པྲ་དྲའི་པར་གཞི་གསར་པ(V3.2)དེ་རིང་ནས་དངོས་སུ་བཀྲམས་པ་ཡིན།

 

           ཏག་ཏག་དེ་རིང་ནས་ཡར་བརྩིས་པའི་ལོ་ངོ་དྲུག་གི་ས་ག་ཟླ་བའི་ཉི་བཟང་སྐར་བཟང་སྟེ། ཕྱི་ལོ2013ལོར་པྲ་དྲ་གསར་དུ་བཟོས་ཤིང་། དྲ་ཚུགས་འདི་ནི་ཆ་འཕྲིན་ཞབས་ཞུ་ལས་རིགས་ཆོག་འཐུས་ལག་ཁྱེར(电信与信息服务业务经营许可证)དང་། དྲ་ཐོག་རིག་གནས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་(网络文化经营许可证)སོགས་ཚད་ལྡན་གྱི་ཡིག་ཆ་ཚང་བའི་སྒོ་ནས། འཛམ་གླིང་གློག་བརྙན་གྱི་གསར་འགྱུར་དང་གནས་སྟངས་འདྲ་མིན།  པར་དང་བརྙན་གྱི་རིགས་མཉམ་སྤྱོད། དམིགས་བསལ་བོད་སྐད་གློག་བརྙན་དང་འབྲེལ་བའི་ཡི་གེ་དང་པར། བརྙན་སོགས་འགོད་ཀྱིན་པའི་ཆེད་ལས་དྲ་ཚུགས་ཤིག་ཡིན།

དྲ་ཚུགས་འདིའི་ངོ་སྤྲོད་རྒྱས་པ་ཤིག་འདི་གར་གསལ།  

filmtbt.com/abouts/other/2018-06-22/875.html

          འདིར་ཆེད་དུ་བརྗོད་པར་བྱ་བ་ནི་ལོ་ངོ་གཉིས་ལྷག་རིང་འབད་འབུངས་བྱས་མཐར། པྲ་ཚུགས་འདི་ཉིད་ཀྱི་པར་གཞི་གསར་པ་(Version 3.2)གཞི་ནས་ལེགས་གྲུབ་སྟེ། ཉིན་བཟང་སྐར་བཟང་འདིར་ཕྱིར་འགྲེམ་རྒྱུ་བྱུང་བ་དགེའོ།  །དགེའོ། །  ཐེངས་འདིའི་པར་གཞི་ནི་པྲ་དྲའི་པར་གཞི་བསྒྱུར་ཐེངས་གསུམ་པ་ཡིན་ལ། དྲ་ངོས་ཀྱི་མཛེས་ཆ་དང་ནང་དོན་གྱི་བཀོད་སྒྲིག ། བཅར་མཁན་གྱི་སྤྱོད་སྟངས། ལྟ་ཀློག་མྱུར་ཚད། ཆེད་ལས་རང་བཞིན་སོགས་ལ་དང་དོད་བླ་ལྷག་བྱས་ཐོག ། དྲ་ཚུགས་ཀྱི་བར་སྟོང་ལྡབ་བཅུ་གྲངས་ཀྱིས་ཇེ་ཆེར་བཏང་སྟེ། གང་ཐུབ་ཅི་ཐུབ་ཀྱིས་ཕྱོགས་ཡོངས་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད།  མདུན་ཤོག་གི་ཇུས་འགོད་སོགས་འགྱུར་བ་ཕྲན་བུ་དག་ལས་གཞན། ཐེངས་འདིར་དམིགས་བསལ་ཕྱོགས་གསུམ་ནས་གསར་ཉམས་ཐོན་པར་བྱས་པ་ལས།

 གསར་ཉམས་དང་པོ།

         པར་གཞི་སྔ་མའི་བོད་སྐད་གློག་བརྙན་གྱི་གྲངས་མཛོད་ལ་ཁ་གསབ་དང་ལྟ་བདེ་འཚོ་བདེའི་ཉམས་སླེབས་ཕྱིར། པར་གཞི་འདི་གར་ཐད་ཀར་PHPརྩིས་འཁོར་སྐད་ཆའི་འབྲི་རྩལ་སྤྱད་དེ། བོད་སྐད་གློག་བརྙན་དང་བོད་བརྙན་པ་དག་ལ་གྲངས་མཛོད་བཟོས་ཡོད་པ་སྟེ། གནས་སྐབས་དྲ་ཚུགས་ཀྱི་མདུན་ངོས་སུ་གློག་བརྙན་27དང་།(པྲ་ཚུགས་ཀྱི་ལྟག་རྒྱབ་ཏུ་བོད་དང་འབྲེལ་ཡོད་ཀྱི་གློག་བརྙན་100ལྷག་ལ་གྲངས་མཛོད་བཟོས་ཡོད་པ་ཡང་ག་ལེར་མདུན་ངོས་སུ་བསྒྲག་རྒྱུ།) མི་སྣ་19ལ་ཞིབ་གསལ་གྱི་ཆ་འཕྲིན་བཀོད་ཡོད་ལ། ང་ཚོས་རིམ་པར་བོད་དང་འབྲེལ་ཡོད་ཀྱི་གློག་བརྙན་(སྐད་རིགས་འདྲ་མིན་ནང་གི་བོད་དང་འབྲེལ་ཡོད་ཀྱི་གློག་བརྙན།)མང་པོར་ཞིབ་གསལ་གྱི་ཆ་འཕྲིན་བཟོ་འཆར་ཡོད།

1594889846238439.jpg


(གསལ་བཤད།  གོང་གི་གྲངས་མཛོད་ལས་བརྙན་ཐུང་མང་ཆེ་ཤོས་ཐད་ཀར་ངེད་དྲ་བའི་H5 སྟེགས་བུ་ལས་བལྟ་ཐུབ། )

  གསར་ཉམས་གཉིས་པ།
         མདུན་ཤོག་གཡོན་གྱི་གོང་ཟུར་དུ་ཡོད་པའི་མགོ་པར་འདི་ནི་ད་རེས་ང་ཚོས་བཟོས་པའི་བྱེད་ནུས་གསར་པ་གཉིས་པ་དེ་ཡིན། མགོ་པར་འདི་མནན་ཚེ། ཁྱེད་རང་སོ་སོའི་མི་སྒེར་པའི་ལྟེ་གནས་སུ་འགྲོ་ཆོག་ལ། ཐེངས་དང་པོར་ངེས་པར་ཁ་པར་ཨང་གྲངས་སྦྲེལ་བའི་སྒོ་ནས། ཐེངས་གཉིས་པ་དག་ལ་རིམ་པར་སྐད་འཕྲིན་དང་ཁེའུ་ཁེའུ། པོད་ཐུང་སོགས་བརྒྱུད་དུ་ཐད་ཀར་ཐོ་ལ་ཞུགས་ཆོག །
        འདི་ནས་ཐད་ཀར་རང་གི་ཐོ་བསྐྲུན་པ་དང་མཉམ་དུ་ཐོ་གཞན་བར་དམ་སྦྲེལ། སྒེར་འཕྲིན། ཁ་བརྡ། གྲོགས་བསྒྲིགས་པ་སོགས་གང་རུང་བྱས་ཆོག་ལ། ཁྱེད་ནས་ཐད་ཀར་གློག་བརྙན་དང་གློག་བརྙན་མི་སྣ་གང་རུང་སོ་སོའི་ཐོ་མིང་བརྒྱུད་དེ་པྲ་དྲའི་གྲངས་མཛོད་དུ་སྤྲད་ཀྱང་ཆོག ། འདི་ནས་གསལ་འདེབས་བྱ་དགོས་པ་ཞིག་ལ། སྒེར་གྱི་ཐོ་ཡོད་ཚེ། ད་བཟོད་གློག་བརྙན་དང་མི་སྣ་སོགས་ལ་དཔྱད་གཏམ་འགོད་པ་དང་སྐར་མ་རྒྱག་པ་སོགས་བྱ་ཆོག་པས། ཐོག་མར་རང་གི་ངོས་ནས་ཐོ་འགོད་རྒྱུ་གལ་ཆེ།

1594891206157711.jpg

 གསར་ཉམས་གསུམ་པ། 

        གོང་གི་གྲངས་མཛོད་དང་མི་སྒེར་ལྟེ་གནས་གཉིས་སྦྲེལ་ལེགས་པོ་ཡོང་ཆེད། འདིར་ཆེད་དུ་ཚོགས་མིས་དྲ་བ་འདིར་བཀོད་པའི་རྐང་རྗེས་ཀྱི་མང་ཉུང་ལྟར་རིམ་པ་དྲུག་(会员积分制)ཏུ་བགོས་ཤིང་། དེ་འབྲེལ་གྱི་མགོ་པར་སྙིང་རྗེ་རེ་བཟོས་ཡོད་པ་མ་ཟད། ཚོགས་མི་སོ་སོའི་ཚད་རིམ་ལྟར་རྗེས་ཕྱོགས་ངེད་ཅག་གིས་སྤེལ་བའི་བྱེད་སྒོ་སྣ་མང་ལ་ཁྱད་པར་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པར་བཟོ་རྒྱུ། འདིའི་ཐད་ནས་ང་ཚོས་ད་རུང་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་འཆར་ཡོད། དེས་ན་ཁྱེད་ཅག་ནས་ཀྱང་གློག་བརྙན་དང་མི་སྣའི་ཆ་འཕྲིན་སྤེལ་བ། དཔྱད་བརྗོད་སྤེལ་བ་སོགས་བྱས་ཏེ། ཚ་ཚ་པོ་དང་འུར་འུར་པོ་བཟོ་རོགས། ཁྱེད་ཅག་གི་རྒྱབ་སྐྱོར་ནི་ངེད་ཅག་མུ་མཐུད་མདུན་དུ་བསྐྱོད་པའི་སྒུལ་ཤུགས་གཅིག་པུ་ཡིན།

        པྲ་དྲས་གློག་བརྙན་རིག་གནས་དང་བཅས་པའི་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་ཐད་མུ་མཐུད་དུ་འབད་བརྩོན་བྱ་འཆར་ཡིན་ལ། ལོ་ངོ་དུ་མའི་རིང་མ་དག་པ་དག་པར་བྱས་ཤིང་མ་ཚང་བ་ཚང་བར་བྱས་ཏེ། ད་ཆ་པྲ་དྲ་འདི་ཉིད་ཆེད་ལས་རང་བཞིན་གྱི་གློག་བརྙན་རིག་གནས་ཀྱི་དྲ་ཚིགས་ཤིག་དང་། བོད་པའི་གློག་བརྙན་པ་རྣམས་ཀྱིས་སྒྲ་གཟུགས་རིག་གནས་སྐོར་བགྲོ་ཡུལ་གྱི་སྡིངས་ཆ་ཚ་ཤོས་ཤིག་ཏུ་འགྱུར་གྱིན་པ་ལ་ངེད་ཅག་ཀྱང་དགའ་སྤྲོས་བརྟས་ཡོད་ལ། འདི་ཡང་ཁྱེད་ལྟ་མཁན་རྣམ་པའི་རྒྱབ་སྐྱོར་དང་འབྲལ་དུ་མེད་པས་འདིར་ཆེད་དུ་ཐུགས་རྗེ་ཆེ་ཞུ་རྒྱུ།  


ང་ཚོའི་འབྲེལ་གནས་དག་གཤམ་ལྟར།

 ཡིག་སྒམ།(邮箱)   tata@filmtbt.com
ཞིན་ལང་པོད་ཐུང་།  (新浪微博)@喳喳藏语电影网
འཕྲིན་སྟེགས།  (微信公众平台)tbtfilm007
 

དཔྱད་མཆན་ཡོད།