བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།


1662294695139577.jpg

         སྤྱི་ཟླ༩པའི་ཚེས༣ཉིན། གཟའ་སྤེན་པ། ༼   གློག་བརྙན་གྱི་ཟླ་བ ༽ ཞེས་པས་འཁྲབ་སྟོན་པ་གཡང་ཕྱུག་འཚོ་དང་འབྲེལ་བའི༼   སྐྱེ་དགུ་དང་མཉམ་དུ་འཚར་ལོངས་བྱུང ༽ ཞེས་པའི་བརྗོད་གཞིའི་ཐོག་ནས་ལེ་ཚན་ཞིག་བཟོས་འདུག

https://mp.weixin.qq.com/s/pQrZqMUGwZhprhrl4UERlw

1662294830757058.jpg

        སྤྱི་ཟླ༩པའི་ཚེས༣ཉིན། གཟའ་སྤེན་པ། གློག་བརྙན་འཕྲིན་ལམ་སྨྱན་བྱད་ཀྱི་གཟི་འོད་འབར་བའི་མཚན་མོའི་སྟེང་། འཁྲབ་ཁྲིད་པ་ཁྲིན་ཀོ་ཞིན་དང་ལྷ་དཔལ་རྒྱལ་གཉིས་ཀྱི་གློག་བརྙན«ལོ་ཁུངས་དང་འཇིགས་མེད ༽ ཅེས་པར་འོས་མིང་གསུམ་ཐོབ་པའི་ཆེས་མཐའ་མར་འཁྲབ་སྟོན་པ་སྤྱིན་པ་ལ་འཁྲབ་རོགས་རྩེ་གྲའི་མཚན་སྙན་ཐོབ།


1662294971110639.jpg

        སྤྱི་ཟླ༩པའི་ཚེས༢ཉིན། གཟའ་པ་སངས། ༼   གོ་ལ་སྔོན་པོ•རྒྱན་སྐུགས་འཕྲུལ་སྣང་གློག་བརྙན་འཆར་གཞིའི ༽ ཚན་འཕྲུལ་གློག་བརྙན་གསར་ཞུགས་ཀྱི་ཐོག་མའི་འོས་མིང་དུ་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དགའ་འོས་པ་ཞིག་ལ་འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད་གཅིག་ལྕོགས་ངང་འགན་འཁུར་བའི་གདུགས་དཀར་ཚེ་རིང་གི་ཚན་འཕྲུལ་གློག་བརྙན«ཨུ་རྒྱན་དང་འཕུར་གྲུ»(རྩོམ་སྒྲིག་པས་བསྒྱུར།)ཞེས་པ་མཐའ་མའི་འོས་མིང་ཁྲོད་ཚུད་འདུག

1515260150.jpg

      སྤྱི་ཟླ༨པའི་ཚེས༣༡ཉིན། གཟའ་ལྷག་པ། རབ་བརྟན་ཡག་གི་བརྙན་ཐུང་«མི་ཞིག་འཚོལ་བ»ཞེས་པའི་གློག་བརྙན་གྱིས86358ཅཱ་ཅ་ཀྲོང་བརྙན་ཐུང་དུས་ཆེན་སྐབས་དྲུག་པའི་སྟེང་གློག་བརྙན་རྩེ་གྲའི་བྱ་དགའ་བླངས་པའི་གནས་ཚུལ་ཧྲན་ཞི་དགོང་དྲོ་ཚགས་པར་སྟེང་བཀོད་འདུག

1662295199429155.jpg       

           སྤྱི་ཟླ༨པའི་ཚེས༢༩ཉིན། གཟའ་ཟླ་བ། ༼   གློག་བརྙན་གྱི་ཟླ་བ ༽ ཞེས་པས་རྩ་འཛུགས་བྱས་ཏེ་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་དང་འབྲེལ་བའི༼   ཡུལ་གྱར་དང་ལོག་ཕེབས ༽ ཞེས་པའི་བརྗོད་གཞིའི་ཐོག་ནས་ཁོའི་གཏམ་རྒྱུད་དང་གློག་བརྙན་སྐོར་གྱི་ལེ་ཚན་ཞིག་བཟོས་འདུག

https://mp.weixin.qq.com/s/MU5YfHDzAV-VMeiQYK26bA

ཡོང་ཁུངས། པྲ་དྲ།

དཔྱད་མཆན་ཡོད།