བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

微信图片_20221011103148.jpg

         སྤྱི་ཟླ༡༠པའི་ཚེས༩ཉིན། གཟའ་ཉི་མ། TBབཅར་འདྲི་ཁང་གིས་འཁྲབ་སྟོན་པ་ཉི་མ་སྲུང་སྲུང་ལ་ཆེད་དམིགས་ཀྱིས་བཅར་འདྲི་བྱས་འདུག་ལ། ཁོ་མོས་ད་ལྟ་འཁྲབ་སྟོན་བྱས་པའི་གློག་བརྙན་བཅུ་ཕྲག་ལྷག་ཡོད།

གཟིགས་གནས།  https://mp.weixin.qq.com/s/CRMPCV5Kt46dguClIimsFQ

微信图片_20221011103155.jpg

微信图片_20221011103203.jpg

        སྤྱི་ཟླ༡༠པའི་ཚེས༨ཉིན། གཟའ་སྤེན་པ། འཁྲབ་ཁྲིད་པ་བློ་བསྟན་གྱི་བརྙན་ཐུང«རྟེན་འབྲེལ»ཞེས་པ་ཐུར་ཁེ་ཨན་ཐ་ལི་ཡ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རྒྱལ་སྤྱིའི་ཚོད་ལྟའི་སྡེ་ཚན་དུ་ཚུད་པའི་གནས་ཚུལ་འབྱོར། དུས་ཆེན་འདི༢༠༢༢ལོའི་ཟླ༡༠པའི་ཚེས༡༤ཉིན་ནས༢༠པར་དུ་འཚོག་འཆར་འདུག

微信图片_20221011103159.jpg

微信图片_20221011103143.jpg

      སྤྱི་ཟླ༡༠པའི་ཚེས༧ཉིན། གཟའ་པ་སངས།     སྐབས་གཉིས་པའི་འཛམ་གླིང་འབྲོག་པའི་བརྙན་འགྲེམ་པེ་ཅིན་ནས་དངོས་སུ་ཕྱི་དྲོ་དུས་ཚོད༣སྟེང་འཚོགས་འགོ་བརྩམས་ཤིང་། ཚོགས་འདུའི་སྟེང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་ལྟད་མོ་བ་ཉིས་བརྒྱ་ལྷག་ལ་ཉེ་བ་ཡོད་ཅིང་། ཐེངས་འདིའི་བརྙན་འགྲེམ་དུ་ཚུད་པའི་གློག་བརྙན༨༡ལྷག་འདུག དེའི་ཁྲོད་དུ། འཁྲབ་ཁྲིད་པ་བསྟན་འཛིན་ཟླ་བའི་གཏམ་རྒྱུད་གློག་བརྙན«ཟོག་གིས་ཁྲིད་པའི་བུ་མོ།»(被牛牵着的女子)(རྩོམ་སྒྲིག་པས་བསྒྱུར།)གངས་སྒྲོན་གྱི«གླིང་ག་གླིང་ག» «དབྱར་སྐྱིད་ཕྲ་མོ།» བྱང་ཆུབ་ལྷ་མོའི«ཁེར་བགྲོད།»(独行)(རྩོམ་སྒྲིག་པས་བསྒྱུར།)ཚེ་རིང་དབྱངས་ཅན་གྱི«ཝང་སྒྲ།»(耳鸣)(རྩོམ་སྒྲིག་པས་བསྒྱུར།) དགོན་པ་ཐར་གྱི«ཨ་མྱེས་ཀྱི་མེ་མདའ།» བསྟན་པ་ཚེ་རིང་གི«བློ་བཟང་དང་གཡག་རྒན།» དབྲ་ཁྱུང་ཡེ་གྲགས་ཀྱི«སྤྱང་ཀི་ཐོན་ཐལ།» བཀྲ་ཤིས་རྒྱ་མཚོ་ཡི«གཙང་པོའི་ཕ་རོལ»(河的另一边)(རྩོམ་སྒྲིག་པས་བསྒྱུར།)བཅས་ཀྱང་ཐེངས་འདིའི་གློག་བརྙན་ཁྲོད་ཚུད་ཡོད། 

微信图片_20221011103133.jpg

དཔྱད་མཆན་ཡོད།