སྟག་ལྷ་རྒྱལ་གྱི«དབྱར་རྩྭ་དགུན་འབུ»ལ་གསེར་གྱི་རྟགས་མ་ཐོབ།

1510492379247992.jpg

ཉིན་འདི་དག་རིང་པེ་ཅིང་དུ་ཚ་ཚ་འུར་འུར་ངང་སྤེལ་གྱིན་པའི་སྐབས་གཉིས་པའི་ཀྲུང་གོའི་མི་རིགས་ལོ་རྒྱུས་དངོས་བཤུས་གློག་བརྙན་གྱི་རིག་གཞུང་འགྲེམ་སྟོན(第二届中国民族志纪录片学术展 Beijing Ethnographic Film Festival)དེ་རིང་གཞི་ནས་མཇུག་རྫོགས། ཐེངས་འདིའི་གཙོ་སྒྲུབ་སྡེ་ཁག་གིས་གློག་བརྙན་པའི་སྡེ་དང་མི་རིགས་རིག་པའི་སྡེ། མིའི་རིགས་རིག་པའི་སྡེ། དངོས་མང་བཤམས་སྟོན་པའི་སྡེ་བཅས་ནས་ཁ་ཡོད་ལག་ཡོད་ཀྱི་མི་སྣ་མང་པོ་དཔྱད་འདེམས་པར་ཞུས་ཤིང་།  ད་ལོའི་ཟླ་བཞི་ནས་བརྗོད་གཞི་དང་འབྲེལ་ཡོད་ཀྱི་དངོས་བཤུས་གློག་བརྙན་བསྡུ་མགོ་བརྩམས་པར། སྔ་ཕྱིར་གློག་བརྙན 175 འབྱོར་ཞིང་། དེ་ལས་གློག་བརྙན 40 ལེགས་འདེམས་སྒོས་ཐེངས་འདིའི་འགྲེམ་སྟོན་དུ་བསྟན།


          ཐེངས་འདིའི་འགྲེམ་སྟོན་ལ་བོད་བརྗོད་བྱ་བྱས་པའི་གློག་བརྙན་ཀྱང་མང་དག་ཅིག་ཡོད་པ་ལས། བོད་པ་རང་གིས་བཟོས་པའི་གློག་བརྙན་ཀྱང་ཁ་ཤས་འདུག དཔེར་ན། སྐལ་བཟང་ཉི་མའི«བདེ་ལྡན་ཞིང་བཟང»(凡尘净土)  དང་སྟག་ལྷ་རྒྱལ་དང་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་གཉིས་ཀྱི«དབྱར་རྩྭ་དགུན་འབུ»(冬虫夏草)  ཚེ་རིང་སྒྲོལ་མའི«ཁ་བ་དཀར་པོ»(卡瓦格博)  སོགས་ཡོད་འདུག་ཅིང་།

1510492449494736.jpeg

                                                             བྱ་དགའི་དཔང་ཡིག

1510492726681623.jpeg

                                                                    སྒྲོག་པར།

དེ་རིང་གི་མཇུག་མཐའི་དཔྱད་འདེམས་ཁྲོད། དངོས་བཤུས་གློག་བརྙན«དབྱར་རྩྭ་དགུན་འབུ»གློག་བརྙན་ཀུན་ལས་གཟེངས་ཐོན་སྒོས་གསེར་གྱི་རྟགས་མ(金收藏奖)ཐོབ་འདུག

          གློག་བརྙན་དུ། མཚོ་སྔོན་ཞོན་ཧྭ་བ་ཞིག་མགོ་ལོག་སར་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང་བའི་གནས་ཚུལ་བརྗོད་པ་བརྒྱུད་བོད་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་སོགས་ཐད་ཀྱི་རྙོག་དྲའི་འབྲེལ་བ་ཞིག་བརྗོད་འདུག

1510492530104821.jpeg

མཇུག་བསྡུ་ཁ་མར།

1510492576894329.jpeg

འགྲེམ་སྟོན་རེའུ་མིག

དཔྱད་མཆན་ཡོད།