༢༠༡༧ལོའི་གློག་བརྙན་གྱི་མཚན་མོའི་སྟེང«ཐར་ལོར »གཟེངས་རྟགས་ཐོབ་པ།

           ཟླ12པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོ། 1978གློག་བརྙན་གྲོང་བརྡལ་ཆུང་ཆུང་དང་ཀྲེ་ཅང་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི2017ལོའི་གློག་བརྙན་གྱི་མཚན་མོ་ཞེས་པ་ཀོང་ཀྲོའུ་1978གློག་བརྙན་གྲོང་བརྡལ་ཆུང་ཆུང་ཁང་ནས་གཟབ་རྒྱས་ངང་ཚོགས་ཤིང་། མཛད་སྒོའི་སྟེང་ཐེངས་གཉིས་ལ་བདམས་ཐོན་བྱུང་བའི་གློག་བརྙན«ཐར་ལོའི»འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་འཁྲབ་སྟོན་པ་ཞི་བདེ་ཉི་མ་གཉིས་སོ་སོར་ལོ་འཁོར་གཅིག་གི་ཆེད་ལས་མི་སྣས་འོས་སྦྱོར་བྱས་པའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པར་བདམས་ཐོན་བྱུང་ཞིང་བྱ་དགའི་གཏང་རག་ཕུལ།

          1978གློག་བརྙན་གྲོང་བརྡལ་ཆུང་ཆུང་ནི་གློག་བརྙན་གསར་རྩོམ་དང་གློག་བརྙན་ཕབ་སྐྲུན། གློག་བརྙན་ལ་མ་དངུལ་གཏོང་བ་སོགས་དུས་མཉམ་དུ་བསྒྲུབ་བཞིན་པའི་གློག་བརྙན་གྲོང་བརྡལ་ཆུང་ཆུང་ཞིག་ཡིན་ཞིང་། ཐེངས་འདིའི་མཛད་སྒོའི་སྟེང་གློག་བརྙན་ལས་རིགས་ཀྱི་མི་སྣ་མིང་གྲགས་ཅན་མང་པོ་གདན་གཅིག་ཏུ་འཛོམས་ཤིང་། གཙོ་སྒྲུབ་པའི་ཕྱོགས་ནས་ཀྲུང་གོའི་གློག་བརྙན་ལས་རིགས་སྔར་ལས་འཕེལ་ཆེད་ཆེད་ལས་མི་སྣས་འོས་སྦྱོར་སྡེ་ཚན་དང་སྨྱན་བྱེད་འོས་སྦྱོར་སྡེ་ཚན། གྲངས་མཛོད་ཆེན་མོའི་སྡེ་ཚན་བཅས་ཁག་གསུམ་དུ་དགར་ནས། འདས་པའི་ལོ་འཁོར་མོ་ཡུག་གཅིག་རིང་གི་སྤུས་ཀ་ལེགས་པའི་གློག་བརྙན་བརྩམས་ཆོས་གདམ་པ་བརྒྱུད་རྒྱ་ཆེའི་ལྟད་མོ་བར་རོལ་མྱོང་བྱ་རུ་འཇུག་རྒྱུ་དེ་རེད།

 20171218201759846651912941289.jpg

640.jpeg

20171218201723816381527379526.jpg

2017ལོའི་གློག་བརྙན་གྱི་མཚན་མོའི་འོས་སྦྱོར་མིང་ཐོ།

1818015562.jpg

དཔྱད་མཆན་ཡོད།