ཡོན་ཏན་གྱི་གློག་བརྙན་གསར་པ་《ངང་སྒུག》ལེགས་འགྲུབ་བྱུང་བ།

640.jpg

        གློག་བརྙན་འདིའི་ནང་དུ་སྐྱེས་མ་ཞིག་གི་ཁྱོ་ག་བཙོན་ལ་བཅུག་ནས་ལོ་ངོ་མང་ཙམ་འགོར་བའི་ཤུལ་དུ།  ཁོ་མོས་ཉི་མ་རྟག་པར་རང་གི་སྐྱེས་པ་ཕྱིར་ལོག་པར་རེ་སྒུག་བྱས་ནས་ཡོད་པའི་གཏམ་རྒྱུད་སྟབས་བདེ་ཞིག་བརྗོད་ཡོད་ལ།  ཁོ་མོའི་དངོས་ཡོད་དང་འཁྲུལ་སྣང་བར་གྱི་དྲན་གདུང་གིས་གཟིར་བའི་ཚེ་སྲོག་ཕྲ་མོའི་འགུལ་སྐྱོད་ཀྱི་གོམ་ཁ་རེ་རེར།   ཕལ་བའི་མི་ཡིས་ཐེག་དཀའ་ཞིང་གཏོང་མི་ནུས་པའི་བརྩེ་བ་དང་།  བཟོད་བསྲན།  ཞི་འཇམ།  ཁེར་ཧྲེང་སོགས་མི་སྡུག་པའི་མཛེས་པས་ཡོངས་སུ་ཁེངས་བར་སྤྲོས་བརྗོད་བྱས་ཡོད།  

          མཐོང་སྣེ་དེ་དང་སྦྱར་ནས་ཁོ་མོའི་ཉིན་དང་མཚན་གྱི་སྐྱིད་སྡུག་གི་མིག་ཟུང་བར་དུ་ནར་སོན་བཞིན་པའི་བུ་ཆུང་གི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་རྣམ་འགྱུར་རེ་རེ་དང་དྲི་ཚིག་རེ་རེས།  ནང་སེམས་སྟོང་བར་ལྷག་པའི་ཁོ་མོའི་མགྲིན་པ་ཡང་ཡང་བསྣང་བར་བྱེད་ལ།  ཡིད་སེམས་བློང་བློང་པོར་བྱེད་པའི་ཡ་ང་བའི་ཁོ་མོའི་ངོ་གདོང་གི་སྐྱོ་ཡོས་དེ་དག་གིས་ཁྱེད་ཀྱི་ནང་སེམས་ལ་ཁ་བརྡ་ལྷོད་མོ་ཞིག་བགྱི་བར་ཡང་ངེས་ལ།   དེ་ནི་འཁྲབ་ཚིག་ཉུང་བར་བྱས་ཏེ་བརྙན་མིག་གི་འགུལ་སྐྱོད་ལ་བསྟེན་ནས་ཕལ་བའི་བུད་མེད་ཅིག་གི་ནང་སེམས་ལ་རྗེས་འདེད་བྱས་པ་ཞིག་ཡིན།

640 (1).jpg

01

        གློག་བརྙན་འདི་ནི་ཡོན་ཏན་གྱིས་ཐོག་དང་པོར་བུད་མེད་བརྗོད་བྱར་བཟུང་བའི་གཏམ་རྒྱུད་གློག་བརྙན་ཐུང་ངུ་ཞིག་ཡིན་ལ།   གློག་བརྙན་འདི་ཡི་ནང་དུ་ཕལ་བའི་བུད་མེད་ཅིག་གི་ནང་སེམས་ཀྱི་བདེན་དགེ་མཛེས་གསུམ་དང་སྦྱར་ནས་ཡུལ་དུས་ཀྱི་གོ་རིམ་ནང་བརྟན་པོར་གནས་པའི་བརྩེ་གདུང་གི་རི་མོ་ཞིག་གཟུགས་སུ་བཀོད་ཡོན་པ་ཞིག་ཡིན། 

         གློག་བརྙན《ངང་སྒུག》ནི་ལོ་ངམ་མེ་ལོང་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཕབ་སྐྲུན་དང་སྒྲིག་བཟོ་བྱས་པ་ཞིག་ཡིན་ལ།  གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་གནང་བའི་གཏམ་རྒྱུད་གློག་བརྙན་ཐུང་ངུ་བརྩམས་ཆོས་གསུམ་པར་ཆགས་ཡོད།

640.png 

འཁྲབ་ཁྲིད་པ་མཚམས་སྦྱོར།

640 (2).jpg

      འཁྲབ་ཁྲིད་པ་ཡོན་ཏན་ནི་ཕ་ཡུལ་རྔ་བ་རུ་སྐྱེས། པེ་ཅིང་སྒྱུ་རྩལ་སློབ་གླིང་གི་གློག་བརྙན་འཁྲབ་ཁྲིད་དང་འཁྲབ་གཞུང་སྡེ་ཁག་ཏུ་གློག་བརྙན་ཕྱོགས་ལ་སློབ་གཉེར་བྱས།  རྩོམ་རིགས་བརྩམས་ཆོས་ལ།  བོད་ཡུལ་བསྐོར་བའི་ཟིན་ཐོ་《རྐང་འཁོར་དང་ལྷ་ས》དང་།  འབོལ་རྩོམ་ཆེད་དེབ་《མི་རབས་དཔའ་བོ》སོགས་ཡོད།   གློག་བརྙན་བརྩམས་ཆོས་ལ《རྒྱང་རིང་》དང་《སྒོ་སམ》《ཕ་ཡུལ་གྱི་གཏམ་རྒྱུད》《ངང་སྒུག》སོགས་ཡོད་ལ།  གློག་བརྙན་བརྩསམ་ཆོས་དག་ནུབ་ཕྱོགས་ཡོ་རོབས་གླིང་སོགས་སུ་འགྲེམས་སྟོན་དང་།  རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མང་པོའི་ཁྲོད་བྱ་དགའ་ཐོབ་ཡོད། ད་ལྟ་མུ་རུ་གློག་བརྙན་གསར་རྩོམ་གྱི་ལས་ལ་བརྩོན་བཞིན་ཡོད།། 

           用旦,四川阿坝县人,青年导演,青年作家,2014年毕业于西北民族大学藏语言文学系,2017年毕业于北京演艺专修学院编导系,文学作品:2009年单车骑行到拉萨,并先后出版《单车与拉萨》、《一代精英》。担任《革命者》和《雪东精神》编辑,在很多藏文书刊发表了《一位藏人的烦恼》、《资助》为代表的近十余部文学作品,电影作品:《远方》与《黑版》《家乡的故事》《静待》等等,,,。电影作品获得国内外很多电影节的奖项。

དཔྱད་མཆན་ཡོད།