡོའི་མིག༽གི་དངོས་ཟིན་གློག་བརྙན་བརྩམས་ཆོས་བརྒྱད་པོ་ངེད་༼འབྲོག་སའི་རྩྭ༽སྤྱི་སྟེགས་ཀྱིས་མི་འགྱངས་བར་སྤེལ་རྒྱུ་ཡིན།

དཔྱད་མཆན་ཡོད།