རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐོར་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་པ།

 

ཅཅཅཅ.jpg

               སྤྱི་ལོ2020ཟླ7ཚེས12ཉིན། རྒྱ་གར་མོམ་བྷེ། དེ་རིང་སྔ་དྲོ་ནས་ད་ལྟའི་བར་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་ཆེ་ཆུང་ཀུན་གྱིས་ཚ་ཚ་འུར་འུར་ངང་གླེང་བཞིན་པའི་གནས་ཚུལ་གཙོ་བོ་ཞིག་ནི། འདས་པའི་ཟླ་དྲུག་པའི་ནང་རྒྱ་གར་གློག་བརྙན་བཟོ་ལས་པ་དང་གློག་བརྙན་འཁྲབ་ཁྲིད་པ་ཁག་ཅིག་མཉམ་འཛོམས་ཀྱིས་སྤྲོ་སྐྱིད་ཅིག་བཏང་ཡོད་པ་དང་། སྤྲོ་སྐྱིད་དེའི་རྗེས་སུ་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཨཱ་མར་ཁཱན་(Aamir Khan)དང་། གློག་བརྙན་བཟོ་ལས་པ་གྲགས་ཅན་ཀ་རན་རྗོ་ཧར། (Karan Johar) གློག་བརྙན་འཁྲབ་ཁྲིད་མ་རྗན་བི་ཀ་པོར་(Janhvi Kapoor)སོགས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པར་མ་ཟད། དེ་རིང་རྒྱ་གར་ན་མིང་དུ་གྲགས་པའི་གློག་བརྙན་ཁྲབ་ཁྲིད་པ་ཨ་མེ་ཏ་བྷཱ་བྷ་ཆ་ཆན་(Amitabh Bachchan)ལ་ཡང་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་གསལ་བསྒྲགས་བྱས་འདུག དེར་མ་ཟད་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཆེས་གྲགས་ཅན་ཨ་མྭི་ཏབ་བྷ་ཆེན་དང་ཁོང་གི་བུ་ཨ་བྷི་ཤེག མནའ་མ་ཨེ་ཤི་ཝ་རི་ཡ། ཚ་མོ་ཨྭ་ར་རྡི་ཡ་བཅས་ལ་རིམ་པས་ཏོག་དབྱིབས་རིམས་ནད་ཕོག་པའི་གནས་ཚུན་ཐོན་འདུག 

微信图片_20200714193936.jpg微信图片_20200714193936.jpg微信图片_20200714193922.jpgtimg (1).jpg

དཔྱད་མཆན་ཡོད།