དངོས་བཤུས་གློག་བརྙན«ཨ་མ»ལ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་བྱ་དགའ་ཐོབ།

             གཞོན་སྐྱེས་འཁྲབ་ཁྲིད་པ་འཇིགས་མེད། 


བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་འཇིགས་མེད་ཀྱིས་འཁྲབ་ཁྲིད་བྱས་པའི་དངོས་བྲིས་གློག་བརྙན་《ཨ་མ།》སྐབས་གསུམ་པའི་ཨ་རིའི་ཅིའུ་ཅིན་ཧྲན་རྒྱལ་སྤྱིའི་བརྡ་དོན་གསར་པའི་གློག་བརྙན་དུས་ཆེན་གྱི་ཕུལ་བྱུང་སློབ་མའི་བརྩམས་ཆོས་ནང་དུ་ཚུད་པ་དང་།  དངོས་བྲིས་གློག་བརྙན་《ཨ་མ།》ལས་བོད་ཁུལ་གྱི་ཨ་མ་རྒན་མོ་ཞིག་གི་ཉིན་གཅིག་གི་འཚོ་བའི་བརྒྱུད་རིམ་གཙོར་བཟུང་ཞིང་། བརྙན་མིག་ཁོར་ཡུག་གི་བཀོད་པ་ལས་མི་བྱེ་བྲག་པའི་སྟེང་དུ་བབས་ནས་བོད་ཁུལ་གྱི་ཨ་མ་རྒན་མོ་ཞིག་གི་རིག་གནས་སེམས་ཁམས་དང་འཚོ་བའི་གོམས་གཤིས། ཆོས་ལུགས་དད་མོས་བཅས་མཚོན་པ་བརྒྱུད་བག་ལ་ཞ་བའི་མི་གཤིས་ཀྱི་མཛེས་པ་སྔོག་འདོན་བྱས་ཡོད་པ་རེད།

ཅིའུ་ཅིན་ཧྲན་རྒྱལ་སྤྱིའི་བརྡ་དོན་གསར་པའི་གློག་བརྙན་དུས་ཆེན་ནི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་གློག་བརྙན་རྩ་འཛུགས་ཤིག་ཡིན་ལ།  ཐེངས་འདིའི་གློག་བརྙན་དུས་ཆེན་དུ་ཧའོ་ལེ་ཝུའུ་ཡིའི་འཁྲབ་ཁྲིད་པ་གྲགས་ཅན་will wanllaceདང་གློག་བརྙན་འཁྲབ་སྟོན་པ་particia fisheསོགས་རྒྱལ་ཁང་ཕྱི་ནང་གི་མིང་དུ་གྲགས་པའི་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་མང་པོ་ཞུགས་ཡོད་པ་རེད།། 

དཔྱད་མཆན་ཡོད།