༡
སྤྱི་ཟླ༩པའི་ཚེས༢༢ཉིན། གཟའ་ཕུར་བུ། འཁྲབ་ཁྲིད་པ་སྟག་ལྷ་རྒྱལ་གྱི་དངོས་བཤུས་གློག་བརྙན་ཞིག་སྟེ། གངས་འདབས་ཀྱི་ལྷ་རྗེ་ཞིག་གི་གཏམ་རྒྱུད་བརྗོད་པའི«སྨན་པ་དར་རྒྱས»ཞེས་པ་དངོས་སུ"བརྙན་གསར་པ"(新片场)ཞེས་པའི་མ་ལག་བརྒྱུད་ནས་རྒྱ་ཆེའི་བརྙན་ཞེན་པ་དག་གི་མིག་ངོར་བཤམས། བརྙན་འདི"གློག་བརྙན་གཤའ་མ"(真实电影)ཞེས་པའི་གསར་རྩོམ་ཐབས་ལམ་བེད་སྤྱད་དེ། ལོ་ངོ་གཉིས་ལྷག་རིང་བདེན་པ་བདེན་ཐུབ་ངང་སྨན་པ་དར་རྒྱས་ཀྱི་སྨན་གྱི་ལག་རྩལ་དང་སྨན་གྱི་སློབ་གྲྭའི་གནས་ཚུལ་ཞིབ་ཅིང་ཕྲ་བར་བཀོད་ཡོད།
གློག་བརྙན་གཟིགས་གནས། https://www.xinpianchang.com/a11518373?xpcApp=xpc&channel=wx&type=URL&from=share
༢
སྤྱི་ཟླ༩པའི་ཚེས༢༠ཉིན། གཟའ་མིག་དམར། བསོད་ནམས་ཉི་མས་འཁྲབ་སྟོན་གནང་བའི«ཁུ་ནུའི་ཕོ་བྲང»(昆仑神宫)ཞེས་པའི་མུ་འབྲེལ་བརྙན་འཕྲིན་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་དངོས་སུ་ཐུན་ཞིན་དྲ་བ་རུ་ཤར་གཏོང་བྱེད་འགོ་བརྩམས། ཤེས་གསལ་ལྟར་ན། འདི་ནི་གེ་སར་སྒྲུང་གི་གཏམ་རྒྱུད་ཅིག་གཞིར་བཟུང་ནས་ཕབ་བསྐྲུན་བྱས་པ་ཡིན་པར་བཤད་འདུག
གློག་བརྙན་གཟིགས་གནས། https://v.qq.com/x/cover/mzc002000pcdwox/n0044cyk1ja.html?ptag=10523
༣
སྤྱི་ཟླ༩པའི་ཚེས༡༩ཉིན། གཟའ་ཟླ་བ། གཞོན་སྐྱེས་འཁྲབ་ཁྲིད་པ་སངས་རྒྱས་ཚེ་རིང་གི་གློག་བརྙན«སྟོན་མཇུག་གི་མཇུག་ཏུ»ཞེས་པའི་གཏམ་རྒྱུད་གློག་བརྙན་དངོས་སུ་དྲ་ལམ་དུ་ཤར་གཏོང་བྱས། གློག་བརྙན་འདི་ནི་ཆེས་ཐོག་མར༢༠༡༨ལོར་ཕབ་བསྐྲུན་བྱས་ཤིང་ཁོའི་གློག་བརྙན་ཐོག་མ་རུ་ཆགས་ཡོད།གློག་བརྙན་འདི་དེ་སྔ་ཨོ་མོན་རྒྱལ་སྤྱིའི་གློག་བརྙན་སྟེང་ཚུད་མྱོང་། ༢༠༢༡ལོར་ཟི་ལིང་ནས་ཐོག་མའི་གཟིགས་འབུལ་གནང་།
གློག་བརྙན་གཟིགས་གནས། https://mp.weixin.qq.com/s/pRKxXw7RZsfcYqarq6bSyA
དཔྱད་མཆན་ཡོད།