ཁྱུང་ཆེན་བརྙན་གླིང་གི་སྒོ་འབྱེད་མཛད་སྒོ་མདོ་སྨད་འབའ་ཡུལ་ནས་འཚོགས།


           ལོ་གཅིག་གི་འབད་འབུངས་ཀྱི་ལོ་ཟླ་ཕར་ཟད་དེ། སྟོན་ཟླའི་གསེར་གྱི་ཁུ་ཞག་དང་ལྷན་དུ་དུས་དེ་རིང་ཁྱུང་ཆེན་བརྙན་གླིང་གི་རིམ་པ་དང་པོའི་འཛུགས་སྐྲུན་ལས་སྒོ་ཡོངས་སུ་གྲུབ་པའི་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་མོ་མདོ་སྨད་འབའ་ཡུལ་ནས་ཕྱེས་ཤིང་། ཕྱོགས་ནས་འདུས་པའི་མགྲོན་པོ་དག་གིས་བོད་ཀྱི་ཆེས་ཐོག་མའི་གློག་བརྙན་ཕབ་སྐྲུན་དང་སྒྲིག་བཟོ། ཆེད་ལས་མི་སྣ་སྐྱེད་སྲིང་བཅས་ཅིག་ཅར་འདུས་པའི་སྤྱི་གཉེར་ཁང་འདིའི་ལས་སྒོ་ཕྱེས་པར་རྟེན་འབྲེལ་ཞུས།

1474948018130300.jpg

1474948120111095.jpg

1475073851947172.jpeg

1475073853581187.jpeg

1475073854184606.jpeg


       ཀྲུང་གོ་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་སྤྱིའི་ལས་འགན་པ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་རྟེན་འབྲེལ་གྱི་ཤིས་ཚིག་དང་བཅས་བརྙན་གླིང་འདིའི་སྒོ་དར་བཀལ་ཏེ་ཁྱུང་ཆེན་བརྙན་གླིང་དངོས་སུ་སྒོ་ཕྱེས་བར་ཁྱབ་བསྒྲགས་བྱས། དེ་བཞིན་ཕྱོགས་སོ་སོའི་འབྲེལ་ཡོད་ལས་སྡེའི་འགོ་ཁྲིད་ཁག་དང་། སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས། འཁྲབ་ཁྲིད་པ་ཆགས་མེད་རིན་པོ་ཆེ། རྒྱང་སྒྲོག་པ་གྲགས་ཅན་དབྱངས་ཅན། རྩོམ་པ་པོ་ལུང་རིན་ཆེན། སྙན་ངག་པ་དགའ་བདེ་ཚེ་རིང་སོགས་བོད་ཀྱི་རིག་གནས་སྡེའི་མི་སྣ་གྲགས་ཅན་ཁག དེ་དང་བཅས་ཨ་ཅག་ཚན་སྡེབ་དང་། བཀྲ་ཤིས་ཉི་མ། གངས་ཅན་པ་སྒྲོལ་མ་སྐྱབས། རིག་འཛིན་སྒྲོལ་མ། པདྨ་བསམ་གྲུབ། ཨ་བསམ། གཡང་ཕྱུག་འཚོ། བསམ་གྲུབ་ཚེ་རིང་སོགས་གཞས་པ་གཞས་མ་གྲགས་ཅན་རྣམས་ཡུལ་དངོས་སུ་ཕེབས་ཏེ་རྟེན་འབྲེལ་ཞུས། དེ་ལྟར་ཁྱུང་ཆེན་བརྙན་གླིང་རང་གི་དམིགས་འདུན་དང་བཅར་བའི་གོམ་པ་དང་པོ་འདི་ནས་སྤོས་ཤིང་རེ་བའི་ཁེངས་པའི་སང་ཉིན་གྱི་ཕྱོགས་སུ་བསྐྱོད་དོ། །


དཔྱད་མཆན་ཡོད།