བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

微信图片_20221106195015.jpg

            སྤྱི་ཟླ༡༡པའི་ཚེས༡ཉིན། གཟའ་མིག་དམར།  ཉིན་འདིར་ཀྲུང་གོའི་གློག་བརྙན་སྐབས༣༤པའི་གསེར་བྱ་རྟགས་མའི་གཙོ་འཁྲབ་པ་རྩེ་གྲའི་འོས་མིང་དུ་ཚུད་ཡོད་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས། དགའ་འོས་པ་ཞིག་ལ། ཐེག་ལོས་འཁྲབ་ཁྲིད་བྱས་པའི་གློག་བརྙན«སྦྲ་ནག»གི་གཙོ་འཁྲབ་པ་གཡང་ཕྱུག་འཚོ་ལ་གསེར་བྱ་རྟགས་མའི་གཙོ་འཁྲབ་པ་རྩེ་གྲའི་འོས་མིང་ཐོབ།

               སྔོན་བརྡའི་བརྙན།  https://mp.weixin.qq.com/s/ks1b0V4qZdyGKzVXW7asHQ

微信图片_20221106184347.jpg

          སྤྱི་ཟླ༡༡པའི་ཚེས༤ཉིན། གཟའ་པ་སངས། ཧེ་ནན་ཕྱེད་གླིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཞི་པའིH!Actionབཟོ་བསྐྲུན་བྱེད་བཞིན་པའི་ལས་གཞི(WIP)སྡེ་ཚན་ཁྲོད་ཚུད་པའི་གློག་བརྙན་མིང་ཐོ་ཁྱབ་བསྒྲགས་བྱས། དགའ་འོས་པ་ཞིག་ལ། ཆགས་མེད་རིན་པོ་ཆེའི་གློག་བརྙན་གསར་པ«མཛུབ་དཀྲིས་ཆུང་ཆུང»ཞེས་པ་ཧེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཞི་པའིH!Actionལས་གཞི་རུ་ཚུད་ཡོད། 

微信图片_20221106201354.jpg

         སྤྱི་ཟླ༡༡པའི་ཚེས༤ཉིན། གཟའ་པ་སངས། ཉིན་འདིར༼  ན་གཞོན་གསར་པ། མདུན་ལྗོངས་གསར་པ། སི་ཁྲོན་ཞིང་ཆེན་གློག་བརྙན་ཐུང་གྲས་གསར་རྩོམ་འགྲན་བསྡུར ༽  གྱི་བསྐྱར་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས། དགའ་འོས་པ་ཞིག་ལ། ཡོན་ཏན་དང་ཨ་སྒང་ཡར་རྒྱས་ཀྱི་གློག་བརྙན«ངང་སྒུག»དང་། ཕྱག་རྡོར་སྐྱབས་དང་སྒྲོལ་མ་སྐྱབས་གཉིས་ཀྱི་གློག་བརྙན«ཆུ་ཕྲན།» (རྩོམ་སྒྲིག་པས་བསྒྱུར།)འཇིགས་ལོ་དང་སྙིང་མོ་སྐྱིད་སོགས་ཀྱི་གློག་བརྙན«ཨ་ཕ་ཕྱིར་ལོག་རྗེས་མཉམ་དུ་ཟ།»(རྩོམ་སྒྲིག་པས་བསྒྱུར།) ནོར་བུ་དགྲ་འདུལ་དང་གསང་བདག་སྐྱབས་སོགས་ཀྱི་གློག་བརྙན«འོ་མ»(རྩོམ་སྒྲིག་པས་བསྒྱུར།)སོགས་ཐེངས་འདིའི་འོས་མིང་ཁྲོད་ཚུད་འདུག ཐེངས་འདིའི་འགྲན་སྡུར་གྱི་མཐའ་མའི་རྟིང་ཐག་ཟླ11པའི་ཟླ་དཀྱིལ་དུ་གཅོད་གྲབས་འདུག

微信图片_20221106195019.jpg

           སྤྱི་ཟླ༡༡པའི་ཚེས༦ཉིན། གཟའ་སྤེན་པ། ༢༠༢༢ལོའི་གསེར་བྱ་རྟགས་མའི་གསར་རྩོམ་ཟབ་ཞུགས་ཚོགས་ཆེན་ཏེ༼  གསེར་བྱ་སྐྱ་མདའ་ལས་རིམ་ཁྲོད་ཀྱི་ལས་གཞིའི་སྡེ་ཚན ༽ ཞེས་པའི་ལས་གཞི་རྣམ་གྲངས་ཁྲོད་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས། དགའ་འོས་པ་ཞིག་ལ། འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་གློག་བརྙན«སྨོན་ལམ་གཙང་བོའི་ཕ་རོལ»ཞེས་པ་མཐའ་མའི་མིང་ཐོ་ཁྲོད་ཚུད་འདུག 

 

微信图片_20221106195025.jpg

          སྤྱི་ཟླ༡༡པའི་ཚེས༦ཉིན། གཟའ་ཉི་མ།   ༼  མདུན་མཆོང་རྟགས་མའི ༽ PAFབརྙན་རིང་སྡེ་ཚན་གྱི་གློག་བརྙན་རྩེ་གྲའི་འོས་མིང་ཁྱབ་བསྒྲགས་བྱས། དགའ་འོས་པ་ཞིག་ལ། འཁྲབ་ཁྲིད་པ་རྟ་མགྲིན་དབང་རྒྱལ་གྱི་གློག་བརྙན«བུ་མོ་དགེ་ལྷ»ཞེས་པར་གློག་བརྙན་རྩེ་གྲ་སོགས་འོས་མིང་བཞི་ཐོབ། 

微信图片_20221106201606.jpg

         སྤྱི་ཟླ༡༡པའི་ཚེས༦ཉིན། གཟའ་ཉི་མ།  ༢༠༢༢ལོའི་ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མ་སྐབས༣༥པའི་མི་རིགས་གློག་བརྙན་འགྲེམ་སྟོན་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ཀྱི་གློག་བརྙན«སྦྲ་ནག»དང་། «ལོ་ཁུངས་དང་འཇིགས་མེད»ཞེས་པ། བོད་འབྲེལ་གློག་བརྙན«བྱི་བ་བདེ་མོ»སོགས་བསྡོམས་པས་གློག་བརྙན་ལྔ་སྟོན་འཆར་འདུག

微信图片_20221106201609.jpg        

དཔྱད་མཆན་ཡོད།