ཞི་བདེ་ཉི་མའི་«ཚེ་གཟུངས་ལྷ་མོ»ལ་ཕུལ་བྱུང་དངོས་བཤུས་གློག་བརྙན་གྱི་བྱ་དགའ་ཐོབ།

 1481811828126986.jpeg

མིང་རྟགས་འགོད་བཞིན་པའི་ཚུལ།

ཉིས་སྟོང་བཅུ་དྲུག་ལོའི་ཀོང་ཞིའི་མི་རིགས་གློག་བརྙན་འགྲེམ་སྟོན་དུས་ཆེན་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་2016.12.14ཉིན་ནན་ཉིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས། བོད་ཀྱི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས་གསར་བ«ཚེ་གཟུངས་ལྷ་མོ»ལ།  ཐེངས་འདིའི་འགྲེམ་སྟོན་གཙོ་གྲས་ཀྱི་ཕུལ་བྱུང་དངོས་བཤུས་གློག་བརྙན་གྱི་བྱ་དགའ་ཐོབ་པ་དང་གཟེངས་རྟགས་འབུལ་བའི་མཛད་སྒོའི་སྟེང་། དཔྱད་འདེམས་ཚོགས་པའི་དཔྱད་བརྗོད་དང་གདེང་འཇོག་འདི་ལྟར་གནང་སོང་། 

«ཚེ་གཟུངས་ལྷ་མོ»ནི་ཆེས་ཡིད་དུ་འོང་བའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་ང་ཚོས་ཐོས་ཐུབ་པ་ནི་བུ་མོ་ཆུང་ཆུང་འདིའི་སེམས་སྐད་ཡིན་ལ། སེམས་སྐད་འདི་ནི་ཁོ་མོའི་ཉིན་ཐོ་ལྟ་བུ་ཞིག་ལ་གྱུར་ཡོད་པ་མ་ཟད། མོས་རང་ཉིད་ལ་ཅི་ཞིག་གསལ་འདེབས་བྱེད་བཞིན་པ་དང་མཚུངས།

གློག་བརྙན་འདིའི་གདེང་ཚོད་རན་ལ་བབ་ཆགས་པའི་ཁྱད་ཆོས་ནི་ཆེས་ཚད་ལྡན་གྱི་ཐབས་ལམ་ཞིག་ཏུ་རྩིས་ཆོག་ལ། བརྙན་ལེན་ཆུ་ཚད་ཡང་རྩེར་སོན་ཞིང་། སྒྲིག་སྦྱོར་བསམ་བཀོད་ཤིན་ཏུ་ཞིབ་པ། མདོར་ན་མཚོན་ཐབས་དང་ཁྱད་ཆོས་ཚད་ལྡན་ཡིན་པའི་གློག་བརྙན་འདིས། ང་ཚོའི་མིག་མདུན་དུ་་ཆེས་ཡིད་དབང་འགུགས་པའི་སྙན་རྩོམ་རིང་མོ་ཞིག་བཤམ་སོང་ཟེར།

«ཚེ་གཟུངས་ལྷ་མོ»ནི་ཞི་བདེ་ཉི་མས་གསར་དུ་བཟོས་པའི་དངོས་བཤུས་གློག་བརྙན་ཞིག་རེད། གློག་བརྙན་འདི་ཉིས་སྟོང་དྲུག་གི་ལོརཨ་མའི་རི་ཁའི་ཧྥོ་ཅི་ཉི་ཡ་དང་། ལྭ་ཞིན་ཏོན་སློབ་ཆེན། ཁི་ལོན་པུས་ཡ་སློབ་ཆེན་སོགས་སུ་གཟིགས་འབུལ་བྱས་ནས་འབྲེལ་ཡོད་གློག་བརྙན་ལས་རིགས་ཀྱི་ཆེད་མཁས་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡིན་པའི་སློབ་མ།དཔྱོད་ལྡན་པ་སོགས་ནས་གདེང་འཇོག་ཚད་མཐོན་པོ་གནང་ནས་གྲགས་འགུལ་ཆེན་པོ་བཟོས་མྱོང་།  

1481811663602789.jpg

བྱ་དགའ་ལེན་བཞིན་པའི་ཚུལ།

▎ཞི་བདེ་ཉི་མའི་གློག་བརྙན་གསར་པ་ཚེ་གཟུངས་ལྷ་མོ་ཞེས་པ་ཨ་རི་ནས་བསྟན། http://www.filmtbt.com/people/director/2016-09-18/589.html

དཔྱད་མཆན་ཡོད།